ཨ་རི། གློ་ཆམ་གསོ་བ་ལ་དབྱར་རྩ་དགུན་འབུ་བཟང་ཟེར། བདེན་པར་སྨོན།

岭子藏文平台 岭子藏文网站 2022-12-16 08:00 Posted on 四川
Image


   དེ་རིང་གྲོགས་ཚོམ་ན་མི་མང་པོ་ཞིག་གིས་རྒྱ་ཡིག་གི་གསར་འགྱུར་ཞིག་བརྒྱུད་སྤེལ་བྱེད་ཀྱིན་འདུག གང་ཡིན་སྙམ་ནས་ནང་དུ་སོང་བས་ཨ་རིའི་སྨན་པ་རབ་འབྱམས་པ Amgad M Rabie ཟེར་བ་ཞིག་གིས་ཞིབ་འཇུག་བརྒྱུད་ནས་དབྱར་རྩ་ལ་གློ་ཆམ་གསོ་བའི་ནུས་པ་ཡོད་ཚུལ་རྟོགས་ཡོད་པའི་སྐོར་ཞིག་རེད། ཆེད་དུ་དེའི་སྐོར་གྱི་དཔྱད་རྩོམ་ཞིག་བྲིས་ཏེ་ཨ་རིའི་རྫས་འགྱུར་ཚོགས་པའི་དུས་དེབ ACS Omega ཟེར་བ་དེའི་ཐོག་ན་སྤེལ་ཡོད་འདུག དཔྱད་རྩོམ་དེའི་ཁ་བྱང་ལ Potent Inhibitory Activities of the Adenosine Analogue Cordycepin on SARS-CoV2 Replicationཞེས་ཟེར་རོ།། གཤམ་གྱི་འདི་ནི་དབྱིན་ཡིག་གི་དཔྱད་རྩོམ་ནང་དོན་གྱི་ཆ་ཤས་ཤིག་རེད།


Image


   ཞིབ་འཇུག་གི་མཇུག་འབྲས་ལྟར་ན་དབྱར་རྩྭ་ལ་ནད་དུག COVID- 19 གསོད་ཐུབ་པའི་ནུས་པ་འདུག་ཟེར། དེའི་ནང་དུ་ཉེ་ལམ་གྱི་ནད་དུག SARS-CoV-2 ཀྱང་འདུས འདི་ནི་གློ་ཆམ་ནད་དུག་གི་ནད་དུག་བྱེ་བྲག་པ་ཞིག་རེད། གཞན་ཡང་དབྱར་རྩྭ་ལ་ནད་ཇེ་ཡང་ལ་འགྲོ་བ་དང་ནད་ལྷག་མི་འདུག་པ་སོགས་ཀྱི་ནུས་པ་ཡང་ཡོད་པ་ཤེས་ཡོད་སྐད། ད་རུང་གློ་སྨན་གཉིས་དང་དབྱར་རྩྭ་གཤིབ་སྡུར་གྱིས་ནུས་པ་གང་ཆེ་བལྟས་པས་དབྱར་རྩྭའི་ནུས་པ་ཆེ་སོང་ཟེར། ཞིབ་ཕྲ་གཤམ་གྱི་པར་རིས་ལ་གསལ།

Image


   རྒྱལ་ནང་གི་ཚོང་ར་ལ་དབྱར་རྩྭ་དང་འབྲེལ་ཡོད་ཀྱི་ཐོན་རྫས་ཧ་ཅང་མང་ལ་ཕལ་ཆེར་ཞིག་ལུས་པོ་གསོ་བྱེད་ཀྱི་གསོ་སྨན་སྐོར་ཡིན་འདུག དེ་དག་གི་གསལ་བཤད་ཐོག་ཏུ་ཡང་ནད་དུག་དང་གཅོང་ནད། ངན་སྐྲན། ཁྲག་ཤེད་མཐོ་བ་སོགས་འགོག་པའི་ནུས་པ་ཡོད་ཚུལ་བྲིས་ཡོད་ཟེར། གལ་ཏེ་གསར་འགྱུར་འདི་བདེན་པ་ཡིན་པ་དང་དེའི་ཐོག་ལ་འཛམ་གླིང་གི་ས་གནས་སོ་སོའི་རྒྱལ་ཁབ་རིམ་པའི་མཐོང་ཆེན་ཐོབ་སྲིད་ན་ལོ་རྗེས་མར་ང་ཚོའི་དབྱར་རྩྭའི་རིན་གོང་ཡར་ཧ་ལས་འཕར་རྒྱུ་ཡིན་པ་གཏན་འཁེལ་རེད། གཅིག་ནས་ནད་དུག་གི་གཉེན་པོ་ང་ཚོའི་ས་ཆ་ན་ཡོད་པ་དང་གཉིས་ནས་ཐོན་ཁུངས་གྱི་ཡོང་སྒོ་ང་ཚོ་ལ་ཐོབ་ཀྱིན་ཡོད་པས་འདི་ནི་དགའ་འོས་པའི་གཏམ་བཟང་ཞིག་མ་ཡིན་ནམ།


Image
Image