ཡ་ཁི་ཨོ་ཌེ་ཡཱ་སོགས་ལ་གསེར་གྱི་ཏ་ལ་ཐོབ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 12 ཚེས 12 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཡ་ཁི་ཨོ་ཌེ་ཡཱ་སོགས་ལ་གསེར་གྱི་ཏ་ལ་ཐོབ་པ།
ཡ་ཁི་ཨོ་ཌེ་ཡཱ་སོགས་ལ་གསེར་གྱི་ཏ་ལ་ཐོབ་པ།
རྩོམ་སྒྲིག་པ།  ཆར་བ། སྤེལ་དུས། 2015/5/26ལྟ་ཀློག (2586)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡ་ཁི་ཨོ་ཌེ་ཡཱ་སོགས་ལ་གསེར་གྱི་ཏ་ལ་ཐོབ་པ།

གསར་འགོད་པ།   ཆར་བ།


སྐབས་68པའི་གྷ་ནཱ་གློག་བརྙན་བྱ་དགའི་མཛད་སྒོའི་སྟེང་དུ་ཧྥ་རན་སིའི་གློག་བརྙན་འཁྲབ་ཁྲིད་པ་ཡ་ཁི་ཨོ་ཌེ་ཡཱ་ Jacques Audiardཡི་ཡུལ་འཁྱར་བ་རྡེ་ཕན་ཞེས་པ་གློག་བརྙན་རྩེ་གྲས་སུ་བདམས་ཤིང་།   གསེར་གྱི་ཏ་ལ་རྟགས་མའི་བྱ་དགའ་གནང་།

གློག་བརྙན་དེ་ནི་མི་སྣ་གཙོ་བོ་རྡེ་ཕན་གྱི་ཉམ་ཐག་གི་ལས་དབང་བརྗོད་དོན་བྱས་ཡོད།  སི་ལེ་ལན་ཁ་ཡི་དམག་འཁྲུག་གི་གོད་ཆག་གིས་རྡེ་ཕན་གྱི་ཆུང་མ་དང་ཁྱིམ་གཞི་རྩད་ནས་བརླག་རྗེས།   ཁོ་རང་དམག་འཁྲུག་ལས་བྲོས་བྱོལ་བྱས་ཏེ་ངོ་མི་ཤེས་པའི་བུ་མོ་ཡ་ལེ་ན་དང་ཕ་མ་གཉིས་ཤི་བའི་ལོ་དགུ་ཅན་གྱི་བུ་མོ་ཆུང་ཆུང་ཡེ་ལེ་ཡཱ་གསུམ་ཁྱིམ་ཚང་གཅིག་ཏུ་རྫིས་ནས་ཡུལ་འཁྱར་གྱི་འཚོ་བ་རོལ་ཏེ་ཧྥ་རན་སའི་རྒྱལ་ས་ཕ་རི་སི་རུ་ཉེ་འགྲམ་གྱི་གྲོང་བརྡལ་ཞིག་ཏུ་གནས་བྱོལ་བྱས།   ཁོས་ཐོག་བརྩེག་ཅན་གྱི་སྡོད་ཁང་གི་དོ་དམ་པའི་ལས་ཀ་རྙེད་དེ་འཚོ་བ་འཁྱོལ་ཐབས་བྱས།  སྐབས་ཐོག་དེར་བདེ་འཇགས་མིན་པའི་ཕ་རི་སི་ནི་ཉལ་ཐ་དང་དྲག་ཤེད།  ཉེས་སྤྱོད་ཀྱིས་ཁྱབ་པས་ཁོ་ཚོ་དཀའ་ཁག་རབ་དང་རིམ་པར་འཕྲད།  རྡེ་ཕན་གྱིས་ཐབས་སྣ་ཚོགས་ལ་བརྟེན་ནས་དཀའ་ཁག་སྣ་ཚོགས་ལ་གདོང་གཏོད་པ་དང་ངོ་མི་ཤེས་པའི་མི་གསུམ་གྱིས་གྲུབ་པའི་ཁྱིམ་གཞི་དེ་རང་ཁྱིམ་ལྟར་མུ་མཐུད་དུ་བསྐྱངས།


ཐེངས་འདིའི་དཔྱད་འདེམས་པ་ཇེ་ཁུ་ཇེ་ལོན་ཧར་jake gyllenhaal གྱིས།  དུས་ཚོད་གཉིས་ཀྱི་ཡུན་ཙམ་ལས་མེད་པའི་བརྙན་རིས་ཁྲོད་དུ་ཕན་ཚུན་ལ་ཆ་རྒྱུས་མེད་པའི་མི་གསུམ་ཁྱིམ་ཚང་གཅིག་ཏུ་གྱུར་བ་ནི་ཧ་ལས་པའི་གཏམ་རྒྱུད་ཅིག་རེད།   ཁོ་ཚོ་གཞན་ཡུལ་དུ་མི་འཁྱར་ག་མེད་དུ་གྱུར་ནའང་མི་སེམས་ཀྱི་བརྩེ་བའི་ལག་རྡང་གཅིག་ཏུ་སྦྲེལ་བས་ང་ཚོར་འཚོ་བའི་ཁྲོད་ཐོག་དང་དབུས་མཐའ་མེད་པར་རེ་བ་བརྩེ་བས་ཁྱབ་ཡོད་པ་གསལ་བོར་བསྟན་ཡོད་ཅེས་བསྒྲགས།


   སྐབས་68པའི་གྷ་ནཱ་གློག་བརྙན་བྱ་དགའི་མཛད་སྒོའི་སྟེང་དུ་ཐེ་ཝན་གྱི་གློག་བརྙན་འཁྲབ་ཁྲིད་པ་ཧོ་ཞོ་ཞན་侯孝贤གྱི་ལྐོག་གསོད་པ་ནེ་ཡེན་ཉིང་ལ་འཁྲབ་ཁྲིད་པ་རྩེ་གྲས་བྱ་དགའ་ཐོབ་ཡོད།  ཧོ་ཞོ་ཞན་ལ་མཚོན་ན་གྷ་ནཱ་གློག་བརྙན་བྱ་དགའ་ནི་ཆ་མེད་ཅིག་མིན་པར་ཐེངས་འདི་ནི་ཁོང་གྷ་ནཱ་རུ་སླེབས་ཐེངས་བདུན་པ་རུ་བརྩི་བཞིན་ཡོད།   ད་ཐེངས་ཁོང་གིས་གློག་བརྙན་སྒྱུ་རྩལ་གྱི་ལམ་ལ་སྙེག་མཁན་ཞིག་ཡིན་ན་བྱ་དགའ་ཁོ་ནོར་དམིགས་པ་ནི་རང་ཉིད་ཕམ་པའི་རྒྱུ་རུ་འགྱུར་ཞེས་གསར་འགོད་པའི་དྲི་བར་ལན་བཏབ་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
32028442
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1