༄༅། །རྒྱུགས་ཤོག་བླུ་ན་ཕེབས་ཤོག བསེ་རུ།

罗追 高中藏文宝库 2022-10-14 19:14 Posted on 西藏
Image
情的点缀

​༄༅། །རྒྱུགས་ཤོག་བླུ་ན་ཕེབས་ཤོག

བསེ་རུ།


རྒྱུགས་ཤོག་བླུ་ན་ཕེབས་ཤོག །
གང་བྱུང་ཞྭ་མོ་མ་གཡོགས། །
ཁོ་བོས་རྒྱུགས་ཤོག་འཚོང་བར། །
མི་རིགས་འཚོང་ཞེས་མ་ཟེར། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
སྟེར་གྱི་རེད་དམ་མ་ཟེར། །
ཡིག་རྡོག་རེ་རེ་བྱས་ཏེ། །
མཛུབ་མོས་གཏགས་ནས་བསྒྲིགས་ཡིན། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
སྤུས་ཀ་དག་མིན་མ་འདྲི། །
སློབ་ཚན་རེ་རེའི་གཙོ་གནད། །
ཕྱོགས་སུ་བཏུས་ནས་བསྒྲིགས་ཡོད། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
wordདགོས་ཞེས་མ་ཟེར། །
གང་དེའི་རྣམ་པར་བཙོངས་ན། །
པར་དབང་བཙོངས་པ་ལོས་ཡིན། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
སྦྱིན་བདག་སྦྱིན་བདག་མ་ཟེར། །
རང་ལ་འཚོང་ཡས་མེད་ན། །
གཞན་ལ་འཕྱ་སྨོད་མ་བྱེད། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
གོང་ཚད་མཐོ་དྲགས་མ་ཟེར། །
ཧ་ལམ་རྒྱུགས་ཤོག་རེ་རེར། །
སྒོར་མོ་གཉིས་ཀྱང་བསླེབ་དཀའ། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
རྣམ་པ་གང་ཡིན་མ་འདྲི། །
ཚང་མ་PDF། །
ཡིག་རྒྱུགས་ལེན་ཆོག་རྐྱང་རེད། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
མང་ཉུང་དུ་ཡོད་མ་འདྲི། །
སློབ་ཚན་རེ་རེའི་གཙོ་གནད། །
རྒྱུགས་ཤོག་གཅིག་ཏུ་དྲིལ་ཡོད། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
ཇི་ལྟར་འཚོང་ངམ་མ་འདྲི། །
དེབ་རེའི་ནང་དོན་མ་གཏོགས། །
རེ་རེ་བྱས་ནས་མི་འཚོང་། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
གོང་ཚད་གཅོག་རོགས་མ་ཟེར། །
ཚང་མ་མཉམ་དུ་ཉོས་ན། །
གོང་ཚད་ཇེ་དམར་གཏོང་ངོ་། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
ཇི་ལྟར་ཉོ་འམ་མ་འདྲི། །
ཚུར་ལ་ཁུག་དམར་བསྐུར་ན། །
ཕར་ལ་རྒྱུགས་ཤོག་འབུལ་ལོ། །

རྒྱུགས་ཤོག་བླུ་ན་ཕེབས་ཤོག །
འབྲེལ་གཏུག་བྱེད་ས་མ་འདྲི། །
གཤམ་གྱི་རྩ་གཉིས་བརྟག་རིས། །
བཤེར་ན་འབྲེལ་བ་བྱེད་ཐུབ། །

༢༠༢༢-༡༠-༡༤

Image

​སྔ་རབས་རྗེས་གཟིགས།

༄༅། །རིམས་འགོག་ཁ་བཤད་གོ་བདེ་མ། ཁེར་དུང་།

༄༅། །ནད་དུག་འདི་ཡང་དྲིན་གྱི་བདག་པོར་སྙམ། ཁེར་དུང་།

༄༅། །ནད་དུག་དཔེར་བླངས་ཀྱི་ལེགས་བཤད་ལྟར་སྣང་མ། ཁེར་དུང་།

༄༅། །རྩོམ་འབྲིའི་ལས་ལ་དུངས་པའི་སློབ་མ་དག་ལ་ཆེད་དུ་ཕུལ། ཁེར་དུང་།

༄༅། །དགེ་རྒན་དགེ་རྒན་ཟེར་བ། ཁེར་དུང་།

༄༅། །སློབ་གཙོའི་ཁུག་དམར་གྱི་བྱིན་རླབས། ཁེར་དུང་།

༄༅། །སྒྲོམ་ཚང་ནང་དུ་ཕེབས་དགོས། ཁེར་དུང་།

༄༅། །གློ་བུར་སེམས་པ་འཁྲུགས་པའི་སྐྱོ་གླུ། ཁེར་དུང་།

༄༅། །སློབ་སྦྱོང་བྱེད་དུས་གང་ཞིག་བསྡུར་ཞེ་ན། ཁེར་དུང་།

༄༅། །གཅེས་ཕྲུག དགོངས་པ་མ་ཚོམས།

༄༅། །སྨྱུག་མིང་ལས་རང་ཉིད་གླེང་བ། བསེ་རུ།


Image

རབ་བྱེད་དང་པོ། མཁས་པ་བརྟགས་པ།

༡༽མཁས་པ་ཡོན་ཏན་མཛོད་འཛིན་པ། །

དེ་དག་ལེགས་བཤད་རིན་ཆེན་སྡུད། །

རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །

ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །

--ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།


收录于合集 #[རྩོམ་སྒྲིག་པའི་སྨྱོ་ལབ།]
 199
上一篇༄༅། །ནད་ཡམས་འདི་ཡིས་བདེ་ཐང་བརླག་ཉེན་འདུག བསེ་རུ།下一篇༄༅། །སྨྱུག་མིང་ལས་རང་ཉིད་གླེང་བ། བསེ་རུ།

Scan to Follow