འཚོལ་བཤེར།   
藏文频道
2022ལོའི་ཟླ་12ཚེས་6ཉིན།

༄༅།།མཚོ་ཁུག་འདིར་གནམ་གྲུ་ཞིག་ལ་ཟགས་སྐྱོན་ཤོར་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་06ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་4ཉིན། ཨ་རིའི་ཧྥོ་ལོ་ལི་ཏ་མངའ་སྡེའི་མི་གཉིས་བླུགས་པའི་གནམ་གྲུ་ཞིག་མོ་ཞི་ཁོ་མཚོ་ཁུག་ཏུ་ཟགས་སྐྱོན་ཤོར་བདང་། ཆུ་འཛུལ་བས་གནམ་གྲུའི་གོད་ཆག་དང་འབྲེལ་བ་ཡོད་ཤས་ཆེ་བའི་ཕུང་བོ་ཞིག་རྙེད་པ་རེད།
ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་ཀྱིས་བཤད་པ་ལྟར་ན། ཕོ་ཕེ་PA-28(Piper PA-28)སྒུལ་བྱེད་འཕྲུལ་འཁོར་རྐྱང་པའི་གནམ་གྲུ་ཞིག་ས་གནས་དེ་གའི་དུས་ཚོད་ཚེས་3ཉིན་གྱི་ཆུ་ཚོད་19:30ཙམ་ལ་ཧྥོ་ལོ་ལི་ཏ་མངའ་སྡེའི་ཝུའེ་ཉི་སི་གྲོང་ཁྱེར་གྱི་གནམ་ཐང་ནས་འཕུར་རྗེས་མོ་ཞི་ཁོ་མཚོ་ཁུག་ཏུ་ཟགས་སྐྱོན་ཤོར་ཡོད་པ་རེད།