རྒྱལ་ཁབ་17གྱིས་ནད་རྐྱེན་མི་གསལ་བའི་བྱིན་པའི་མཆིན་ཚད་སྙན་ཞུ་ཕུལ་བ

Karma 藏区医学常识平台 2022-05-06 08:44

ImageImage

བདེ་ཐང་།

  

འཛམ་གླིང་ས་གནས་ཁག་གི་སྙན་ཞུའི་ནང་གི་ནད་རྐྱེན་མི་གསལ་བའི་བྱིས་པའི་མཆིན་ཚད་ཀྱི་ནད་དཔེ་སྔར་བཞིན་མང་དུ་འགྲོ་བཞིན་ཡོད། 

Image

ཡིག་བསྒྱུར་བ།   གངས་སྨྱུག་འཛིན། 

དབྱིན་ཇིའི་འཕྲོད་བསྟེན་བདེ་འཇགས་ཅུས་(ukhsa)ཀྱིས་ཟླ་ཚེས་༢༩ཉིན་གནས་ཚུལ་སྤེལ་གསལ།  དབྱིན་ཇིས་ཟླ་4ཚེས་25ཉིན་ནས་བཟུང་རྒྱུ་རྐྱེན་གསལ་པོ་མི་ཤེས་པའི་བྱིས་པའི་མཆིན་ཚད་ཀྱི་ནད་དཔེ་༣༤གསར་དུ་ཤེས་རྟོགས་བྱུང་ནས་རིམ་རྩིས་བྱས་ན་ནད་དཔེ་༡༤༥མང་དུ་ཕྱིན་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད། དེའི་ནང་བྱིས་པ་བཅུ་ལ་མཆིན་པ་སྤོ་འཛུགས་དང་ལེན་བྱེད་བཞིན་ཡོད་པ་དང་། མིག་སྔར་ཤི་བའི་ནད་དཔེ་ཐོན་མེད་པ་རེད། 

དབྱིན་ཇིའི་འཕྲོད་བསྟེན་བདེ་འཇགས་ཅུས་ཀྱིས་ནད་དཔེ་མང་དུ་འགྲོ་བ་དེ་གཤེར་རྨེན་གྱི་ནད་དུག་རེད་པ་དང་འབྲེལ་བ་ཡོད་སྲིད་ཅིང་། མིག་སྔར་ད་དུང་རྒྱུ་རྐྱེན་གཞན་དག་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དཔེར་ན། ཁོར་ཡུག་གི་རྒྱུ་རྐྱེན་ལྟ་བུ། 

ukhsaཡིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་པར།འཕྲོད་བསྟེན་སྡེ་ཁག་གིས་བྱིས་པ་ཏོག་གསར་ནད་དུག་དུས་སྐབས་སུ་ཕྱིར་མངོན་ཉུང་འཕྲི་ལས་ཚོར་སྣང་འཕར་སླ་བ་ཕྱིན་པའི་རྐྱེན་གྱིས་ཡིན་མིན་ལ་ཞིབ་འཇུག་བྱེད་བཞིན་ཡོད་པའམ་ཡང་ན་གཤེར་རྨེན་གྱི་ནད་དུག་གི་གཞི་རྒྱུའི་ཚོགས་པར་འགྱུར་ལྡོག་བྱུང་ཡོད་མེད་ལ་ཞིབ་འཇུག་བྱེད་བཞིན་ཡོད། 

ཁོང་དང་མཉམ་དུ་ནད་དཔེ་དེ་དག་ལ་བརྟག་དཔྱད་བྱེད་མཁན་Birminghamབྱིས་པའི་སྨན་ཁང་NHSཐེབས་རྩ་ལྷན་ཚོགས་ཀྱི་བྱིས་པའི་མཆིན་ནད་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་ཁའེ་ལིས།(Deirdre kelly )ཟླ་4ཚེས་29ཉིན་གསར་འགྱུར་ནང་ནད་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་དགོས་དོན་མེད། སྤྱིའི་ཆ་ནས་བརྗོད་ན།ནད་གཞི་དེ་དག་ཧ་ཅང་མཐོང་དཀོན་པ་ཞིག་རེད།ཕྲུ་གུ་མང་ཆེ་བ་མགྱོགས་མྱུར་དྲག་སྐྱེད་ཡོང་རྒྱུ་རེད།སྔོན་འགོག་གི་བྱ་ཐབས་ཡག་ཤོས་ནི་ལག་པ་བཀྲུ་བ་དང་མི་སྒེར་གྱི་འཕྲོད་བསྟེན་ཡག་པོ་བསྒྲུབ་རྒྱུ་དེ་རེདཅེས་བཤད།

Kellyབརྟག་དཔྱད་ཚོགས་ཆུང་གིས་༡༩༢༤ལོའི་གསོ་རིག་སྙན་ཞུ་ཞིག་ལས་༡༩༡༨ལོའི་ཆམ་རིམས་ཆེན་པོ་རྗེས་ཀྱང་བྱིས་པའི་མཆིན་ཚད་མང་དུ་འགྲོ་བའི་སྣང་ཚུལ་ཐོན་ཡོད་ཅེས་བཤད་པ་རེད། 

ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་དང་བསྡུར་ན། དབྱིན་ཇིའི་ནད་དཔེ་གྲངས་འབོར་མང་པོ་ཡོད། kelly དེ་ནི་དབྱིན་ཇིར་དེ་བས་ལེགས་པའི་སྙན་ཞུའི་མ་ལག་ཡོད་པ་མ་ཟད། གཅིག་སྡུད་ཀྱི་མཆིན་པའི་སྨན་བཅོས་ལྟེ་གནས་ཀྱང་ཡོད་པས་ཡིན། དེའི་ཐོག་ནས་ནད་དཔེ་དེ་མགྱོགས་མྱུར་ཤེས་རྟོགས་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད། 

ང་ཚོས་བྱིས་པ་ཡོད་པའི་ཕ་མའི་ངོས་ནས་བརྗོད་ན་དེ་ནི་སེམས་ཁྲལ་བྱེད་དགོས་པའི་དུས་སྐབས་ཤིག་ཡིན་སྲིད། དོན་དངོས་ཐོག་ཁྱེད་ཀྱི་ཕྲུ་གུར་མཆིན་ཚད་ཕོག་སྲིད་པའི་རང་བཞིན་ཧ་ཅང་དམའ་པོ་ཡིན་མོད། འོན་ཀྱང་ང་ཚོས་ཕ་མའི་མཆིན་ཚད་ལ་དོགས་ཟོན་བྱེད་པའི་གནས་ཚུལ་དང་ལྷག་པར་དུ་མཁྲིས་སེར་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་མུ་མཐུད་བྱེད་དགོས། གལ་ཏེ་ཁྱེད་ལ་སེམས་ཁྲལ་ཡོད་ཚེ་སྨན་པ་དང་འབྲེལ་གཏུག་བྱེད་དགོས། 

དབྱིན་ཇིས་ཟླ་པའི་ཟླ་འགོར། རྒྱུ་རྐྱེན་མི་གསལ་བའི་བྱིས་པའི་མཆིན་ཚད་ཀྱི་ནད་དཔེ་མང་པོ་ཐོག་མར་སྙན་ཞུ་བྱས། དེ་རྗེས་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོ་ཞིག་གིས་གསར་དུ་ཐོན་པའི་ནད་དཔེ་སྙན་ཞུ་ཕུལ་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། མིག་སྔར་ཉུང་མཐར་ཡང་རྒྱལ་ཁབ་༡༦ལ་ནད་དཔེ་༢༠༠ལྷག་ཙམ་ཐོན་ཡོད་པ་རེད། 

གཞན་ཡང་།མཉམ་འབྲེལ་ཞོགས་པའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ཚེས་༣༠ཉིན་སིང་ཀ་ཕོར་འཕྲོད་བསྟེན་པུས་སྨྱན་སྦྱོར་གྱི་དྲི་བར་ལན་རྒྱག་སྐབས་ཟླ་༡༠ཡི་ནང་ཕྲུ་གུ་དམར་འབྱར་ལ་ནད་ཕོག་རྐྱེན་གསལ་པོ་མེད་པའི་དོས་དྲག་རང་བཞིན་གྱི་མཆིན་ཚད་ཅིག་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་ཀྱི་ཡོད། མིག་སྔར་ཁོང་དང་ཁྱིམ་མིའི་གནས་ཚུལ་ཡག་པོ་ཡོད་ཅེས་བཤད་པ་རེད། 

སིང་ཀ་ཕོར་འཕྲོད་བསྟེན་པུས་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་གྱིས་ཕྲུ་གུ་དམར་འབྱར་དེ་ལ་མཆིན་ཚད་ཀྱི་རྒྱུན་མཐོང་ནད་དུག་སྲིབས་གཤིས་ཡིན་པའི་ངོས་འཛིན་བྱས་པ་རེད། ཕྲུ་གུ་དམར་འབྱར་ལ་ན་ནིང་ཟླ་༡༢པར་གསར་དུ་འགོས་ནད་ཀྱི་ཏོག་དབྱིབས་གློ་ཚད་ཕོག་ཡོད་མོད། འོན་ཀྱང་མིག་སྔར་ཕྲུ་གུ་དམར་འབྱར་ལ་ཕོག་པའི་དོས་དྲག་རང་བཞིན་གྱི་མཆིན་ཚད་དང་ཏོག་གསར་གློ་ཚད་དབར་འབྲེལ་བ་ཡོད་པ་ར་སྤྲོད་བྱེད་ཐུབ་པའི་དཔང་རྟགས་གང་ཡང་མེད། 

དག་བཅོས་དང་ཡིག་བསྒྱུར་སོགས་ལ་ཞིབ་བལྟས་བྱེད་ཁོམ་མ་བྱུང་བས་ནོར་འཁྲུལ་ཡོད་ཚེ་ཀློག་པ་པོ་སྤྱན་སྔར་བཟོད་གསོལ་ཞུ།

ཡོངས་ཁུངས།  པེ་ཅིང་ཉིན་རེའི་ཚགས་པར། 



Image

གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

Image医学常识平台 

གངས་ཅན་ཕན་བདེའི་གསོ་དཔྱད་གཞུང་ལུགས་འདི། །

བློ་དམན་བདག་འདྲས་གཞལ་བར་མི་ནུས་ཀྱང་། །

ཟས་སྤྱོད་སྤང་བླང་རྩྭ་རྩེའི་ཟིལ་པ་ཙམ། །

གསོ་རིག་འཕྲིན་སྟེགས་འདི་ནས་འོས་སྦྱོར་བྱ། །

收录于合集 #འཚོ་བའི་རྒྱུན་ཤེས།
 36
上一篇བོད་སྨན་གྱིས་ཁྲག་ཤེད་མཐོ་བའི་ནད་ཀྱི་གནོད་འཚེ་གསོ་ཐབས།下一篇ཉིན་གུང་གཉིད་པའི་དགེ་མཚན་ཆེན་པོ་བཞི།