▶ཡུག་རེན་ལ་ཁུག་མའི་ནང་བསྡུ་ཆོག་པའི་གནམ་གྲུ་རོགས་སྐྱོར་བྱས་འདུག

དོར་ཁུར། 嘎玛江措藏文平台 2022-10-26 21:28 Posted on 四川

Image


Image


ཨུ་ཡུག་སྐོར་གྱི་ཁ་བརྡ། 9

ཉེ་ཆར། ཡུག་རེན་གྱི་གཡུལ་ས་རུ་འཛམ་གླིང་ཐོག་གི་དམག་འཐབ་གནམ་གྲུ་ཆུང་ཤོས་ཏེ་ཁུག་མའི་ནང་བསྡུ་ཆོག་པའི་མྱུལ་ཞིབ་གནམ་གྲུ་ཐོན་ཡོད་ཅིང་། དེ་ནི་ནོར་ཝེ་དང་དབྱིན་ཇིས་རོགས་སྐྱོ་བྱས་པ་ཡིན་པ་དང་། དེའི་མིང་ལ་སྦྲང་མ་ནག་པོ (Black Hornet)ཞེས་འབོད་ཀྱི་ཡོད། 

གནམ་གྲུ་དེ་ཤིན་ཏུ་ཆུང་ན་ཡང་། དེར་བྱེད་ནུས་ཆེན་པོ་ལྡན་ཡོད་པ་སྟེ།   ཤིན་ཏུ་མགྱོགས་པའི་ངང་དགྲ་ཕྱོགས་སུ་ཕྱིན་ནས་དགྲ་བོའི་གནས་ཚུལ་བརྙན་ལེན་པ་དང་། དགྲ་བོ་གང་ཡོད་ཀྱི་གནས་གཏན་འཁེལ་བྱེད་པ་སོགས་དགྲ་བོའི་གནས་ཚུལ་རྒྱུས་ལོན་ཡག་པོ་བྱེད་ཐུབ་པ་མ་ཟད།  དགྲ་བོའི་ཚུར་རྒོལ་ལ་གཡོལ་ཡང་ཤེས་པ་དང་།  དམག་འཁྲུག་ཁྲོད་རང་ཕྱོགས་ཀྱི་ཉེན་ཁ་མང་པོར་སྔོན་འགོག་བྱེད་ཐུབ། 

མིའི་རིགས་ཀྱི་ཚན་རྩལ་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན། མཚོན་ཆར་ཡང་དེར་བསྟུན་གྱིས་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་ཡོད་ཅིང་། གནམ་གྲུ་ཆུང་ཆུང་འདི་རིགས་བཅས་ཚུད་པའི་སྔོན་ཐོན་གྱི་གོ་མཚོན་གསར་དུ་བྱུང་བ་ཡིས་མིའི་རིགས་ཀྱི་དམག་འཁྲུག་གི་རྣམ་པ་ཡང་རིམ་བཞིན་འགྱུར་བཞིན་ཡོད།   




收录于合集 #དོ་ཁུར་གནང་རོགས།
 601
上一篇བོད་སྐད་གློག་བརྙན། ཆར་རླུང་།ལེའུ་ཉེར་གཅིག་ནས་སུམ་བཅུ་བར་ཡོད།下一篇༡༠-༢༦ཉིན། ཨུ་རུ་སུ་དང་ཡུག་རེན་དམག་འཁྲུག་ཛ་དྲག་སྐོར། སྒྲ།