▶བོད་མིའི་ལུས་ཕུང་ནང་གཞན་ལ་མེད་པའི་རྫས་རྒྱུ་ཁྱད་པར་བ་འདུས་པ།

藏魂文化艺术中心 2022-11-01 20:01 Posted on 青海

   

Image

རྒྱལ་ཁབ་དུ་མའི་ཚན་རིག་པས་མིའི་རྒྱུད་རྒྱུའམ་གཞི་རྒྱུར་(དབྱིན་སྐད་དུ་DNAདང་རྒྱ་ནག་སྐད་དུ་基因ཞེས་པ།)ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རང་རེའི་བོད་མིའི་རྒྱུད་རྒྱུའི་ནང་HMOX2ཞེས་པའི་རྫས་རྒྱུ་ཁྱད་པར་བ་ཞིག་འདུ་ཞིང་། རྫས་རྒྱུ་དེ་མི་རིགས་གཞན་གྱི་རྒྱུད་པར་ཆེས་ཤིན་ཏུ་དཀོན་པ་རེད། 


HMOX2ཞེས་པའི་རྫས་རྒྱུའི་འདྲ་དཔེ། 


   ཚན་རིག་པ་སྐོར་ཞིག་གི་དགོངས་ཚུལ་ལྟར་ན། བོད་མི་རྣམས་ས་བབ་མཐོ་ཞིང་དབྱང་རླུང་དཀོན་པའི་ས་ཁུལ་དུ་ངལ་མེད་ངང་འཚོ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་མིའི་ལུས་ཕུང་ནང་རྫས་རྒྱུ་དེ་འདུས་པས་ཡིན་པ་སྟེ། HMOX2ཞེས་པའི་རྫས་རྒྱུ་དེས་ཁྲག་དམར་སྤྲི་དཀར་ལ་སྙོམས་སྒྲིག་ལེགས་པོ་བྱེད་ཐུབ་ཅིང་།  མི་ས་བབ་མཐོ་སར་སླེབས་སྐབས་རྫས་རྒྱུ་དེས་རང་བཞིན་ངང་མིའི་ཁྲག་དམར་སྤྲི་དཀར་ཇེ་ཉུང་དུ་གཏོང་བ་དང་། ས་བབ་མཐོ་ས་རུ་མིའི་ཁྲག་དམར་སྤྲི་དཀར་མང་མི་རུང་བ་རེད། 

   ཚན་རིག་པས་གོང་གི་རྫས་རྒྱུ་དེ་ཤེས་པ་ལས་བློ་སྐྱེད་ཀྱང་གསར་བ་ཞིག་རྙེད་ཡོད་པ་ནི།  བོད་མི་རིགས་འདི་ས་བབ་མཐོ་ཞིང་དབྱང་རླུང་དཀོན་པའི་སར་འཕྲོད་ཐུབ་པའི་རྒྱུ་མཚན་ལ་གོང་གི་རྫས་རྒྱུ་ཕུད་པའི་རྫས་རྒྱུ་གཞན་ཡང་ཡོད་སྲིད་པའི་ཚོད་བགམ་བྱེད་བཞིན་ཡོད།     

     HMOX2ཞེས་པའི་རྫས་རྒྱུ་དེ་བོད་ཕུད།  ད་དུང་ཏིས་ནེན་སོ་ཝན་(Denisovans)ཞེས་པའི་རྒྱུད་ཆད་ཟིན་པའི་གནའ་བོའི་མི་རིགས་ཤིག་གི་རྒྱུད་རྒྱུའི་ནང་དུའང་རྫས་རྒྱུ་དེ་ཡོད་པ་ཤེས་ཡོད་ལ།  མི་རིགས་དེ་ནི་སའི་གོ་ལ་ཧྲིལ་བོ་འཁྱགས་རོམ་ཡིན་པའི་དུས་སྐབས་ཏེ་འཁྱགས་རོམ་དུས་སྐབས་(དབྱིན་སྐད་དུ་Ice Ageདང་རྒྱ་ནག་སྐད་དུ་ 冰川时代ཞེས་པ།)སུ་བྱུང་ཞིང་རྗེས་སུ་རྒྱུད་ཆད་པའི་མི་རིགས་ཤིག་ཡིན་ཞིང་། ཚན་རིག་པ་སྐོར་ཞིག་གིས་བོད་དང་མི་རིགས་དེའི་རྒྱུད་རྒྱུའི་ནང་རྫས་རྒྱུ་དེ་འདུས་པ་ཡིས་བོད་དང་མི་རིགས་དེ་གཉིས་ཀྱི་རྒྱུད་པ་གཅིག་ཡིན་མིན་སྐོར་ལ་ཐེ་ཚོམ་ཟ་བཞིན་ཡོད།  


 ཡོང་ཁུངས། བོད་སྐད་འཕྲིན་གྱི་ཕོ་ཉ།

ད་ལྟའི་དྲ་གྲོགས་མང་པོ་མཚན་མོ་མལ་ཁྲིའི་སྟེང་ཉལ་ཏེ་ཁ་པར་མ་བརྩེས་ན་ལུས་ལ་ཟ་འཕྲུག་ལངས་ནས་སྡོད་མི་ཚུགས་པ་དང་། ཁ་པར་མེད་ཚེ་སྐྲག་སྣང་དང་འཇིགས་སྣང་ཡོང་བ། ཁ་པར་བློས་མི་ཐོངས་པ། ཁ་པར་མ་བརྩེས་ན་གཉིད་མི་ཡོང་བ། ཁ་པར་བརྩེས་ཀྱིན་བརྩེས་ཀྱིན་རྣམ་རིག་ཇེ་གསལ་དང་ཞག་གང་བོར་མི་གཉིད་པ་སོགས་ཡོད། གཤམ་དུ་གཉིད་ཁར་ཁ་པར་བརྩེས་པའི་གནོད་པ་དང་དེ་སེལ་ཐབས་ངོ་སྤྲོད་བྱེད།

1

མིག་ལ་གནོད་པ། 

མཚན་མོར་གློག་གཟིམས་རྗེས་ཁ་པར་བརྩེས་ན། ཁ་པར་གྱི་འོད་ཆེ་ཞིང་གསལ་བ་ཐད་ཀར་མིག་ངོས་ལ་དྲང་འཕྲོ་བྱེད་པས་མིག་གཉིས་ཀར་གནོད་ཅིང་། ཡུན་རིང་འགོར་ཚེ་མིག་གི་དབང་རྩར་གནོད་པ་ཐེབས་ནས་མིག་ཤེས་དམའ་བའམ་ཡང་ན་མིག་ནད་སྣ་ཚོགས་འབྱུང་སྲིད།

གན་རྐྱལ་དུ་ཉལ་ནས་ཁ་པར་བརྩེས་ན། གྲུ་མོས་ཤུགས་བཏོན་དྲགས་ཏེ་དཔུང་བ་དང་ལག་ངར་གྱི་ཁྲག་འཁོར་རྒྱུག་བྱེད་མི་ཐུབ་ལ། ཡུན་རིང་པོར་འགོར་ཚེ་དཔུང་བ་དང་ལག་ངར་སྦྲིད་ནས་ཚོར་བ་ཉམས་པ་དང་ཁ་པར་ལྷུང་ནས་གདོང་ལ་བརྡབས་པའང་ཡོད།



3

སྐྱེ་དངོས་དུས་ཟིན་ལ་ཤུགས་རྐྱེན།

མཚན་མོའི་དུས་ཚོད་དགུ་ནི་དྲན་པ་ཤིན་ཏུ་གསལ་དུས་ཡིན་ཞིང་དུས་ཚོད་བཅུ་གཅིག་རྗེས་ནས་ལུས་ཁམས་ཀྱིས་རྙིང་དོར་གསར་ལེན་བྱེད་མགོ་རྩོམ། དེ་བས་མཚན་མོའི་དུས་ཚོད་དགུ་ནས་བརྩིས་ཏེ་དུས་ཚོད་བཅུ་དང་ཕྱེད་ཀ་བརྒལ་རྗེས་ད་དུང་མཚམས་མི་འཇོག་པར་ཁ་པར་བརྩེས་ཚེ་ཁྱོད་རང་བསྟུད་མར་དུས་ཚོད་བཞི་ནས་ལྔ་ལ་མི་བརྩེ་ཐབས་མེད་ཡིན། རྒྱུ་མཚན་ནི་གཉིད་ཉལ་བའི་གོ་སྐབས་ཡག་ཤོས་སྔ་མོ་ནས་ཡོལ་ཟིན་པ་རེད། 

གཞན་མཚན་མོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ནས་ཞོགས་པའི་ཆུ་ཚོད་བཞི་བའི་བར་མིའི་ལུས་ཁམས་ནས་སྤྲི་དཀར་མེ་རྫས་ཕྱིར་བཏོན་ནས་མདོག་རྒྱུ་ནག་པོ་འགོག་གིན་ཡོད་པས། སྐབས་འདིར་ལུས་སྟེང་ལ་ཁ་པར་སོགས་ཀྱི་གློག་འོད་འཕྲོས་ཏེ་དུས་ཚོད་གཅིག་ཡན་འགོར་ཚེ་སྤྲིད་དཀར་མེ་རྫས་ཕྱིར་འདོན་མཚམས་ཆད་དེ་མིའི་སྐྱེ་དངོས་དུས་ཟིན་འཁྲུགས་པས། ང་ཚོ་ཐོག་མཐའ་བར་གསུམ་དུ་གཉིད་ཁུག་རྗུན་མར་ལྷུང་ཞིང་གཉིད་སྐྱིད་པོ་ཞིག་རོལ་དཀའ། ད་དུང་གཉིད་ཁུག་རུང་གཉིད་ཡུན་རྒྱུན་ལྡན་ལས་ཐུང་བས་ལུས་ཟུངས་ཟད་དེ་རྗེས་མར་གསོ་བའང་དཀའ།




4

གནོད་པ་གཞན།

གཉིད་མི་ཡོང་བ། 

ལག་ཁྱེར་ཁ་པར་བཀོལ་ཡུན་རིང་ན་གཉིད་མི་ཡོང་བ་དང་ཐང་ཆད་སླ། ཞིབ་འཇུག་བྱས་པ་ལྟར་ན་མཚན་མོའི་དུས་སུ་གློག་འོད་དམར་པོས་མགྱོགས་མྱུར་ངང་གཉིད་ཁུག་པའི་རམ་འདེགས་བྱེད་ཐུབ་ལ། ཁ་པར་དང་གློག་རྡུལ་ཐོན་རྫས་རིགས་ཀྱིས་གློག་འོད་སྔོན་པོ་ཞིག་གཏོང་བཞིན་ཡོད་པ་དེས་མིའི་ལུས་ཕུང་གི་སྐྱེ་དངོས་དུས་ཟིན་ལ་བར་ཆད་བྱས་ཏེ་གཉིད་མི་ཁུག་པ་ཆགས་སྲིད།  (འདིར་བཤད་བཞིན་པའི་གློག་སྔོན་པོ་དང་དམར་པོ་ནི་ང་ཚོའི་མིག་གིས་མཐོང་མི་ཐུབ་པའི་འོད་ཅིག རྒྱ་སྐད་ཀྱིས་蓝光དང་红光ཟེར་བ་དེ་ཡིན།)


ཡིད་འཛིན་ལ་གནོད་པ།

མིའི་ཡིད་འཛིན་ཆེས་བཟང་བའི་དུས་ཚོད་ནི་སྔ་དྲོའི་དུས་ཚོད་བཅུ་པ་ཡས་མས་དང་མཚན་མོའི་དུས་ཚོད་དགུ་བ་ཡས་མས་ཡིན་ལ། སྐབས་འདིར་དུས་ཡུན་རིང་པོར་མུ་མཐུད་ནས་ཁ་པར་སྤྱད་ཚེ་ཁ་པར་གྱི་འགྱེད་འཕྲོའི་རླབས་ཀྱིས་མིའི་ཀླད་པར་ཤུགས་རྐྱེན་ཐེབས་ཏེམགོ་བོ་ན་འཐོམ་དང་ཀླད་སྦོས་འབྱུང་བ་ལས་གཞནསྔར་བྱུང་གི་བྱ་དོན་མང་པོ་བརྗེད་ངེས་སུ་འགྲོ་བའི་ཉེན་ཁ་ཡོད།

རིམས་འགོག་ནུས་པ་ཞན་དུ་འགྲོ་བ།

གསོ་རིག་ཞིབ་འཇུག་མི་སྣས་ལུས་པོའི་ལྗིད་ཚད་འདྲ་མཚུངས་ཡིན་པའི་བྱི་བ་32ཁག་བཞིར་བགོས་ཏེ། ཁག་གཅིག་ཁ་པར་གྱི་འགྱེད་འཕྲོ་མེད་ས་དང་། ཁག་གཞན་གསུམ་ལ་འགྱེད་འཕྲོའི་རིམ་པ་མཐོ་འབྲིང་དམའ་གསུམ་ཡོད་སར་ཉིན་21རིང་བཞག་མཐར། ཁ་པར་གྱི་འགྱེད་འཕྲོ་ཡོད་སའི་བྱི་བ་དང་བྱི་ཕྲུག་གི་རྨེན་བུའི་ཕྲ་ཕུང་དང་རིམས་འགོག་ནུས་ཤུགས་ཇེ་ཞན་དུ་སོང་ཡོད་པ་དང་། ཁ་པར་གྱི་འགྱེད་འཕྲོ་མེད་སའི་བྱི་བ་དག་རྒྱུན་ལྡན་ཡིན་པ་རེད། ཁ་པར་གྱི་འགྱེད་འཕྲོའི་དུས་ཡུན་ཇི་ལྟར་རིང་ན་མིའི་ལུས་ཕུང་ལ་གནོད་པ་དེ་ལྟར་ཆེ།(ཁ་པར་གྱི་འགྱེད་འཕྲོའི་མིའི་ལུས་ལ་གནོད་པ་ཡོད་མིན་རྩོད་པ་ཡོད།)

བུད་མེད་ཀྱི་སྐྱེ་འཕེལ་མ་ལག་དང་སྦྲུམ་མར་གནོད་པ།

བུད་མེད་ཚོས་ལག་ཁྱེར་ཁ་པར་བཀོལ་ཡུན་རིང་ན་སྐྱེ་འཕེལ་མ་ལག་ལ་གནོད་ཅིང་མངལ་ཆགས་དཀའ་བ་དང་། སྦྲུམ་མས་བྱིས་པ་ཡ་མ་གཟུགས་ཅན་དང་ཟླ་ཁ་མ་གང་བར་སྐྱེ་བའི་གནས་ཚུལ་འབྱུང་སླ།

རུས་ཚིགས་ཀྱི་ནད་སློང་བ།

དུས་ཡུན་རིང་བོར་གློག་རྡུལ་ཐོན་རྫས་བེད་སྤྱོད་བྱས་ཚེ་སྐེ་ཚིགས་དང་སྒལ་ཚིགས་ཀྱི་ནད་རིགས་སློང་བ་ལས་གཞན། རྐེད་པ་དང་རྒྱབ་ན་བ།། དཔུང་བ་དང་མཛུམ་མོ་སྐྲངས་་སོགས་འབྱུང་སླ།


སྐྱི་ལྤགས་ལ་གནོད་པ།

ཡུན་རིང་ཁ་པར་བརྩེ་བའི་མིའི་མིག་གོང་ནག་པོ་དང་ཐོད་པའི་གཉེར་རིས་ཇེ་ཟབ། ངོ་མདངས་ཤོར་བ། གདོང་ལ་བཙུར་མ་འབུད་པ་སོགས་འབྱུང་སླ།

ཡུན་རིང་གི་ལུང་ཕུང་ངལ་དུབ།

དགོང་མོར་ཉལ་འཕྱི་བའི་མིའི་རིམ་འགོག་ནུས་པ་མར་ཆགས་ནས་ལུས་པོ་ངལ་དུབ་དང་།(སྔ་དྲོ་ཡར་ལངས་དུས་ལུས་པོ་ལྕི་ཞིང་དུབ་སྣང་ཡོད་པ་དེ་ཡིན།) ཆམ་ནད། སེམས་མི་སྐྱིད་པར་སེམས་ཁྲལ། ཁོང་ཁྲོ། ཡིད་མུག་པ་སོགས་འབྱུང་སླ་ཞིང་། ཐ་ན་སེམས་ནད་འབྱུང་བའང་སྲིད།





ཡོང་ཁུངས། གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

来源;医学常识平台