རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།庆祝国际六一儿童节

Tibet唐酷萨酝藏文化传播中心 2022-05-31 21:50 Posted on 西藏

ImageImage


དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཆེད་བསྒྲིགས་ལེ་ཚན།


01

ལུས་རྩལ་འགྲན་ཚོགས་སྐབས་ཀྱི་ངར་སློང་འབོད་ཚིག

02

དྲུག་གཅིག་གི་གཙོ་སྐྱོང་བའི་ཚིག

03

 དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་ཀྱི་སྐུ་ཚབ་དགེ་སློབ་ཀྱི་གཏམ་བཤད།


04

དྲུག་གཅིག་བྱིས་པའི་དུས་ཆེན་བདེ་ཐང་ངང་རོལ་དགོས།

05

བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་དྲིལ་བརྡ།


07

བྱིས་གླུ་ཕྱོགས་བསྒྲིགས།


དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཡོངས་ཁུངས།

六一儿童节(来历)

 1925 ལོར་སུའེ་ཙེར་(Switzerland)རྒྱལ་ཁབ་ཏུ་ཚོགས་པའི་བྱིས་པའི་ཕན་བདེ་དང་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་རྒྱལ་སྤྱིའི་བྱིས་པའི་བདེ་སྐྱིད་སྐུལ་སྤེལ་ཚོགས་པས་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་བྱིས་པའི་རྗེས་དྲན་ཉིན་མོ་ཞིག་གཏན་ཁེལ་བྱ་རྒྱུའི་གྲོས་གཞི་ཐོག་མར་བཏོན་ཞིང་རྒྱལ་ཁབ་མང་པོས་འདི་ལ་རྒྱབ་སྐྱོར་ཐོབ།

Image



     1949 ལོར་མོ་སུ་ཁོ་(Moscow)རུ་ཚོགས་པའི་འཛམ་གླིང་དམངས་གཙོ་བུད་མེད་མནའ་འབྲེལ་ཚོགས་འདུའི་སྟེང་དབྱི་ཐ་ལིའི(Italy)བུད་མེད་མནའ་འབྲེལ་གྱི་ཨུ་ཡོན་ཧཱེ་ལོན•ཇེ་ཕོ་ལོ་ལགས་ཀྱིས1942 ལོའི་ཟླ 6 ཚེས10 ཉིན་འཇར་མན་དུ་དམར་གསོད་བྱས་པའི་བྱིས་པ་རྣམས་ལ (སྐབས་དེར་བྱིས་པ་88 དམར་གསོད་བཏང་།)  རྗེས་དྲན་གྱིས་ཆེད་འཛམ་གླིང་བྱིས་པའི་དུས་ཆེན་དེ་ངེས་པར་དུ་སྤྱི་ཟླ་6 ཚེས1ཉིན་སྲུང་བརྩི་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་ལྟར་གྲོས་ཚོགས་སྟེང་དེ་ལྟར་གཏན་འབེབས་བྱས།

     དེང་སྐབས་འཛམ་གླིང་སྟེང་རྒྱལ་ཁབ་མང་ཆེ་བས་འཛམ་གླིང་བྱིས་པའི་དུས་ཆེན་དེ་སྤྱི་ཟླ་6 ཚེས1 ཉིན་སྲུང་བརྩི་བྱེད་ཀྱིན་ཡོད་ལ་ཡང་རྒྱལ་ཁབ་ཁ་ཤས་ཀྱིས་སོ་སོའི་རིག་གཞུང་ལ་གཞི་བཅོལ་ཏེ་ཟླ་ཚེས་མི་འདྲ་བའི་ནང་དུས་ཆེན་འདི་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།



    འཛམ་གླིང་བྱིས་པའི་དུས་ཆེན་ནི་བྱིས་པའི་ཐོབ་ཐང་དྲན་གསོ་དང་བྱིས་པར་མནར་གཅོད་གཏོང་བའི་བྱ་སྤྱོད་སོགས་ལ་ངོ་རྒོལ་ཆེད་སྲུང་བརྩི་བྱེད་པའི་དུས་ཆེན་ཞིག་ཡིན།  




     བྱིས་པ་ཚོ། ཁྱོད་ཚོའི་དགོད་སྒྲས་མིའི་རིགས་ལ་འཛུམ་མདངས་བསྣན་ཞིང་། ཁྱོད་ཚོའི་གོམ་སྒྲས་སའི་གོ་ལར་གསོན་ཤུགས་བསྩལ་ཡོད། བྱིས་པ་ཚོ། ཨ་མའི་མིག་གི་མེ་ཏོག ཨ་ཕའི་ཡིད་ཀྱི་ཀ་བ། བྱིས་པ་ཚོ། ཕ་སྐད་ཤོད། བོད་ལྭ་གྱོན། ཁྱོད་ཚོ་ནི་ནམ་ཡང་མིའི་རིགས་ཀྱི་མ་འོངས་པ་ཡིན་ལ། དེའི་བདག་པོ་ངོ་མ་དེའང་ཡིན། བྱིས་པ་ཚོ། ལག་ཟུང་ཡར་ལ་ཁྱོགས་ལ་གོམ་སྟབས་ཤུགས་ཀྱིས་སྒྱུར་དང་། འོད་སྟོང་འབར་བའི་ཕུགས་བསམ་རིང་མོ་དེ་ནམ་ཡང་ཁྱོད་ཚོའི་ཕྱོགས་སུ་འཐེན་ཡོད་ལ། དྲུག་གཅིག་བྱིས་པའི་དུས་ཆེན་གྱིས་དུས་གཏན་དུ་ཁྱོད་ལ་སྤྲོ་སྐྱིད་ཁྱེར་ཡོང་། དགའ་ཤོག སྤྲོ་ཤོག



 国际儿童节(又称儿童节,International Children\\\'s Day)定于每年的6月1日。为了悼念1942年6月10日的利迪策惨案和全世界所有在战争中死难的儿童,反对虐杀和毒害儿童,以及保障儿童权利。

1949年11月,国际民主妇女联合会在莫斯科举行理事会议,中国和其他国家的代表愤怒地揭露了帝国主义分子和各国反动派残杀、毒害儿童的罪行。会议决定以每年的6月1日为国际儿童节。它是为了保障世界各国儿童的生存权、保健权和受教育权,抚养权,为了改善儿童的生活,为了反对虐杀儿童和毒害儿童而设立的节日。目前世界上许多国家都将6月1日定为儿童的节日。



རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་བདམས་བཀོད།

བྱིས་གླུ།༽སློབ་གྲྭ
བྱིས་གླུ།༽སྒྲ་དྲག་ཞན་དབྱེ་བ།
བྱིས་གླུ།༽ས་སྐྱ་ལེགས་བཤད།
བྱིས་གླུ།༽རྣམ་དབྱེའི་གླུ་གཞས།
བྱིས་གླུ།༽རོལ་ཆ།
བྱིས་གླུ།༽ཞི་བདེ།
བྱིས་གླུ།༽ཚོན་དོག
བྱིས་གླུ།༽མེ་ཏོག་ལྡུམ་རྭ།
བྱིས་གླུ།༽མཇལ་འཛོམས།
བྱིས་གླུ།༽བོད་སྐད།
བྱིས་གླུ།༽བོད་ཀྱི་ཡིག་གེ།
བྱིས་གླུ།༽བསླབ་བྱ་ལན་གསུམ།
བྱིས་གླུ།༽ཕ་ཡུལ།
བྱིས་གླུ།༽ནམ་དུས།
བྱིས་གླུ།༽དབྱངས་བཞི།
བྱིས་གླུ།༽དགུ་མཐའ།
བྱིས་གླུ།༽དགའ་ས།
བྱིས་གླུ།༽ཆོས་མཇལ།
བྱིས་གླུ།༽གྲངས་ཀ།
བྱིས་གླུ།༽གཟིམ་འཇགས་གནང་།
བྱིས་གླུ།༽གཟའ་འཁོར།
བྱིས་གླུ།༽གཅིག་གཉིས་གསུམ།

བྱིས་གླུ།༽མཛུབ་མོ་ལྔ་ཡི་བཤད་པ།

བྱིས་གླུ།༽ཞེ་ས།

བྱིས་གླུ།༽ རྣམ་དབྱེའི་གླུ་གཞས།

བྱིས་གླུ། ༽སྤོ་བོ་ཟླ་དཀར་ལགས།

བྱིས་གླུ། ༽བོད་ཀྱི་བརྡ་སྤྲོད་གླུ་གཞས།

བྱིས་གླུ། ༽ གསལ་བྱེད་སུམ་ཅུ།

བྱིས་གླུ། ༽ ལོ་འཁོར་བཅུ་གཉིས།

བྱིས་གླུ། ༽  དབྱངས་གསལ་སོ་བཞི།

བྱིས་གླུ། ༽ སློབ་དཔོན་ལ་བསྟོད་པ།

བྱིས་གླུ།༽བོད་ཀྱི་ཐོག་མ།

བྱིས་གླུ།༽གཞོན་ནུ་འགྱིང་གླུ།

བྱིས་གླུ།༽ང་ཡི་དགེ་རྒན་ལགས།

བྱིས་གླུ།༽བཀྲ་ཤིས་ཤོག

བྱིས་གླུ།༽ཙོང་ཁའི་མེ་ཏོག

བྱིས་གླུ།༽བཀྲ་ཤིས་བདེ་ལེགས།

བྱིས་གླུ།༽བྱིས་པའི་རྡོག་སྒྲ

བྱིས་གླུ།༽སྤང་རྒྱན་མེ་ཏོག

བྱིས་གླུ།༽ལོ་གསར་མཆོད་གླུ།

བྱིས་གླུ།༽ཨ་མ་སའི་གོ་ལ།

བྱིས་གླུ།༽ཕྲུ་གུའི་སེམས་གཏམ།

བྱིས་གླུ།༽ ལག་འཁྲུའི་གླུ།

བྱིས་གླུ།༽ ཏིང་ཏིང་ཏང་ཏང་།

བྱིས་གླུ།༽ གུས་ཞབས་ལྡན་པའི་ཨོ་ལོ།

བྱིས་གླུ།༽ ང་དང་མཉམ་དུ་ཀ་མད་སུམ་ཅུ་སྦྱོངས།

བྱིས་གླུ།༽ ན་ཆུང་བྱིས་པ་ང་ཚོ།

བྱིས་གླུ།༽ བྱིས་གསོ་ཁང་ནི་ང་ཚོའི་ཕ་ཁྱིམ།

གཤམ་གྱི་པར་རིས་ཐོག་མནན་ན་དེ་སྔོན་སྤེལ་ཟིན་པའི་ནང་དོན་ཁག་ཅིག་གཟིགས་ཐུབ།





དུས་ཚོད་ཡོད་ན་གཟིགས་ཙམ་གྱིས།

ལྷག་བསམ་བཟང་པོས་བརྒྱུད་བསྐུར་བྱོས།

གཞན་ཕན་བྱེད་པའི་ནུས་མེད་ཀྱང་།

དེ་ཡི་བསམ་པ་རྟག་ཏུ་འཆང་།

ཞོར་དུ་གཤམ་འོག་གི་སྙིང་རྟགས་ཐོག་ཐེངས་གཅིག་མནོན་པ་དང་ཆབས་ཅིག་ཐོན་རྫས་ཀྱི་སྟེང་མནན་ན་ཉིན་རེའི་ཐོན་དངོས་གསར་པ་མཚམས་མི་ཆད་པར་ཐོན་འོང་