ལས་ཀ་འཚོལ་མཁན་ཚོར་གོ་སྐབས་ཡག་པོ་ཞིག་འདུག

阳光西藏 2022-10-10 19:48 Posted on 西藏
Image
Image

སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་ནས། ཐེམ་ཁོངས་ལྷ་ས་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་སྐུལ་འདེད་ནུས་ལྡན་གཏོང་ཆེད། པེ་ཅིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཞོགས་འདེགས་བྱས་པ་བརྒྱུད། པེ་ཅིང་གྲོང་ཁྱེར་གྱིས་༢༠༢༢ལོར་ལས་ཞུགས་བོད་སྐྱོར་ལས་གནས་༡༨༤༠མཁོ་འདོན་བྱ་རྒྱུ་དང་། དེའི་ནང་བྱ་གཞག་ཚན་པའི་ལས་གནས་༥༤དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་༣༩༩། དམངས་གཉེར་ཁེ་ལས་ཀྱི་ལས་གནས་༡༣༨༧བཅས་ཡོད། མིག་སྔའི་རིམས་འགོག་བླང་བྱ་ལྟར། ཆེད་དོན་གདན་ཞུ་བྱེད་པའི་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

དང་པོ། གདན་ཞུའི་དུས་ཚོད།

༢༠༢༢ལོའི་ཟླ་༡༠ཚེས་༡༠ཉིན་ནས་ཟླ་༡༠ཚེས་༣༡ཉིན་བར་ཡིན།

གཉིས་པ། གདན་ཞུའི་ཆ་རྐྱེན།

གཅིག གདན་ཞུ་བྱ་ཡུལ།

གཙོ་བོ་ཐེམ་ཁོངས་ལྷ་ས་ནས་ཡིན་པའི་༼ མཐོ་རྒྱུགས་གཏོང་སྐབས་ཀྱི་ཐེམ་ཁོངས་ལྷ་ས་ཡིན་དགོས ༽༢༠༢༢ལོར་སློབ་གྲྭ་ཐོན་པའི་མཐོ་སློབ་དཀྱུས་མའི་སློབ་མ་དང་། ༢༠༢༢ལོ་དང་༢༠༢༡ལོར་སློབ་གྲྭ་ཐོན་པའི་སློབ་གྲྭ་ནས་ཁ་བྲལ་ཟིན་པར་མ་ཟད་ལས་ཞུགས་ཐུབ་མེད་པའི་ཐེམ་ཁོངས་ལྷ་ས་ནས་ཡིན་པའི་སློབ་མ་བཅས་ཀྱིས་མིང་ཐོ་འགོད་ཆོག

དོ་སྣང་བྱ་ཡུལ།

སློབ་གྲྭ་ནས་ཁ་བྲལ་ཡང་ལས་ཞུགས་ཐུབ་མེད་པ་ཚོའི་སློབ་གྲྭ་ཐོན་རྗེས་ཀྱི་ཐེམ་ཁོངས་དེ་ཐོག་མའི་ཐེམ་ཁོངས་སམ་སློབ་གྲྭར་ཡོད་པ་དང་། ཡིག་ཚགས་ཀྱང་ཐེམ་ཁོངས་ཡོད་སའི་ས་གནས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ཚན་པའམ་སློབ་གྲྭར་ཡོད་པར་མ་ཟད། ཚན་པ་གང་རུང་ཞིག་དང་ངལ་རྩོལ་གྱི་འབྲེལ་བ་མེད་པའི་༼ སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་སྤྲོད་གཏོང་ལྟར་གཏན་འཁེལ་བྱ་རྒྱུ ༽སློབ་ཆེན་སློབ་ཐོན་སློབ་མ་ཡིན་དགོས།

གཉིས། གཞི་རྩའི་ཆ་རྐྱེན།

༡ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལ་བརྩི་སྲུང་ཞུ་དགོས་པ་དང་། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་མཐའ་འཁྱོངས་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་དང་། ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་།  མི་རིགས་མཐུན་སྒྲིལ་སྲུང་སྐྱོང་སོགས་བྱེད་པའི་ཆབ་སྲིད་རྩ་དོན་གྱི་གནད་དོན་ཐད་ལངས་ཕྱོགས་བརྟན་པོ་དང་། ལྟ་བ་གསལ་པོ་ཡོད་དགོས།

༢ ལས་རིགས་ཀྱི་ཀུན་སྤྱོད་བཟང་པོ་དང་སྤྱོད་ལམ་བཟང་པོ་ཡོད་དགོས།

༣ ལས་གནས་ཀྱི་བླང་བྱ་དང་འཚམ་པའི་གཟུགས་པོའི་ཆ་རྐྱེན་ཡོད་དགོས།

༤ ལས་གནས་ཀྱི་བླང་བྱ་དང་མཐུན་པའི་སློབ་གཉེར་བརྒྱུད་རིམ་དང་། ཆེད་ལས། ཐོབ་ཐང་ལག་ཁྱེར་སོགས་ཀྱི་ཆ་རྐྱེན་ཚང་དགོས།

གསུམ། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་པའི་མི་སྣ་བྱ་གཞག་ཚན་པའི་ལས་དོན་མི་སྣའི་ལས་གནས་ལ་ཐོ་འགོད་བྱས་མི་ཆོག     

༡ བྱས་ཉེས་བསགས་ནས་ཉེས་དོན་གྱི་ཉེས་ཆད་ཕོག་མྱོང་བའི་མི་སྣ་ཉེས་དོན་གྱི་ཆད་པ་གཅོད་པའི་རིང་ངམ། ཁྲིམས་འཛིན་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པར་མ་ཟད། ད་དུང་ཡང་སྡོམ་ཚིག་བཀོད་མེད་པའི་མི་སྣ།

༢ ཀྲུང་གོ་གུང་ཁྲན་ཏང་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་པ།

༣ ཁྲིམས་ལྟར་ཡིད་རྟོན་ཤོར་ནས་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཡུལ་ཡིན་པ།

༤ རིམ་པ་ཁག་གི་གཞུང་ཞབས་པའི་རྒྱུགས་བསྡུའི་ལས་དོན་ཚན་པའི་ཡོངས་བསྒྲགས་གདན་ཞུའི་ཁྲོད་རྐུ་བཤུ་སོགས་ལས་མི་བསྡུ་བའི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་བྱ་སྤྱོད་ཡོད་པ། 

༥ ཡིག་ཐོག་སློབ་ཁྲིད་དང་། ལས་ཀ་ཕྱེད་ཙམ་བྲལ་བ། ལས་ཞོར་སློབ་གསོ། དྲ་རྒྱའི་སློབ་གསོ། སྒོ་འབྱེད་སློབ་གསོ། གློག་རྡུལ་སློབ་ཆེན། མཚན་མོའི་སློབ་ཆེན་སོགས་ཉིན་གང་ལམ་ལུགས་མིན་པའི་རྣམ་པའི་ཐོག་ནས་སློབ་སྦྱོང་བྱས་པའི་སློབ་ཐོན་སློབ་མ།

༦ བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་བྱ་གཞག་ཚན་པའི་ལས་བྱེད་མི་སྣར་གདན་ཞུས་བཀོལ་སྤྱོད་བྱས་མི་ཆོག་པའི་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་ཡོད་པའི་མི་སྣ།

གསུམ་པ། གདན་ཞུ་བྱེད་སྟངས།

གཙོ་བོ་དྲ་ཐོག་ནས་ཆེད་དོན་གདན་ཞུ་བྱ་རྒྱུ་ཡིན་པས། སློབ་ཆེན་སློབ་ཐོན་སློབ་མ་ཚོས་པེ་ཅིང་གི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་གཏོད་བྱེད་པའི་ཞབས་ཞུའི་སྟེགས་བུའི་ཐོག་ཐོ་འགོད་བྱས་ནས། རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ནང་འཇུག་བྱ་དགོས།

བཞི་པ། ལྗོངས་ཕྱིར་ལས་ཀར་ཞུགས་པའི་གཟིགས་སྐྱོང་སྲིད་ཇུས།

བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་མ་དངུལ་ལག་བསྟར་ཞིབ་སྲོལ་དང་།  ལྷ་ས་གྲོང་ཁྱེར་གྱིས་ཐེམ་ཁོངས་ལྷ་ས་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མའི་ལྗོངས་ཕྱིའི་ལས་ཞུགས་ལས་གཏོད་ལ་སྐུལ་མ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་སོགས་ཡིག་ཆའི་གཏན་འབེབས་གཞིར་བཟུང་།  ཆ་རྐྱེན་འཛོམས་པའི་ཐེམ་ཁོངས་ལྷ་ས་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚེ། ལོ་ལྟར་སྡོད་ཁང་དང་། འཚོ་བའི་གྲོན་དངུལ། འཁོར་ཞག་སོགས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཁ་གསབ་དངུལ་སྒོར་ཁྲི་༨.༦༡བླངས་ཆོག་པ་དང་། ལོ་༥ནང་སྡོད་ཁང་དང་། འཚོ་བའི་གྲོན་དངུལ། ལམ་རིན། གཞིས་ཆགས་པ། ལས་གནས་བརྟན་གཏོང་སོགས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཁ་གསབ་དངུལ་མང་ཤོས་ལ་སྒོར་ཁྲི་༥༡.༥༨བླངས་ཆོག ཆ་རྐྱེན་འཛོམས་པའི་ཐེམ་ཁོངས་ལྷ་ས་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིའི་གཞུང་ཞབས་པའི་ལས་གནས་ཐོག་ལས་ཞུགས་ཐུབ་ཚེ། ཐེངས་གཅིག་རང་བཞིན་གྱི་སྒོར་༧༥༠༠ལམ་རིན་དང་། འཚོ་བའི་གྲོན་དངུལ་སོགས་རང་སྐྱོང་ལྗོངས་ཀྱི་ཁ་གསབ་བླངས་ཆོག་པ་དང་། ལོ་ལྟར་སྡོ་ཁང་སོགས་ལྷ་ས་གྲོང་ཁྱེར་གྱི་ཁ་གསབ་མང་ཤོས་ལ་སྒོར་ཁྲི་༡.༨བླངས་ཆོག་གི་ཡོད། ལོ་༥ནང་། ལམ་རིན་དང་། སྡོད་ཁང་། ལས་གནས་བརྟན་གཏོང་སོགས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཁ་གསབ་མང་ཤོས་ལ་སྒོར་ཁྲི་༡༡.༢༥བླངས་ཆོག་གི་ཡོད།

ལྔ་པ། དོ་སྣང་བྱ་དགོས་པའི་དོན་ཚན།

རྒྱ་ཆེའི་སློབ་ཆེན་སློབ་ཐོན་སློབ་མས་ཆེད་དོན་གདན་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་ནས་ལས་འཚོལ་ལོ་རྒྱུས་མདོར་བསྡུས་སྔ་སྣུར་དུ་གྲ་སྒྲིག་ཡག་པོ་བྱེད་པ་དང་། ཞིབ་ཕྲའི་ལས་གནས་བླང་བྱ་དེ་ལས་བསྡུའི་ལས་སྟེགས་ཐོག་གི་ཆ་འཕྲིན་གཞིར་འཛིན་དགོས། གདན་ཞུའི་ལས་སྟེགས་ཀྱི་ངོ་རྒྱུགས་གདན་ཞུར་དོ་སྣང་བྱས་ནས་གདན་ཞུའི་ཚན་པས་འབྲེལ་གཏུག་བྱ་རྒྱུར་བསྒུག་དགོས་པ་དང་། ཞིབ་ཕྲའི་ཡིག་རྒྱུགས་དང་། ངོ་རྒྱུགས་དུས་ཚོད། ཡིག་རྒྱུགས་གཏོང་སྟངས་བཅས་གདན་ཞུའི་ཚན་པ་ཁག་གིས་ལོགས་སུ་བརྡ་ཐོ་གཏང་རྒྱུ་རེད།   

ཟུར་བཀོད།

༡ ༢༠༢༢ལོའི་པེ་ཅིང་གི་ལས་ཞུགས་བོད་སྐྱོར་རེའུ་མིག ༼ བྱ་གཞག་ཚན་པ ༽

༢ ༢༠༢༢ལོའི་པེ་ཅིང་གི་ལས་ཞུགས་བོད་སྐྱོར་རེའུ་མིག ༼ ཁེ་ལས ༽

༣ སྟེགས་བུའི་བཀོལ་སྤྱོད་བྱེད་སྟངས་དང་གདན་ཞུར་ཞུགས་པའི་བརྒྱུད་རིམ།

འབྲེལ་གཏུགས་ཁ་པར།

པེ་ཅིང་གྲོང་ཁྱེར། ༡༣༠༠༡༢༨༡༣༦༧༼ སྟེགས་བུའི་ལག་རྩལ་རྒྱབ་སྐྱོར ༽

ལྷ་ས་གྲོང་ཁྱེར། ༠༨༩༡ ༦༣༦༤༤༩༠ ༼ སྲིད་ཇུས་བློ་འདྲི ༽


པེ་ཅིང་གྲོང་ཁྱེར་མི་སྤྱི་ཅུས་དང་།

ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ནས།

༢༠༢༢ལོའི་ཟླ་༡༠ཚེས་༡༠ཉིན།



为进一步做好高校毕业生就业工作,扎实推动拉萨籍高校毕业生区外就业,经与北京市人力资源和社会保障局协调,北京市2022年提供就业援藏岗位1840个(附件1、2),其中:事业单位岗位54个、国有企业岗位399个、民营企业岗位1387个。结合当前新冠肺炎疫情防控要求,现将专项招聘会有关事宜公告如下。

一、招聘时间

2022年10月10日—10月31日

二、招聘条件

(一)招聘对象

      主要为拉萨籍(高考时户籍地为拉萨)2022年普通高等学校应届毕业生,2020、2021年拉萨籍普通高等学校离校未就业高校毕业生也可报名参加。  

     注:离校未就业高校毕业生为毕业后户籍在原籍或毕业学校,档案在户籍所在地人力资源公共服务机构或毕业学校,且未与任何单位存在劳动关系(以社保缴费认定)的高校毕业生。

(二)基本条件

      1.遵守中华人民共和国宪法、法律、法规;拥护党的领导,坚持贯彻执行党的路线、方针、政策,在思想上、政治上、行动上同以习近平同志为核心的党中央保持高度一致,在反分裂、维护祖国统一和民族团结等政治原则问题上立场坚定,旗帜鲜明;2.具有良好职业道德、品行端正;3.具备适应岗位要求的身体条件;4.符合岗位所要求的学历、专业、资格证书等条件。

(三)有下列情形之一的人员不得报名事业单位工作人员岗位

      1.曾因犯罪受过刑事处罚的人员,处于刑事处罚期间或者正在接受司法调查尚未做出结论的人员;2.被开除中国共产党党籍的;3.被依法列为失信联合惩戒对象的;4.在各级公务员招考、事业单位公开招聘中被认定有舞弊等严重违反录(聘)用纪律行为的;5.通过函授、半脱产、业余、网络教育、开放教育、电大、夜大等非全日制形式学习的毕业生;6.法律法规规定不得聘用为事业单位工作人员的其他情形的人员。

三、招聘方式

     主要通过网络方式开展专项招聘活动。高校毕业生可通过360极速浏览器、谷歌浏览器登录“北京毕业生就业创业服务平台”(网址:http://fuwu.rsj.beijing.gov.cn/bjdkhy/bysjycy/)注册并投递简历。(平台操作简介和参加招聘流程详见附件3)

四、区外就业优惠政策

      根据《西藏自治区就业资金实施细则》《拉萨市促进拉萨籍高校毕业生区外就业创业的具体措施》等文件规定,符合条件的拉萨籍高校毕业生区外市场就业,每年最高可领取住房、生活、探亲路费等自治区、拉萨市补贴8.61万元,5年最高可领取住房、生活、路费、安家、稳岗等自治区、拉萨市补贴51.58万元。符合条件的拉萨籍高校毕业生区外公职岗位就业,可一次性领取7500元的路费、生活等自治区补贴,每年最高可领取住房等拉萨市补贴1.8万元,5年最高可领取路费、住房、稳岗等自治区、拉萨市补贴11.25万元。

五、注意事项

      请广大高校毕业生积极参加专项招聘活动并提前准备好求职简历,具体岗位要求以招聘平台显示信息为准。留意招聘平台面试邀请(登录平台在“个人中心”查看),等待招聘单位联系,具体笔试、面试时间及方式由各招聘单位另行通知。


附件   1.2022年北京就业援藏岗位表(事业)


          2.2022年北京就业援藏岗位表(企业)


          3.平台操作简介和参加招聘流程

           扫描下方二维码查看附件

           扫描下方二维码进入咨询微信群

联系电话:北京市:13001281367(平台技术支持)


拉萨市:0891-6364490(政策咨询)


北京市人力资源和社会保障局

拉萨市人力资源和社会保障局

2022年10月10日    

ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་ཚོགས་རྡོ་རྗེ། 

རྩོམ་སྒྲིག་པ། སྐལ་བསྟན། འཇིགས་མེད། ནོར་བུ། བཟང་པོ། དབང་མོ། 


主编 | 吾见才让

副主编 | 平措多吉

编辑 | 格丹 晋美 罗布 桑布 旺姆

来源 | 北京市人力资源和社会保障局

译文 | 阳光西藏