ཧི་མ་ལ་ཡའི་ཕྱི་ནང་། 【འོད་དང་གྲིབ་མ】

QHTN 青海藏文报 2022-09-17 13:43 Posted on 青海
Image
Image

Image










Image
Image
ཧི་མ་ལ་ཡཞེས་པའམ(ཕྱི་སྐད་དུ《Himalaya - l'enfance d'un chef》དང་རྒྱའི་སྐད་དུ《喜马拉雅》)ཞེས་པའི་གློག་བརྙན་འདི་ནི་ཧྥ་རན་སེའི་འཁྲབ་ཁྲིད་པ་ཨེ་རུའེ་ཁོཝ་ལེ(Eric Valli)དང་མུས་ཤེར་ཏི་པ(Michel Debats)གཉིས་ཀྱིས་འཁྲབ་ཁྲིད་བྱས་པ་དང་། གློག་བརྙན་ཕབ་སྐྲུན་བྱེད་ཡུལ་གྱི་མང་ཚོགས་འཁྲབ་སྟོན་པ་བསོད་ནམས་ལྷུན་འགྲུབ་དང་གུར་མགོན་སྐྱབས་སོགས་ཀྱིས་གཙོ་འཁྲབ་བྱས་པའི་ཟློས་གར་གློག་བརྙན་ཞིག་ཡིན་ལ། འདི་ནི་ཧྥ་རན་སེ་དང་ནེ་པ་ལ། སུའེ་ཙེར། དབྱིན་ཇི་བཅས་རྒྱལ་ཁབ་བཞི་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་དངོས་ཟིན་དང་ཟློས་གར་གི་ཁྱད་ཆོས་དཀྱུས་གཅིག་ཏུ་ལྡན་པའི་གློག་བརྙན་ཞིག་རེད།


གློག་བརྙན་འདིའི་ནང་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནུབ་བྱང་མཚམས་སུ་མཚོ་ངོས་ལས་མཐོ་ཚད་ལ་སྨི5000ཡོད་པའི་དོལ་པོ་ཞེས་པའི་བོད་སྡེ་ཞིག་ཡོད་པ་དེར། གནའ་སྲོལ་བཞིན་ལོ་རེར་འབྲི་གཡག་ལ་ཚྭ་ཁལ་བཀལ་ནས་རི་རྒྱུད་བརྒལ་ཏེ་ཚོ་བ་གཞན་ཞིག་ཏུ་འབྲུ་རིགས་ལ་བརྗེ་རུ་འགྲོ་བའི་གཏམ་རྒྱུད་ཅིག་གཙོར་བརྗོད་དེ། ཨུ་ཚུགས་ཆེ་བའི་ཚོ་དཔོན་རྒན་པ་ཞིག་དང་དཔའ་སྤོབས་ཀྱིས་ཕྱུག་པའི་གསར་བུ་དར་མ་ཞིག་གི་བར་དུ་ཐོག་མར་རྩོད་གཞི་བྱུང་བ་དང་། དེ་ནས་ཁལ་ཕྱུགས་འདེད་པའི་ལམ་བར་དུ་ཁོ་གཉིས་འགྲིག་མཐུན་བྱུང་སྟེ། ཚོ་དཔོན་རྒན་པས་དབང་ཆ་གཞོན་ནུ་དེར་སྤྲད་པའི་མི་སེམས་སྒུལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད། 




















གློག་བརྙན་འདི1999ལོའི་ཟླ12པའི་ཚེས15ཉིན་ཧྥ་རན་སེ་ནས་སྤྱི་འགྲེམ་བྱས་པ་དང་། 2014ལོའི་ཟླ4པའི་ཚེས15ཉིན་ཀྲུང་གོ་རུ་བསྟན།  

གློག་བརྙན་འདི་ལ2000ལོར་སྐབས72པའི་ཨོ་སི་ཁཱ་གསེར་གཟུགས་རྟགས་མའི་ཕྱི་སྐད་གློག་བརྙན་ཡག་ཤོས་ཀྱི་མིང་བཏགས་བྱ་དགའ་ཐོབ།

གློག་བརྙན་འདིར་ཐུན་ཞུན(腾讯)བརྙན་རིས་མཉེན་ཆས་ལས་བལྟ་ཐུབ། །










འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



འདོན་ཐེངས21པ།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།
སྒྲིག་སྦྱོར་པ། སྒྲོལ་མ་སྐྱིད།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།