中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ནང་འདྲེན་ཁྱིམ་སྤྱོད་གློག་ཆས་རྫུན་མ་ཡིན་མིན་དབྱེ་བ་འབྱེད་ཐབས།
དུས་ཚོད།2016-06-29 11:11:53     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།    ཆུང་། | འབྲིང་། | ཆེ།
གཅིག ཐུམ་རྒྱག་ཤོག་སྒམ་ངོས་སུ་ཚོང་རྟགས་དང་དངོས་པོའི་ཨང་གྲངས་ཡོད་མེད་ལ་བལྟ་བ། ཤོག་སྒམ་གཡས་ཀྱི་ཟུར་གོང་འོག་གཉིས་ཀྱི་ངོས་སུ་དབྱིན་ཡིག་གིRཡོད་མེད་ལ་བལྟ་བ། དཔེར་ན།SHARPP OR(ཞ་ཕུའུ)དངTOSHIBAOR(ཏུང་ཀྲི)སོགས་ལྟ་བུའོ།།Rདབྱིན་ཡིག་གི་མིང་ཚིགREGISTERཡིག་འབྲུ་ཐོག་མ་ཡིན་ལ།དེའི་ནང་དོན་ནི་ཐོབ་འགོད་བྱས་པ་བརྒྱུད། ཐོན་རྫས་དེའི་རྒྱུ་སྤུས་ཀུང་སིའི་ཁས་ལེན་ཐོབ་པས།ད་གཟོད་ཐུམ་རྒྱག་འདི་བཀོལ་སྤྱོད་བྱེད་པའི་ཁེ་དབང་ཐོབ་པའི་རྒྱུ་མཚན་ཡིན། དེ་བས།ཡིག་འབྲུRམཐོང་ན་ད་གཟོད་དེ་ཉོ་མིན་ལ་བསམ་བློ་གཏོང་དགོས།ཚོང་རྫས་རྫུན་མའི་ངོས་ལ་དེ་དག་མེད།
  གཉིས། ཕྱི་རྒྱལ་གྱི་ཀུང་སི་མང་ཤོས་ཀྱིས་རང་གི་ཀུང་སིའི་མིང་བེད་སྤྱད་དེ་ཚོང་རྫས་ཀྱི་ཚོང་རྟགས་འགོད་པ་རེད། ཚོང་རྟགས་རྫུན་མ་དག་གིས་ཚོང་རྫས་འདི་དག་ལ་བརྫུས་ཏེ་གཞན་ལ་མགོ་སྐོར་གཏོང་བ་རེད།གཡོ་འོག་ཏུ་ཚུད་པ་སྔོན་འགོག་བྱེད་ཆེད།ཚོང་རྫས་ཉོ་དུས་དེའི་ཕྱི་ཐུམ་དང་གསལ་བྱེད་ཡི་གེའི་ངོས་སུ་ཀུང་སི་གང་ནས་ཐོན་པ་བཀོལ་ཡོད་མེད་ལ་བལྟས་ནས་ད་གཟོད་ཀུང་སི་དེའི་ཐོན་རྫས་ཡིན་མིན་ངོས་འཛིན་ཐུབ།དཔེར་ན།HITACHIཡི་ཚོང་རྟགས་བཀོད་པའི་བཪྙན་འཕྲིན་ལ་མཚོན་ན།དེའི་ཕྱི་ཐུམ་དང་གསལ་བྱེད་ཡི་གེའི་ངོས་སུHITACHICOR- PORATION(རི་ལི་ཀུང་སི)ཞེས་པ་ཡོད་ན་ད་གཟོད་རི་ལི་ཀུང་སིའི་ཐོན་རྫས་ཡིན་པ་ར་སྤྲོད་བྱེད་ཐུབ།དེ་མིན་བཟོ་གྲྭའི་ཐོན་རྫས་ཀྱི་གསལ་བྱེད་ཡི་གེའི་ཤོག་བྱང་གོང་མའི་ངོས་སུCཞེས་པ་བཀོད་ཡོད།Cནི་དབྱིན་ཡིག་གིcopy Rightཡི་ཡིག་འབྲུ་ཐོག་མ་ཡིན་ལ།དེར་པར་དབང་ཡོད་པའི་ཁར།པར་བཤུས་བྱེད་མི་ཆོག་ཅེས་པའི་དོན་ཡིན།   །
 
                                                                                                                                           རྩོམ་སྒྲིག་པ།   མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།