中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། རྩིས་འཁོར་མཁན་པོ་པེར་ཀེ་ཚི།
དུས་ཚོད།2016-08-26 15:47:13     རྩོམ་གྱི་ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    ཆུང་། | འབྲིང་། | ཆེ།
   པེར་ཀེ་ཚི་(Bill Gates)ནི་ང་ཚོ་མི་རེ་རེའི་འཚོ་བ་དང་ལས་ཀའི་ཁྲོད་བྲལ་ཐབས་མེད་པ་ལྟ་བུར་གྱུར་བའི་གློག་ཀླད་མ་ལག་Windowsགསར་གཏོད་གནང་མཁན་དེ་ཡིན་ཞིང་། ཁོང་གིས་མིའི་རིགས་ཀྱི་རྩིས་འཁོར་ལོ་རྒྱུས་ཐོག་བསུབ་ཏུ་མེད་པའི་མཛད་རྗེས་ཆེན་པོ་བཞག་པ་མ་ཟད། ཁོང་ནི་ད་དུང་གཞན་ཕན་དང་ལྷག་བསམ་ཆེན་པོ་དང་ལྡན་པའི་སྐྱེས་བོ་རླབས་པོ་ཆེ་ཞིག་སྟེ། ༢༠༠༡ལོའི་ཟླ་དང་པོར། ཁོང་གིས་རང་གི་འཇོན་ཐང་ལ་བརྟེན་ནས་བསགས་པའི་རྒྱུ་ནོར་འབོར་ཆེན་དེས་ཀེ་ཚི་ཐེབས་རྩ་ལྷན་ཚོགས་བཙུགས་ཤིང་། འཛམ་གླིང་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་ཡར་རྒྱས་གཏོང་བར་ལོ་རེར་ཨ་རིའི་སྒྲོ་ལོ་དུང་ཕྱུར་༡༠ཡིས་རོགས་རམ་གནང་བཞིན་ཡོད་ལ། བོད་ཀྱི་བུ་མོ་འཆི་མེད་སྒྲོལ་མ་ཞེས་པ་ཞིག་ལའང་ཁོང་གི་རོགས་སྐྱོར་ཐོབ་ཅིང་ཨ་རི་ནས་འབུམ་རམས་པའི་སློབ་གསོ་སོགས་མྱངས་ཤིང་བུད་མེད་ཕུལ་དུ་བྱུང་བར་གྱུར་ཡོད།
  《མི་སྣ་གྲགས་ཅན་གྱི་བྱིས་དུས་གཏམ་རྒྱུད།》ཅེས་པའི་དཔེ་དེབ་ཏུ་ཁོང་གི་སྐོར་གཤམ་ལྟར་བཀོད་འདུག པེར་ཀེ་ཚི་ནི་ཨ་རིའི་ཁེ་ལས་པ་མ མིང་གྲགས་ཅན་ཞིག་ཡིན། ཁོང་གིས་MSDOSདང་བརྙན་འཆར་མཉེན་ཆས་འདོན་སྤྲོད་བྱས་ཏེ། སྔོན་ཆད་རྙོག་དྲ་ཆེ་ཞིང་སྟབས་བདེ་མིན་པའི་རྩིས་འཁོར་གྱི་སྒྲིག་གཞི་དག་སྟབས་བདེ་ལ་བེད་སྤྱོད་བྱེད་སླ་བའི་ལག་ལེན་མ་ལག་ཅིག་ཏུ་བསྒྱུར་གནང་མཛད་པས། མིའི་རིགས་ལ་རྩིས་འཁོར་གྱི་དུས་རབས་གསར་བ་ཞིག་བསྐྲུན།
པེར་ཀེ་ཚིའི་ཕ་མ་གཉིས་ནི་སྔོན་ཝ་ཧྲིང་ཐོན་སློབ་ཆེན་ནས་མཐར་ཕྱིན་པའི་ཤེས་ལྡན་པ་གཉིས་ཡིན། ཕ་མ་གཉིས་ཀྱི་ཤུགས་རྐྱེན་འོག་པེར་ཀེ་ཚི་ལོ་ན་ཆུང་དུས་ནས་གཞན་དང་མི་འདྲ་བའི་ཤེས་རབ་ལྡན།
                                                                      བྱིས་པའི་སྐབས་ཀྱི་ཀེ་ཚི།
      པེར་ཀེ་ཚི་ལོ་བདུན་ལ་བུད་པའི་དུས། ན་མཉམ་བྱིས་པ་ཚོས་ད་དུང་རང་གི་ཕ་མར་བརྟེན་ནས་དཔེ་ཀློག་བྱེད་བཞིན་ཡོད་ནའང་ཁོང་གིས་ཚན་རིག་གི་དཔེ་ཆ་མང་པོ་ཀློག་ཤེས་པ་སྟེ། དཔེར་ན《འཛམ་གླིང་རིག་བརྒྱའི་ཤེས་བྱ།》ནི་ཁོང་གི་ཆེས་ཀློག་པར་སྤྲོ་བའི་དཔེ་ཆ་ཡིན།སློབ་གྲྭར་འགྲིམས་རྗེས། སྟེས་དབང་གིས་ཁོང་གིས་སློབ་གྲྭའི་རྩིས་འཁོར་ཁང་ནས་རྩིས་འཁོར་འཕྲུལ་ཆས་མཐོང་བས་དགའ་སྣང་ཁྱད་པར་བ་ཞིག་སྐྱེས། རྩིས་འཁོར་གྱི་བྱ་བའི་ཆོས་ཉིད་ནི་ཅི་ཞིག་ཡིན་ནམ། རྩིས་འཁོར་གྱི་གྲངས་རྩིས་མྱུར་ཚད་ག་འདྲ་ཡིན་ནམ། ཇི་ལྟར་བྱས་ན་ད་གཟོད་རྩིས་འཁོར་གྱིས་ང་ཚོའི་འདོད་མོས་ལྟར་བྱ་བ་བྱེད་ཐུབ་སོགས་དྲི་བ་མི་འདྲ་བ་མང་པོའི་གནད་རྟོགས་པའི་ཆེད་དུ་པེར་ཀེ་ཚི་རྩིས་འཁོར་ཁང་ནས་འབྲལ་མི་ཐུབ་པ་ཞིག་བྱུང་།
 ཁོང་གིས་རྩིས་འཁོར་གྱི་སྒྲིག་གཞི་སྣ་ཚོགས་ལ་བསམ་གཞིག་བགྱིས་ཏེ་རྟོགས་དཀའ་བའི་གནད་དོན་དག་གི་རྒྱུ་ཆ་འཚོལ་ཞིབ་དང་ནན་ཏན་གྱིས་དབྱེ་ཞིབ་བྱས་པས་རྩིས་འཁོར་གྱི་གསང་བ་མང་བོ་རྟོགས།མི་འགྱང་བར་པེར་ཀེ་ཚི་ནི་རྩིས་འཁོར་བ་ཆུང་ཆུང་ཞིག་ཏུ་གྱུར་ལ་རྩིས་འཁོར་དགེ་རྒན་གྱིས་ཀྱང་མཚམས་རེ་ཁོང་ལ་བློ་འདྲི་བྱེད་དགོས་བྱུང་དུས་ཀྱང་ཡོད། དེ་ལྟར་པེར་ཀེ་ཚི་ནི་ངེས་པ་དོན་གྱིས་རྩིས་འཁོར་གྱི་ཕྱོགས་ལ་འཇོན་ཐང་ལྡན་པའི་མི་ཞིག་ཏུ་གྱུར།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།