བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།

1662906109666562.jpg

        སྤྱི་ཟླ༩པའི་ཚེས༡༡ཉིན། གཟའ་ཉི་མ། དེ་རིང་ཞོགས་པར། ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས༧༩པའི་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། ལུ་ར་ཕོ་ཐྲི་ར་སེས་འཁྲབ་ཁྲིད་གནང་བའི་དངོས་བཤུས་གློག་བརྙན«མཛེས་མ་དང་ཁྲག་བཞུར་དོན་རྐྱེན»ཞེས་པས་མཐའ་མའི་ཆེས་མཐོའི་བྱ་དགའ་གསེར་སེང་རྟགས་མའི་བྱ་དགའ་བླངས། 

1662904181193384.jpeg

05703A93-1285-48BA-BC94-F58A1959FF9E.jpeg

         སྤྱི་ཟླ༩པའི་ཚེས༩ཉིན། གཟའ་པ་སངས། བྱེས་ན་འཚོགས་བཞིན་པའི་བོད་ཀྱི་གློག་བརྙན་དུས་ཆེན་སྐབས༡༣པ་ཉིན་འདིར་དངོས་སུ་སྒོ་འབྱེད་མཛད་སྒོ་བསྡུས་ཤིང་། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་དག་གདན་འདྲེན་ཞུས་ནས་གློག་བརྙན་བགྲོ་གླེང་གི་ཚོ་ཆུང་བྱ་འགུལ་སྤེལ་བ་ལས་གཞན། བརྙན་ཐུང་འགྲན་བསྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དེ་ཟླ༩པའི་ཚེས༡༡ཉིན་སྤེལ་རྒྱུ་རེད། 

D0E90CE9-0F6C-4E76-A7EA-CE9BF86B8BA0.png

        སྤྱི་ཟླ༩པའི་ཚེས༩ཉིན། tགཟའ་པ་སངས། ཡར་སྔོན་ཏག་ཏག་གི་གློག་བརྙན་འཕྲིན་ལམ་གཟི་འོད་འབར་བའི་མཚན་མོའི་སྟེང་། ཨེ་ཆི་ཡེ་ཚང་གིས་རོགས་སྒྲུབ་བྱས་ཤིང་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་དང་ཁྲིན་ཀོ་ཞིན་གཉིས་ཀྱི་གློག་བརྙན«ལོ་ཁུངས་དང་འཇིགས་མེད»ཅེས་པར་སྐྱེས་པ་འཁྲབ་རོགས་རྩེ་གྲའི་བྱ་དགའ་ཐོབ་རྗེས། ཨེ་ཆི་ཡི་ཚང་གིས་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་ལ༼ འགྱུར་ཁུག་གཙོ་བོའི་གློག་བརྙན་གྱི་སྣ་མང་རང་བཞིན་ཞིག་སྟེ«ལོ་ཁུངས་དང་འཇིགས་མེད » ༽  ཅེས་པའི་ངོས་ཐད་ནས་བཅར་འདྲའི་ལེ་ཚན་ཞིག་སྤེལ། 

གནས་ཚུལ་ཞིབ་ཕྲ་འདིར་གནོན་རོགས། https://mp.weixin.qq.com/s/PjCIcwSNxfvD6rQqbeW6og

 B9F504C6-E803-477C-AD8B-CAAF3D8494EE.jpeg

         སྤྱི་ཟླ༩པའི་ཚེས༩ཉིན། གཟའ་པ་སངས། གློག་བརྙན་དཔྱད་བརྗོད་མཁན་ཟླ་ཚང་དཔལ་མཁར་རྒྱལ་གྱི ༼   སྒྲ་བརྙན་འོད་གཟུགས་ཀྱི་སྒྱུ་མའི་གློག་བརྙན་ཞིག ༽ ཅེས་པའི་གློག་བརྙན«གཅིག་དང་བཞི»ཡི་ཕྲན་དཔྱད་དེ། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་ཤོག་གི༼   རིག་གནས་མཐོངས་ཡངས༽ཞེས་པའི་ལེ་ཚན་བཀོད། 

微信图片_20220911221706.jpg

      སྤྱི་ཟླ༩པའི་ཚེས༥ཉིན། གཟའ་ཟླ་བ། བོད་ཀྱི་གཞས་པ་བསོད་ནམས་སྟོབས་ལྡན་གྱིས་ཐོག་དང་པོར་འཁྲབ་སྟོན་བྱས་པའི་བལ་བོའི་གློག་བརྙན(Samhalinchha Kahile Mann)ཞེས་པ་ཟླ༩པའི་ཚེས༢ཉིན་བལ་ཡུལ་གྱི་གློག་བརྙན་ཁང་སོ་སོར་འགྲེམས་སྟོན་བྱས་ཤིང་། དེ་ཡང་གློག་བརྙན་དེ་ནི་བརྩེ་དུང་གི་གློག་བརྙན་ཞིག་ཡིན་པ་དང་། ཧི་མ་ལ་ཡའི་རི་ཁུལ་དུ་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་གཞས་པ་བསོད་ནམས་སྟོབས་ལྡན་གྱི་གློག་བརྙན་དང་པོ་ཡིན་ཁར། བལ་ཡུལ་དུ་ཡོད་པའི་བོད་མི་གཙོས་ཁོང་ལ་དགའ་མོས་བྱེད་མཁན་ཚོས་གློག་བརྙན་ལ་བལྟ་རུ་སོང་ནས་ཁོང་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་འདུག བལ་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་ཡང་། བལ་བོའི་གློག་བརྙན་གྱི་ཁོར་ཡུག་ནང་དུ་འཁྲབ་སྟོན་པ་སྐར་ཆེན་གསར་པ་ཞིག་སླེབས་ཡོད་པ་ནི་བསོད་ནམས་སྟོབས་ལྡན་རེད་སོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་བཞིན་འདུག་པ་དང་། ལྟད་མོ་བ་ཚོས་ཀྱང་ཁོང་གི་འཁྲབ་སྟོན་སྒྱུ་རྩལ་ལ་བསྔགས་བརྗོད་ཆེན་པོ་བྱེད་བཞིན་འདུག བསོད་ནམས་སྟོབས་ལྡན་གྱིས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མར་བཀའ་དྲིན་ཆེ་ཞུས་ནས། ཁོང་གིས་མུ་མཐུད་ནས་འཁྲབ་སྟོན་སྒྱུ་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་ནས། མ་འོངས་པར་གློག་བརྙན་ཁག་གི་ནང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

微信图片_20220911221659.jpg

དཔྱད་མཆན་ཡོད།