中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཨ་མདོ་ཚོགས་པས་རྒྱལ་ཡོངས་ཀྱི་ཚད་ལྡན་ཅན་གྱི་ནོར་ནག་ཁྱབ་ཁོངས་སུ་ཚད་བརྒལ་གྱི་ཟིན་ཐོ་གསར་བ་བསྐྲུན།
དུས་ཚོད།2022-10-11 15:47:47     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   ཨ་མདོ་ཚོགས་པ་རྒྱལ་ཡོངས་ཀྱི་ལས་རིགས་ཚད་གཞི《སྒོ་ཕྱུགས་དང་ཁྱིམ་བྱའི་ཤ་དུམ་བུར་གཅོད་པའི་ལག་རྩལ་སྒྲིག་སྲོལ་གྱི་ནོར་ནག་གི་ཤ》འཆར་ཟིན་འགོད་པའི་ནང་དུ་ཞུགས་པ་དང་། NY/T3963-2021 རྒྱལ་ཡོངས་ཀྱི་ཚོགས་པའི་ཚད་གཞི་ནི《ནོར་ནག་གི་ཤའི་ཐོན་སྐྱེད་དང་འགྲོ་རྒྱུག་ཆ་འཕྲིན་དོ་དམ་ཚད་གཞི》ཡིན་པ་དང་།  TCAAA076-2022  རྒྱལ་ནང་གི་ལས་རིགས་གཅིག་པའི་ཆུ་ཚད་དང་བསྡུར་ན་ཆ་སྙོམས་ཀྱིས་སྔོན་ཐོན་ཏུ་སོང་ཡོད་པ་དང་། ཀན་ལྷོའི་ཁེ་ལས་ཀྱིས་རྒྱལ་ཡོངས་རང་བཞིན་ཚད་གཞི་ཅན་གྱི་གཏན་འབེབས་བྱེད་ཁོངས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་གཏོད་པ་རེད།
 
   \

   ཨ་མདོ་ཚོགས་པ་ནི་ཀན་ལྷོ་ཁུལ་བསང་ཆུ་རྫོང་གི་ལོ50ཡི་ལོ་རྒྱུས་ཡོད་པའི་རང་ས་གནས་ཀྱི་ཁེ་ལས་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་གྱི་གཏན་འཁེལ་བྱས་པའི “རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་བྱས་པའི་གཙོ་གནད་གྱི་སྣེ་འདྲེན་ཁེ་ལས”དང“རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ”“རྒྱལ་ཡོངས་གྲངས་ཉུང་མི་རིགས་ཆེད་མཁོའི་ཐོན་སྐྱེད་ཁེ་ལས”བཅས་ཡིན་པས། རྒྱལ་ཡོངས་ཀྱི་ནོར་ནག་གི་ཤ་ལས་སྣོན་བྱེད་པའི་ཁྲོད་སྣེ་ཁྲིད་ཀྱི་གོ་གནས་ཡོད་པ་དང་། དེ་ཡང་རྒྱལ་ནང་གི་ནོར་ནག་ལས་རིགས་ཀྱི་ལག་རྩལ་ཚད་གཞིའི་སྣེ་ཁྲིད་པ་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཨ་མདོ་ཚོགས་པས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་སྒོས་མཐོང་ཆེན་བྱས་པ་དང་། མུ་མཐུད་དུ་ཞིབ་འཇུག་གསར་སྤེལ་བྱེད་པར་མ་དངུལ་ཇེ་མང་དུ་བཏང་བ།   ཚད་གཞི་ཅན་གྱི་མ་ལག་ཇེ་མགྱོགས་སུ་བཏང་སྟེ་འཛུགས་སྐྲུན་བྱས་པས་རྒྱལ་ཡོངས་ཀྱི་ནོར་ནག་ལས་རིགས་ཁེ་ལས་ཀྱི་ཚད་གཞི་རུ་གྱུར། 2020ལོ་ནས་བཟུང་། ཨ་མདོ་ཀུང་སུ་སྔ་རྗེས་སུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའུ་ཡིས2021ལོའི་ཟླ11པར་ཁྱབ་བསྒྲགས་བྱས་པ་དང་། 2022ལོའི་ཟླ5བ་ནས་ལག་བསྟར་བྱས་པའི“རྒྱལ་ཡོངས་ཀྱི་ཞིང་ལས་ལས་རིགས་ཚད་གཞི《སྒོ་ཕྱུགས་དང་ཁྱིམ་བྱའི་ཤ་དུམ་བུར་གཅོད་པའི་ལག་རྩལ་སྒྲིག་སྲོལ་གྱི་ནོར་ནག་གི་ཤ》NY/T3963-2021” དང་། 2022ལོའི་ཟླ8པའི་ནང་ཀྲུང་གོའི་འབྲོག་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་དང་། 2022ལོའི་ཟླ9བའི་ནང་ལག་བསྟར་བྱས་པའི“རྒྱལ་ཡོངས་རང་བཞིན་གྱི་ཚད་གཞི《ནོར་ནག་གི་ཤའི་ཐོན་སྐྱེད་དང་འགྲོ་རྒྱུག་ཆ་འཕྲིན་དོ་དམ་ཚད་གཞི》TCAAA076-2022”    བཅས་རྒྱལ་ཡོངས་རང་བཞིན་གྱི་ལག་རྩལ་ཚད་གཞི་དང་། ཀན་སུའུ་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས2020ལོའི་ཟླ7པར་ཁྱབ་བསྒྲགས་དང་ལག་བསྟར་བྱས་པའི“ཀན་སུའུ་ཞིང་ཆེན་གྱི་ས་གནས་ཚད་གཞིའི《ས་རྟགས་ཐོན་རྫས་ཀྱི་རྒན་གྱའི་བོད་ལུག》ཅེས་པ་དང་།《ཨ་མདོའི་ཚགས་ཤ་བགོ་བཤའ་རྒྱག་པའི་ཚད་གཞི》དང《རྒན་གྱའི་བོད་ལུག་གི་ཤ་བགོ་བཤའ་རྒྱག་པའི་ཚད་གཞི》《ནོར་ནག་གི་ཤ་ཚོས་མའི་ཐོན་རྫས་ཀྱི་ཚད་གཞི》《རླུང་སྐམ་ཚགས་ཤ》སོགས་ཞིང་ཆེན་རིམ་པའི་ཚད་གཞི་མང་པོའི་འཆར་འགོད་ནང་ཞུགས་པ་དང་། ཚད་ལྡན་ཅན་གྱི་གཏན་འབེབས་བྱས་པ་བརྒྱུད་ནོར་ནག་ཐོན་ལས་ལ་སྣེ་ཁྲིད་བྱས་ཏེ་རིམ་བཞིན་རྒྱལ་ཡོངས་ཀྱི་ཚགས་ཤ་དང་དེ་བཞིན་རང་རེའི་ཞིང་ཆེན་གྱི་བོད་ལུག་ཤ་ལས་སྣོན་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཚད་ལྡན་གྱི་སྣེ་ཁྲིད་བྱས།

   \

   རང་ཁུལ་གྱིས་ཀན་ལྷོའི་ནོར་ནག་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། སྣེ་འདྲེན་ཁེ་ལས་ལ་སྔར་བས་རྒྱབ་སྐྱོར་དང་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པས་འབྲེལ་ཡོད་ཁེ་ལས་ཀྱིས“ཀན་ལྷོའི་ནོར་ནག་རིམ་བགོ་རིགས་དབྱེ་ཚད་གཞི”དང“ཀན་ལྷོའི་སྐམ་ཤ་རིམ་དབྱེའི་ཚད་གཞི”“ཀན་ལྷོའི་ནོར་ནག་གི་འོ་མའི་སྤུས་ཚད་ཀྱི་ཚད་གཞི”སོགས་བཟོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་ཚད་གཞི(ཡང་ན་རྒྱལ་ཁབ་ཀྱི་ཚད་གཞི)རུ་འཕེལ་རྒྱས་གཏོང་བ་དང་། ཀན་ལྷོའི་ནོར་ནག་གི་ཚད་གཞིའི་མ་ལག་དེ་རྒྱལ་ཡོངས་ཀྱི་ནོར་ནག་ལས་རིགས་ཀྱི་འོས་སྦྱོར་ལག་བསྟར་ཚད་གཞིར་འགྱུར་བ་བྱས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཚོ་བོད་ས་མཐོའི་ནོར་ནག་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།།

\

(སངས་རྒྱས་འཚོ་ཡིས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།