གཟའ་ལྷག་པའི་འཆད་ཁྲིད། སྲིད་ལུགས་ངོས་འཛིན།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-27

ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་སློབ་གསེང་འཆད་ཁྲིད་ཐེངས་གསུམ་པ།

སྲིད་ལུགས་ངོས་འཛིན།

འཆད་ཁྲིད་པ། པཎ་ཆེན་རྒྱལ། 


སྲིད་ལུགས་ངོས་འཛིན་སྤྱི་བཤད།

      ངས་འདི་ནས་སྲིད་ལུགས་ཞེས་པ་འདི་ནི་ང་ཚོའི་རྒྱུན་དུ་ངག་ལ་གོམས་པའི་ཆབ་སྲིད་ཅེས་པར་གོ་དགོས། རེད་དེ་ཆབ་སྲིད་མི་ཟེར་དོན་ཐ་སྙད་འདིའི་ཁྱབ་རྒྱ་ཆུང་བ་མ་ཟད། རང་ངོས་ཀྱི་སྲིད་ལུགས་ངོས་འཛིན་ཐད་ནས་ཆབ་སྲིད་ཅེས་པའི་ཐ་སྙད་འདི་ལ་སྐྱོན་དང་གྲལ་རིམ་གོང་འོག་གི་སླད་འདྲེས་པ་ཤས་ཆེ་བས་ངས་འདི་ནས་ཆབ་སྲིད་ཟེར་ན་ནོར་འདུག་པ་དང་དེར་སྲིད་ལུགས་ཟེར་དགོས་ཀྱི་འདུག་ཟེར་བ་ཡིན།

      སྤྱིར་ན་འཛམ་གླིང་གི་སྲིད་ལུགས་ཀྱི་འཕོ་འགྱུར་ལ་གཞིགས་ན་འདི་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་རབ་དང་རིམ་པ་བྱུང་ཡོད། མདོར་བསྡུས་ནས་བཤད་ན། ༡༽སྤྱི་གཞུང་མི་གཅིག་གི་དབང་འོག་ནས་གཏོང་འཛིན་བྱས་པའི་མངའ་བསྡུ་ལམ་ལུགས་ཤིག་བྱུང་ཡོད། དེ་ནི་གཅིག་བདག་རིང་ལུགས་ཡིན། དཔེར་ན་རྒྱལ་བོའི་ལམ་ལུགས། ཁྱིམ་རྒྱུད་དབང་སྡུད་ལམ་ལུགས། སྐུ་དྲག་ལམ་ལུགས་སོགས་ཡིན། ༢༽གཞུང་ཞིག་མི་རེ་འགའ་འམ་ཚོགས་པ་ཞིག་གིས་དབང་དུ་བསྡུས་ནས་སྲིད་ལུགས་སྐྱོང་ཐབས་ཤིག་དར་བ་རེད། དེ་ནི་ཚོགས་བདག་རིང་ལུགས་རེད། དཔེར་ན། ཕྱུག་བདག་རིང་ལུགས། དམར་བོའི་རིང་ལུགས། དབང་སྤྱོད་རིང་ལུགས་སོགས་ཡིན། ༣༽ གཞུང་ཞིག་མི་མང་གིས་གྲུབ་པ། མི་མང་ལ་གྲུབ། མི་མང་གི་གྲུབ་པ་ཡིན་པའི་ལམ་ལུགས་ཤིག་བྱུང་ཡོད། དེ་ནི་མང་བདག་རིང་ལུགས་ཡིན། དཔེར་ན། གྲོས་ཚོགས་རིང་ལུགས་ཀྱི་མང་གཙོ། སྲིད་འཛིན་རིང་ལུགས་ཀྱི་མང་གཙོ། འཐད་སྐོས་རིང་ལུགས་ཀྱི་མང་གཙོ་སོགས་ཡིན། རེད་དེ་སྔ་མ་སྔ་ཉམས་ནས་ཕྱི་མ་ཕྱི་མ་དར་བ་འདི་སྲིད་ལུགས་ཀྱི་གོང་འཕེལ་ཡིན་ལ་སྲིད་ལུགས་ཡང་དག་ཏུ་སྐྱོད་པའི་འཕོ་འགྱུར་ཡང་ཡིན། དེའི་ཕྱིར་ན་མ་འོངས་པར་གཞུང་ཞིག་དང་དེའི་མི་མང་ལ་དབྱེ་བ་མེད་པར་ཀུན་ཀྱིས་སྐྱོང་ཞིང་ཀུན་ལ་དབང་བའི་སྲིད་དབང་ལམ་ལུགས་ཤིག་མི་འབྱུང་བའི་ངེས་པ་མེད་པ་མ་ཟད་དེ་འབྱུང་བར་རྒྱུ་རྐྱེན་གཉིས་ཀ་ལྡན་འདུག  དེ་དུས་དེའི་སྲིད་ལུགས་ལ་ང་ཚོས་ཀུན་བདག་རིང་ལུགས་ཞེས་འབོད་ངེས། འོ་ན། དོན་དམ་པར་སྲིད་ལུགས་ཡང་དག་ཞིག་དགོས་ན་ག་འདྲ་ཞིག་ངོས་འཛིན་བྱ་རྒྱུ་ཡིན་ཟེར་ན། རྣམ་དག་བཞི་ལྡན་གྱི་སྲིད་ལུགས་ཡིན་ན་ཡང་དག་གི་སྲིད་ལུགས་ཡིན། རྣམ་དག་བཞི་བོ་ནི།


༡༽ རང་དབང་།

      རང་དབང་ལ་ཁྱབ་ཁུངས་མི་འདྲ་བ་གསུམ་གྱི་བཞེད་ཚུལ་རེ་ཡོད། དང་བོ། མཚན་ཉིད་སྨྲ་བའི་ལུགས་ལས་དངོས་གཙོ་ལྟོས་གྲུབ་སྨྲ་བའི་ལུགས་ལ་འདོད་མོས་རང་དབངfree willལ་ངོས་འཛིན་དང་། གཉིས་པ། སྲིད་ལུགས་ལ་མི་མང་གི་སྤྱི་ཚོགས་དང་བྱ་བཞག་ལ་རང་དབང་གི་འགན་སྲུང་ཡོད་པར་གོ གསུམ་པ་ཆོས་ལུགས་ལྟར་ན་ཉོན་མོངས་སམ་སྡུག་པའི་འཆིང་ལས་གྲོལ་བའི་རང་དབང་ལ་ངོས་འཛིན་གྱིན་འདུག  རང་ངོས་ནས་རང་དབང་ཞེས་པ་ནི་རང་གཞན་ལ་གནོད་པའི་ཆ་མ་འདྲེས་པའི་ཐོབ་ཐང་མཐའ་དག་ལོངས་སྤྱོད་ཐུབ་པ་ལ་ཟེར་གྱིན་ཡོད།   སྲིད་ལུགས་ཀྱི་རང་དབང་ཞེས་པའི་གོ་རྟོགས་བྱུང་འཕེལ་གྱི་ལོ་རྒྱུས་ལ་གཞིགས་ན། དེའི་མགོ་ཁུངས་ནི་གྷི་རེ་སིའི་རང་དབང་དང་བྲན་གཡོག་ཅེས་པའི་གོ་དོན་ལས་མཆེད་ཡོང་བ་ཞིག་རེད། རང་དབང་མངའ་བ་ལ་མངའ་བདག་མེད་པའམ་མངའ་བདག་ལ་མི་རྟེན་པ་བཅས་ཀྱི་འདུ་ཤེས་ལས་རང་དབང་གི་གོ་རྟོགས་འདི་བྱུང་བ་རེད། ཁོ་ཚོའི་རང་དབང་གི་གོ་རྟོགས་འདི་མང་གཙོའི་ལམ་ལུགས་ལ་སྤོ་བའི་ཉེར་ལེན་གྱི་རྒྱུ་རུ་འགྱུར་ཡོད། དེ་བཞིན་ད་ལྟའི་ཨེ་རན་རྒྱལ་ཁབ༼བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཏ་ཟིག་ཅེས་པ་དེ་ཡིན།༽དེ་ལ་གནའ་བོའི་ལོ་རྒྱུས་ཁྲོད་ནས་པིར་ཤེ་ཡཱ་རྒྱལ་ཁམས Persian Empire ཟེར་བ་དེ་ཡིན། ཁོ་ཚོར་སྤྱི་ལོའི་སྔོན་གྱི་ལོ་ངོ ༥༥༠ ཡས་མས་ཤིག་ལ་རྫོགས་ལྡན་གྱི་དུས་རབས་ཤིག་ཤར་ཡོད། དེ་ནི་ཁོ་ཚོའི་མི་མང་གིས་རང་དབང་གི་གོང་ཐང་ངེས་ཅན་ཞིག་ལ་ལོངས་སུ་སྤྱོད་ཐུབ་ཡོད་པ་དེ་ཡིན། དཔེར་ན་ཆོས་ལུགས་ཀྱི་མངའ་ཁོངས་སུ་འདུས་པའི་མི་སེར་དང་མི་རིགས་གྲངས་ཉུང་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་དེ་ཡིན། ད་དུང་པིར་ཤ་ཡཱའི་རྒྱལ་རབས་སོ་སོའི་ཕོ་བྲང་འཛུགས་སྐྲུན་དང་ཞབས་ཕྱིའི་རྣམ་གྲངས་ཚང་མར་གླ་ཆ་སྤྲད་ནས་ལས་མིར་ཕོགས་སྤྲོད་ལམ་ལུགས་ཤིག་བྱུང་ནས་བྲན་གཡོག་གི་ལམ་ལུགས་རྩ་མེད་བྱས་པ་ལྟ་བུ་སོགས་ཡིན།

      རྒྱ་གར་ནང་བའི་རྒྱལ་ཁམས་མོར་ཡཱMaurya Empireཞེས་པ་ནི་མོར་ཡཱ་རྒྱལ་རབས་ཀྱི་དབང་སྒྱུར་སྐབས་ཀྱི་རྒྱལ་ཁམས་ལ་གོ་ལ། དེ་ནི་ཆན་དྷི་རཱ་གྷོབ་ཏ་མོར་ཡཱ Chandragupta Maurya ཡིས་སྤྱི་ལོའི་སྔོན་གྱི་ལོ་ངོ ༣༢༢ ཡར་སྔོན་ལ་ནན་དྷཱ་རྒྱལ་རབས Nanda Dynasty ཀྱི་རྒྱལ་ཕྲན་དབང་དུ་བསྡུས་ནས་དབུ་བརྙེས་པ་ཞིག་ཡིན་ལ་རྒྱ་གར་གྱི་རྒྱལ་ཕྲན་སིལ་མ་མི་ཉུང་ཞིག་གཅིག་གྱུར་བྱས་པའི་ཐོག་མའི་རྒྱལ་བོ་ཡང་ཡིན། གང་ལྟར་མོར་ཡཱ་རྒྱལ་ཁམས་སུ༼སྤྱི་ལོའི་སྔོན་གྱི་ལོ་ང ༣༢༢ ནས ༡༨༥༽ ཆོས་ལུགས་མི་སྣང་དང་མི་རིགས་སོ་སོར་རང་དབང་དང་། བརྩི་མཐོང་། འདྲ་མཉམ་བཅས་ཀྱི་ཐོབ་ཐང་རེ་འགའ་ཡོད་དེ། དཔེར་ན། རྒྱལ་བོ་ཨ་ཤོ་ཀའི་བཀའ་ཤོག the Edicts of Ashoka the Great གཞི་བྱས་ནས་འགྲོ་བ་མིའི་ཁེ་དབང་ལ་སྲིད་ཞུ་སྒྲུབ་མཁན་ཚོར་བརྩི་མཐོང་བྱ་རྒྱུ་ལྟ་བུའོ། །


༢༽ འདྲ་མཉམ།

      འདྲ་མཉམ་ལ་ཁྱབ་ཁོངས་མི་འདྲ་བ་བཞི་སྟེ་རིག་གནས་དང་སྤྱི་ཚོགས། སྲིད་ལུགས་དང་ཆ་འཕྲིན་གྱི་ཁྱབ་ཁོངས་སོ་སོ་ལ་འགྲེལ་ལུགས་མི་འདྲ་བ་དང་ངོ་འཛིན་མི་འདྲ་བ་རེ་ཡོད་མོད། རེད་དེ་རང་ངོས་ནས་སྲིད་འབྱོར་རིག་གསུམ་གྱི་ཁྱབ་ཁོངས་ནས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་གོ་སྐབས་ཡོད་པ་ལ་ངོས་འཛིན་གྱིན་ཡོད།

འདྲ་མཉམ་ཞེས་པ་དབྱེ་བགོའི་ཐོག་ནས་བཤད་ན་བཞི་ཡོད་དེ།

༡༽ ཁེ་དབང་འདྲ་མཉམ།

      དཔལ་འབྱོར་རིག་པ་སྨྲ་བའི་ལུགས་ལ་གཙོ་བོ་གོ་སྐབས་འདྲ་མཉམ་དང་ཡོང་འབྲས་འདྲ་མཉམ་ལ་དམིགས་ཀྱི་ཡོད། དཔེར་ན་ཨ་རིའི་དཔལ་འབྱོར་སྨྲ་བའི་མཁས་མཆོག་མེལ་ཋོནMilton Friedman (July 31, 1912 – November 16, 2006)ལགས་ཀྱིས་གོ་སྐབས་འདྲ་མཉམ་ཀྱི་དཔལ་འབྱོར་ཁེ་དབང་ལ་བརྩི་མཐོང་སྤྲོད་ལ། དབྱིན་ཇུའི་དཔལ་འབྱོར་སྨྲ་བའི་མཁས་མཆོག་འཇོན་མེ་ནར་ཌྷི John Maynard Keynes, (5 June 1883 – 21 April 1946)ལགས་ཀྱིས་ཡོང་འབྲས་འདྲ་མཉམ་ཀྱི་དཔལ་འབྱོར་ཁེ་དབང་ལ་བརྩི་མཐོང་སྤྲོད་ངེས།

      སྲིད་ལུགས་ལ་ཡང་གྲུབ་ཆ་གཉིས་ཀྱི་སྒོ་ནས་རྗོད་ཀྱིན་ཡོད་དེ། གཅིག་ནི་གང་ཟག་སྒེར་བ་ཞིག་གི་ཐོབ་ཐང་འདྲ་མཉམ་ལ་གོ དེ་ལ་ལྷན་སྐྱེས་ཀྱི་ཐོབ་ཐང natural rights ཡང་ཟེར། དབྱིན་ཇུའི་མཚན་ཉིད་སྨྲ་བ་དང་དངོས་ཁམས་སྨྲ་བ་འཇོན་ལོ་ཁི John Locke  (29 August 1632 – 28 October 1704)ལགས་ནི་ལུགས་དེའི་སྲོད་གཏོད་པར་བཀུར་བཞིན་ཡོད། ལྷག་པར་དུ་ཁོང་གི་གནའ་རབས་རང་དབང་གི་ཡབ་ཆེན་ལ་བཀུར་བཞིན་ཡོད། ཁོང་གི་བསམ་བློའི་ཤུགས་རྐྱེན་ལས། ཕྱིས་སུ་ཧྥ་རན་སའི་གསར་བརྗེ་ཆེན་པོའི French Revolution༼ that lasted from 1789 until 1799༽སྐབས༼རང་དབང་། འདྲ་མཉམ། འཆམ་མཐུན།༽ ཞེས་པ་ནི་སྐབས་དེའི་ཀུན་གྱི་ཁ་འབོད་དུ་གྱུར་ཡོད་པ་མ་ཟད། དུས་ད་ལྟ་ཡང་ཧྥ་རན་སིའི་གཞུང་འབྲེལ་གྱི་འབོད་ཚིག་ཅིག་ཏུ་གྱུར་ཡོད།

      གཞན་ཞིག་ནི། འཇར་མན་གྱི་མར་ཁི་སི Karl Marx (5 May 1818 – 14 March 1883) ལགས་ཀྱིས་སྤྱི་ཚོགས་རིང་ལུགས་དང་དམར་བོའི་རིང་ལུགས་གཉིས་ཀར་ཕྱོགས་སོ་སོ་ནས་འདྲ་མཉམ་གྱི་གོང་ཐང་འདི་བཤད་ཡོད་དེ། གཅིག་ནི་མི་རེའི་ཞབས་འདེགས་ལ་བརྟེན་ནས་འདྲ་མཉམ་བྱ་བ་དང་། ཅིག་ཤོས་ནི་མི་རེའི་འཇོན་ནུས་ལ་བརྟེན་ལ་འདྲ་མཉམ་ལེན་པ་དང་། མི་རེའི་དགོས་མཁོ་ལ་བསྟུན་ནས་འདྲ་མཉམ་བྱ་བ་གཉིས་ཡིན། མཚན་ཉིད་སྨྲ་བའི་བཞེད་ལུགས་ནི་རིག་གཞུང་དང་རིང་ལུགས་སོ་སོར་རུང་བསྟུན་གྱིས་འཆད་པ་དང་མདོར་བབས་ན་རང་དབང་ལམ་ལུགས་ལས་མ་བརྒལ། ཆོས་ལུགས་ཁག་ནས་རྒྱ་གར་གྱི་སེ་ཁིའི་ཆོས་ལུགས་ Sikhism དང་ཡི་ཤེ་ཆོས་ལུགས། Christianity ཡ་ཧུ་དཱ་པའི་ཆོས་ལུགས། Judaism ཨེ་ཟི་ལམ་ཆོས་ལུགས་ Islam བཅས་ཀྱིས་ཁེ་དབང་གི་འདྲ་མཉམ་འདི་འདོད།

༢༽ ཕོ་མོ་འདྲ་མཉམ།

      ཕོ་མོ་འདྲ་མཉམ་ཞེས་པ་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ ༡༩༤༨ ཟླ ༡༢ ཚེས ༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ལས་སྤྲད་པའི་ཁྲིམས་ལུགས་ཤིག་ཡིན། རེད་དེ་ཕོ་མོ་འདྲ་མཉམ་གྱི་ཐོག་མའི་ཁྲིམས་རྩོད་པ་ནི་ཡོ་རོབ་ཀྱི་ཨེ་ཋ་ལེའི་ཁྲིམས་ཞིབ་པ་སྐུ་ལྕམས་དྷེ་ཕེ་རྫནChristine de Pizan  (1364 – 1430ལགས་ཀྱིས ༡༤༠༥ ལོར་བརྩམས་པའི་སྐྱེས་མའི་གྲོང་ཁྱེར་དཔེ་ཆ The Book of the City of Ladies ཞེས་པ་ལས་སྐྱེས་མའི་ཐོབ་ཐང་གསལ་འདོན་གང་ཙམ་བྱས་ཡོད།

༣༽ རིགས་རུས་འདྲ་མཉམ།

      འདི་ནི་རང་བྱུང་གི་སྐྱེས་ཁུངས་ལ་དབྱེ་འབྱེད་མེད་པར། མི་རིགས་དང་། ཁ་དོག སྐྱེ་ཐོབ། རུས་རྒྱུད་གང་ལ་ཡང་ལོག་པའི་རྣམ་རྟོག་གིས་མ་སྒྲིབ་པར་འདྲ་མཉམ་ཡིན་ངེས་པ་དང་ཡོད་ངེས་པ་དེའོ། །

༤༽ སྤྱི་ཚོགས་འདྲ་མཉམ།

      སྤྱི་ཚོགས་འདྲ་མཉམ་ཞེས་པ་ནི་འཚོ་བ་འདྲ་མཉམ་ཞེས་པ་དེ་ཡིན་ལ། འཚོ་བ་འདྲ་མཉམ་ཞེས་པ་ནི་ཁྲིམས་ལུགས་ཀྱི་འོག་ནས་བདག་དབང་འགན་སྲུང་གི་སྲུང་སྐྱོབ་གཅིག་གྱུར་གྱིས་ཡོད་པ་ལ་ཟེར། འདི་ནི་གཙོ་བོ་ཐོབ་ཐང་ཡོངས་སུ་རྫོགས་པ་བསམ་བློ་དང་ཁྱབ་ཁོངས། སྐད་ཡིག་དང་རིག་གནས། ཆོས་ལུགས་དང་སྡེ་ཁག་སོགས་ལ་དབྱེ་བ་མེད་འདྲ་མཉམ་ཡོད་དགོས་པ་གཙོ་གནད་ཡིན།


༣༽ འཆམ་མཐུན།

      འཆམ་མཐུན་ཞེས་པ་ནི་མཛའ་མཐུན་ལ་གོ་བ་གཅིག་ཡོད་ལ། ཚུལ་མཐུན་གྱི་ཚོགས་སྡེ་ལ་གོ་བ་ཡང་གཅིག་ཡོད། གཞན་བདེ་སྲུང་གི་ཆེད་དུ་བཙུགས་པའི་གསང་བའི་ཚོགས་སྡེ་ལ་གོ་བ་ཡང་ཡོད། ངས་འདི་ནས་འཆམ་མཐུན་ཞེས་པ་ནི་རང་གི་སྲིད་ཁམས་ནས་ཕན་པའི་ཞབས་འདེགས་ཕྲན་ཚེགས་ཤིག་ཀྱང་སྒྲུབ་མ་ཐུབ་རུང་། གནོད་པའི་བྱ་བཞག་ཏིལ་འབྲུ་ཙམ་ཡང་མི་བསྒྲུབ་པ་ལ་ངོས་འཛིན་གྱིན་ཡོད།

འཆམ་མཐུན་ནི་འཛམ་གླིང་གཅིག་གི་སྲིད་འབྱོར་རིག་གསུམ་གཅིག་གྱུར་གྱི་ཤུགས་རྐྱེན་འོག་ཡོང་བ་ཞིག་ཡིན།

༡༽ སྲིད་ལུགས་གཅིག་གྱུར། ༼མང་གཙོའི་རིང་ལུགས།༽

གཅིག ༽ གནའ་བོའི་མང་གཙོ།

གཉིས།༽ དུས་རབས་བར་མའི་མང་གཙོ།

གསུམ། ༽ དེང་རབས་མང་གཙོ།

༢༽ དཔལ་འབྱོར་གཅིག་གྱུར།

གཅིག༽ རྒྱལ་ཁབ་གཅིག་གྱུར།

གཉིས༽ ཚོགས་སྡེ་གཅིག་གྱུར།

གསུམ༽ སྒེར་དོན་གཅིག་གྱུར།

༣༽ རིག་གནས་གཅིག་གྱུར།

གཅིག༽ ཤེས་ཡོན་སྲིད་ཇུས།

གཉིས༽ རིག་གནས་ནང་འདྲེན།

གསུམ༽ སྣ་མང་རིག་གནས་ཁྱབ་བརྡལ།

མདོར་ན་འཛམ་གླིང་ན་མིག་སྔར་འཆམ་མཐུན་འཕོ་འགྱུར་དང་འབྲེལ་བའི་རྒྱལ་སྤྱིའི་འཆམ་མཐུན་གྲོས་མཐུན་སོ་ལྔ་ལྷག་ཡོད།


༤༽ ཞི་བདེ།

      ཞི་བདེ་ནི་སྤྱི་ཁྱབ་ཀྱིས་སྤྱི་ཚོགས་མི་འདྲ་བ་སོ་སོའི་བར་ལ་འཚེ་བ་དང་ཉོག་དྲ་མེད་པར། རང་དབང་དང་འཆམ་མཐུན་བཅས་ཡོད་པའི་མཛའ་མཐུན་ལ་གོ་བཞིན་ཡོད་པ་མ་ཟད། བདེ་འཇགས་ཀྱི་གནས་སྟངས་འོག་ནས་སྐྱེ་བོ་ཕན་ཚུན་དང་རྒྱལ་ཁབ་ཕན་ཚུན་རྣམ་དག་གིས་འདུམ་འགྲིག་བྱས་པ་ལ་ཡང་གོ རེད་དེ་རང་ངོས་ནས་ཞི་བདེ་ཞེས་པ་ནི་འཁྲུག་རྩོད་མེད་པ་ཙམ་ལ་མི་གོ་སྟེ། དེ་ནི་ས་གནས་བདག་དབང་དང་། མི་རིགས་བདག་དབང་། རིག་གནས་བདག་དབང་བཅས་ཀྱི་མངའ་ཁོངས་ནས་ཀུན་ཁྱབ་རང་བཞིན་ཅན་གྱི་མཛའ་མཐུན་མཉམ་གནས་ཀྱི་འདུམ་འགྲིག་སྲིད་ཇུས་ལ་གོ་ཡི་ཡོད།

ཞི་བདེ་ཡི་གལ་གནད་ཆེ་བའི་དོན་ཚན་བཞི།

༡༽ ཁེ་དབང་ཚད་མཉམ།

༢༽ དྲང་བདེན་བརྩི་སྲུང་།

༣༽ སྤྱི་ཕན་མཉམ་སྒྲུབ།

༤༽ མཐོ་དམན་སྙོམས་སྒྲིག


འཛམ་གླིང་གི་ཞི་བདེའི་རྡོ་རིང་འདེམས་བཀོད།

Name

Location

Organization

Meaning

Japanese Peace Bell

New York City, NY, USA

United Nations

World peace

Fountain of Time

Chicago, IL, USA

Chicago Park District

100 years of peace between the USA and UK

Fredensborg Palace

Fredensborg, Denmark

Frederick IV

The peace between Denmark–Norway and Sweden, after Great Northern War which was signed July 3, 1720 on the site of the unfinished palace.

Confederate Memorial [12]

Arlington, Va, USA

Arlington National Cemetery

Southern States choosing peace over war

International Peace Garden

North Dakota,Manitoba

non-profit organization

Peace between the US and Canada, World peace

Peace Arch

border between US and Canada, near Surrey, British Columbia.

non-profit organization

Built to honor the first 100 years of peace between Great Britainand the United States resulting from the signing of the Treaty of Ghent in 1814.

Statue of Europe

Brussels

European Commission

Unity in Peace in Europe

Waterton-Glacier International Peace Park

Alberta, Montana

non-profit organization

World Peace