ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཡོན་ཧྲི་ལི་ཏེ་རེན་ལ་པུའུ་ལུའོ་ཁེའི་གསེར་གྱི་བྱ་དགའ་ཐོབ།

2022-06-10 17:24:00     责编:卓玛才让

     སྤྱི་ཟླ་6པའི་ཚེས་8ཉིན་ཝུའུ་ཧན་སློབ་གྲྭ་ཆེན་མོ་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་6པའི་ཚེས་6ཉིན། སྐབས་24པའི་རྒྱལ་སྤྱིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་ཚོགས་ཆེན་ཧྥ་རན་སེའི་ཉི་སི་རུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཝུའུ་ཧན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཏེ་རེན་ལ་པུའུ་ལུའོ་ཁེའི་གསེར་གྱི་བྱ་དགའ་(Brck Gold Medal Award)གནང་ནས་ཁོང་གིས་པར་ལེན་ཚད་འཇལ་དང་། རྒྱང་ཚོར་དང་སའི་གོ་ལའི་བར་མཐོངས་ཆ་འཕྲིན་གྱི་ཚན་རིག་གོང་འཕེལ་ལ་ལམ་ཚད་རྡོ་རིང་ལྟ་བུའི་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་གནང་བ་རེད། ལི་ཏེ་རེན་ནི་རང་རྒྱལ་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཐོག་མ་དེ་ཡིན།

རྒྱལ་སྤྱིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་སློབ་ཚོགས་ཀྱི་ཀྲུའུ་ཞི། དགེ་རྒན་ཆེ་མོ་བ་ ChristianHeipkeདང་ཀྲུའུ་ཞི་གཞོན་པ་Charles Tothརྣམ་གཉིས་ནས་མཉམ་དུ་

ལི་ཏེ་རེན་ལ་བྱ་དགའ་གནང་བཞིན་པ།

     ད་ཐེངས་ཀྱི་ཚོགས་ཆེན་ནི་རྒྱལ་སྤྱིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་སློབ་ཚོགས(ISPRS)ཀྱིས་ལོ་བཞིར་སྐབས་རེ་གཉེར་བའི་རིག་གཞུང་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་པར་ལེན་ཚད་འཇལ་དང་། རྒྱང་ཚོར། ས་ཁམས་ཆ་འཕྲིན་ཚན་རིག དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཁས་དབང་དང་། བཟོ་བཀོད་མཁས་པ། ཁེ་ལས་མཁས་ཅན། དོ་དམ་མི་སྣ་བཅས་དྲ་ཐོག་དང་དྲ་ཕྱིའི་རྣམ་པའི་ཐོག་ནས་ལྷན་འཛོམས་གནང་སྟེ། “མིག་སྔར་རྒྱང་ཚོར་དང་། འབྱུང་འགྱུར་ལ་རྒྱང་ལྟ་བྱེད”ཅེས་པའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོར་དམིགས་ནས་ལྷན་དུ་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཇུས་གཞི་བཏོན་གནང་ཡོད།

པུའུ་ལུའོ་ཁེའི་གསེར་གྱི་རྟགས་མ།

     ཤེས་རྟོགས་བྱུང་བར་གཞིགས་ན། པུའུ་ལུའོ་ཁེའི་གསེར་གྱི་བྱ་དགའ་ནི་ཨ་རིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་སློབ་ཚོགས(ASPRS)ཀྱིས་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན་པ་དང་། ལོ་བཞི་རེར་པར་ལེན་ཚད་འཇལ་དང་། རྒྱང་ཚོར་དང་སའི་གོ་ལའི་བར་སྣང་ཆ་འཕྲིན་ཁྱབ་ཁོངས་སུ་ལེགས་སྐྱེས་ཆེན་པོ་ཕུལ་བའི་ཚན་རིག་མཁས་ཅན་ཞིག་དཔྱད་འདེམས་བྱེད་ཀྱི་ཡོད། དེ་ནི་རྒྱལ་སྤྱིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་བྱ་དགའི་གྲས་ཤིག་རེད། 

     1952ལོ་ནས་ད་བར། གོ་ལ་ཧྲིལ་པོའི་ཚན་རིག་མཁས་ཅན་17ཙམ་ལ་བྱ་དགའ་དེ་ཐོབ་ཡོད་པ་དང་། ལི་ཏེ་རེན་ནི་བྱ་དགའ་དེ་ཐོབ་མཁན་གྱི་ཀྲུང་གོའི་ཚན་རིག་མཁས་ཅན་ཐོག་མ་དེ་ཡིན། ལི་ཏེ་རེན་གྱིས། གཟི་བརྗིད་འདི་ནི་ང་མི་སྒེར་ལ་དབང་བ་ཙམ་མ་ཡིན་པར། ངའི་ཚོགས་པ་དང་། ངའི་སློབ་ཆེན། ངའི་རྒྱལ་ཁབ་བཅས་ལའང་དབང་བ་ཡིན། སླད་ཕྱིན་སྔར་རྒྱུན་བཞིན་པར་ལེན་ཚད་འཇལ་དང་རྒྱང་ཚོར་ལག་རྩལ་སྤྱད་དེ་མིའི་རིགས་ཀྱི་སྤྱི་ཚོགས་ལ་དེ་བས་མགྱོགས་པ་དང་། དེ་བས་གནད་ལ་འཁེལ་བ། དེ་བས་བློས་འགེལ་ཆོག་པ། དེ་བས་རིག་ནུས་ལྡན་པ་བཅས་ཀྱི་བར་མཐོངས་ཆ་འཕྲིན་གྱི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། སྒྲོལ་མ་སྐྱབས།

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

ཡོན་ཧྲི་ལི་ཏེ་རེན་ལ་པུའུ་ལུའོ་ཁེའི་གསེར་གྱི་བྱ་དགའ་ཐོབ།

སྤྱི་ཟླ་6པའི་ཚེས་8ཉིན་ཝུའུ་ཧན་སློབ་གྲྭ་ཆེན་མོ་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་6པའི་ཚེས་6ཉིན།