འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་10ཉིན།

༄༅།།ཁོང་ནི་བྱ་དགའ་འདི་ཐོབ་མཁན་ཀྲུང་གོའི་ཚན་རིག་པ་དང་པོ་དེ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་10ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁོང་ནི་བྱ་དགའ་འདི་ཐོབ་མཁན་ཀྲུང་གོའི་ཚན་རིག་པ་དང་པོ་དེ་རེད།
    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན་ཝུའུ་ཧན་སློབ་གྲྭ་ཆེན་མོ་ནས་ཤེས་རྟོགས་བྱུང་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་6ཉིན་རྒྱལ་སྤྱིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་ཚོགས་ཆེན་སྐབས་24པ་ཧྥ་རན་སེ་ཉི་སི་རུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཝུའུ་ཧན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ལི་ཏེ་རེན་ལ་པུའུ་ལུའོ་ཁེའི་གསེར་གྱི་བྱ་དགའ(Brck Gold Medal Award)གནང་ནས་ཁོང་གིས་པར་ལེན་ཚད་འཇལ་དང་། རྒྱང་ཚོར་དང་སའི་གོ་ལའི་བར་མཐོངས་ཆ་འཕྲིན་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་གནང་བ་རེད། ལི་ཏེ་རེན་ནི་གཟི་བརྗིད་མཚན་སྙན་འདི་ཐོབ་མཁན་ཀྲུང་གོ་བ་དང་པོ་དེ་ཡིན།    
   ད་ཐེངས་ཀྱི་ཚོགས་ཆེན་ནི་རྒྱལ་སྤྱིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་རིག་གཞུང་ལྷན་ཚོགས(ISPRS)ཀྱི་ལོ་བཞིའི་སྐབས་ཤིག་རིང་གི་རིག་གཞུང་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་པར་ལེན་ཚད་འཇལ་དང་། རྒྱང་ཚོར། ས་ཁམས་ཆ་འཕྲིན་ཚན་རིག་བཅས་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ནས་ཡོང་བའི་མཁས་དབང་དང་། ལས་བཀོད་པ། ཁེ་ལས་པ། དོ་དམ་མི་སྣ་བཅས་དྲ་ཐོག་དང་ཡུལ་དངོས་ནས་འདུ་འཛོམས་བྱས་ཏེ“རྒྱང་ཚོར་བཀོལ་སྤྱོད། འབྱུང་འགྱུར་རྒྱང་ལྟ”ཅེས་པའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོར་དམིགས་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། པུའུ་ལུའོ་ཁེ་གསེར་གྱི་བྱ་དགའ་ནི་ཨ་རིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་རིག་གཞུང་ལྷན་ཚོགས(ASPRS)ཀྱིས་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། ལོ་བཞི་རེར་པར་ལེན་ཚད་འཇལ་དང་། རྒྱང་ཚོར། སའི་གོ་ལའི་བར་སྣང་ཆ་འཕྲིན་ཁྱབ་ཁོངས་བཅས་སུ་ལེགས་སྐྱེས་ཆེན་པོ་ཕུལ་བའི་ཚན་རིག་པ་ཞིག་བདམས་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་པར་ལེན་ཚད་འཇལ་དང་རྒྱང་ཚོར་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་བྱ་དགའ་གྲལ་ཞིག་ཡིན།
   1952ལོ་ནས་ད་བར་གོ་ལ་ཧྲིལ་པོའི་ཚན་རིག་པ17ལ་བྱ་དགའ་འདི་ཐོབ་ཡོད། ལི་ཏེ་རེན་ནི་བྱ་དགའ་འདི་ཐོབ་མཁན་ཀྲུང་གོའི་ཚན་རིག་པ་དང་པོ་དེ་ཡིན་པ་རེད།
༄༅།།ཁོང་ནི་བྱ་དགའ་འདི་ཐོབ་མཁན་ཀྲུང་གོའི་ཚན་རིག་པ་དང་པོ་དེ་རེད།