བལ་བོའི་འགྲུལ་སྐྱེལ་གནམ་གྲུ་ཞིག་མར་ལྷུང་ཞིང་ཡུལ་དངོས་ནས་བེམ་པོ16རྙེད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས30ཉིན་བལ་བོའི་དམག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། མི22བསྡད་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་བལ་བོའི་མུའུ་སི་ཐང་རི་ཁུལ་དུ་མར་ལྷུང་། བལ་བོའི་དམངས་སྤྱོད་མཁའ་གྲུ་ཅུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། ཉིན་དེར་རོགས་སྐྱོབ་མི་སྣས་ཡུལ་དངོས་ནས་བེམ་པོ16རྙེད་ཡོད་ལ། གཞན་པའི་མི6འཚོལ་ཞིབ་བྱེད་བཞིན་པའི་སྒང་ཡིན། 

བལ་བོའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་མགྲིན་ཚབ་པས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། གནམ་གྲུ་མར་ལྷུང་སའི་ས་ཁུལ་གྱི་གནམ་གཤིས་ཧ་ཅང་སྡུག་པོ་ཡིན་པས་རོགས་སྐྱོར་གྱེན་འཕུར་གནམ་གྲུ་འཕུར་མི་ནུས་པ་རེད། གལ་ཏེ་གནམ་ཟླ་ཇེ་བཟང་དུ་གྱུར་ཚེ་བེམ་པོ་རྣམས་གྱེན་འཕུར་གནམ་གྲུ་བཀོལ་ནས་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་རུ་སྐྱེལ་རྒྱུ་ཡིན་ཞེས་བཤད།

བལ་བོའི་ཐཱ་ལ་མཁའ་འགྲུལ་ཀུང་སི་ཁོངས་གཏོགས་ཀྱི་འགྲུལ་སྐྱེལ་གནམ་གྲུ་འདི་ས་གནས་དེ་གའི་དུས་ཚོད་ཚེས29ཉིན་གྱི་སྔ་དྲོ་བལ་བོའི་དབུས་ནུབ་རྒྱུད་ཀྱི་ཁཱ་སི་ཅི་རྫོང་གི་པའོ་ཁུ་ལ་གནམ་གྲུ་ཐང་ནས་མུའུ་སི་ཐང་རྫོང་གི་ཙའོ་མུའུ་སའོ་མུའུ་རུ་འཕུར་བ་ཡིན་མོད། དུས་ཚོད་སྐར་མ་འགའ་ཡི་རྗེས་སུ་ཚོད་འཛིན་ལྟེ་གནས་དང་འབྲེལ་བ་ཆད་པ་རེད། འཚོལ་ཞིབ་མྱུར་སྐྱོབ་ལ་གཙོ་ཁྲིད་བྱེད་མཁན་གྱི་བལ་བོའི་དམག་ཕྱོགས་ཀྱིས་ཚེས30ཉིན་གྱི་སྔ་དྲོ་མུའུ་སི་ཐང་རི་ཁུལ་དུ་རྙེད་པ་རེད།

ཐཱ་ལ་མཁའ་འགྲུལ་ཀུང་སིས། འགྲུལ་སྐྱེལ་གནམ་གྲུ་ནང་བསྡོམས་པས་འགྲུལ་བ19དང་ཁ་ལོ་བ3བཅས་ཡོད་ལ། འགྲུལ་བའི་ནང་རྒྱ་གར་བ4དང་འཇར་མན་པ2བཅས་ལས་གཞན་ཚང་མ་བལ་བོའི་མི་རེད་ཅེད་བཤད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།