འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་18ཉིན།

༄༅།།ལས་ཤོར་འགན་བཅོལ་མ་དངུལ་དང་རོགས་དངུལ་འདི་ལྟར་ལེན་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་18ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས《ལས་ཤོར་ཉེན་འགན་དང་ལས་གནས་བརྟན་པོ། རྩལ་ནུས་ཇེ་མཐོ་དང་ལས་ཤོར་འགོག་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་པ་རེད།
     ལས་ཤོར་འགན་བཅོལ་མ་དངུལ་དང་རོགས་དངུལ་ཅི་ལྟར་ལེན་དགོས་སམ།
     གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲོན་སྣེའི་བྱ་རིམ་ཆུང་ངུ་ནང་འཛུལ་ནས། གློག་རྡུལ་སྤྱི་ཚོགས་འགན་སྲུང་ཁཱ་གནོན་པ། དེ་ནས་གློག་རྡུལ་སྤྱི་ཚོགས་འགན་སྲུང་ཁཱ་ཡི་ཆ་འཕྲིན་ལ་བལྟ་དགོས།
     གཉིས། ལས་ཤོར་ཉེན་འགོག་ཐོབ་ཐང་རེ་ཞུ་མནན་ནས་རེ་ཞུ་བྱེད་སའི་གནས་དེར་ལས་ཤོར་འགན་བཅོལ་མ་དངུལ་ལམ་རོགས་དངུལ་དྲ་ཐོག་ནས་རེ་ཞུ་བྱེད་པའི་ཞབས་ཞུ་ཤར་གཏོང་བྱས་མིན་འདྲི་རྩད་བྱེད་དགོས། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན(ཆུས་དང་གྲོང་ཁྱེར)ཡོངས་ཀྱི་ལས་ཤོར་འགན་བཅོལ་མ་དངུལ་དང་ལས་ཤོར་རོགས་དངུལ་ཚང་མ་གཅིག་གྱུར་ཐོག་རེ་ཞུ་བྱེད་པའི་ཞབས་ཞུ་ཤར་གཏོང་ཐུབ་ཡོད་པ་རེད།
     གསུམ། ཞབས་ཞུ་ཤར་གཏོང་བྱས་ཡོད་པའི་ས་ཁུལ་དུ་ལས་ཤོར་འགན་བཅོལ་མ་དངུལ་ལམ་ཡང་ན་རོགས་དངུལ“རེ་ཞུ་བྱེད་པ”མནན་ཏེ། འགན་བཅོལ་ནང་ཞུགས་ཡུལ་དང་དངུལ་ཁང་གི་ཐོ་ཁོངས་སོགས་ཀྱི་ཆ་འཕྲིན་ཞིབ་དཔྱད་དམ་ཡང་ན་ཕབ་འཇུག་བྱས་ན་རེ་ཞུ་ལེགས་འགྲུབ་ཡོང་ཐུབ།
     བཞི། ལས་ཤོར་འགན་བཅོལ་མ་དངུལ་ལམ་ལས་ཤོར་རོགས་དངུལ་གྱི“གནས་ཚུལ་གསལ་བོར་ལྟ་བ”ཞེས་པ་མནན་ན། རེ་འདུན་ཞུས་པའི་མཇུག་འབྲས་ལ་ལྟ་ཐུབ། ཞིབ་བཤེར་བྱས་པ་བརྒྱུད་རེ་ཞུ་བྱེད་པའི་ཆ་རྐྱེན་དང་མཐུན་ན། ཐོ་འགོད་བྱས་པའི་དངུལ་ཁང་གི་ཐོ་ཁོངས་བརྒྱུད་ནས་ལས་ཤོར་རོགས་དངུལ་ལམ་ལས་ཤོར་འགན་བཅོལ་མ་དངུལ་ལེན་ཐུབ།