འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་7ཉིན།

༄༅།།ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་མགྲིན་ཚབ་པ་གསར་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་07ཉིན། 16:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་ཕོ་བྲང་དཀར་པོའི་གསར་འགྱུར་མགྲིན་ཚབ་པ་གཞོན་པ་ཁཱ་ལིན•ཇེན་-ཕི་ཨེར(Karine Jean-Pierre)ནི་སྐབས་རྗེས་མའི་ཕོ་བྲང་དཀར་པོའི་གསར་འགྱུར་མགྲིན་ཚབ་པ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
   གནས་ཚུལ་སྤེལ་བར་གཞིགས་ན། ཁཱ་ལིན•ཇེན-ཕི་ཨེར་ནི་ཕོ་བྲང་དཀར་པོའི་གསར་འགྱུར་མགྲིན་ཚབ་པའི་འགན་འཁུར་མཁན་ཧྥེ་གླིང་རྒྱུད་ཀྱི་བུད་མེད་དང་པོར་འགྱུར་རྒྱུ་དང་། ཟླ་5ཚེས་13ཉིན་ད་ལྟའི་མགྲིན་ཚབ་པ་ཕུའུ་ས་ཅིའི་ཚབ་ལ་དངོས་སུ་ལས་འགན་འཁུར་རྒྱུ་རེད།
   པེ་ཏེན་གྱིས་གསལ་བསྒྲགས་ནང་ཁཱ་ལིན•ཇེན•ཕི་ཨེར་ནི་མགྲིན་ཚབ་པའི“ཉམས་མྱོང་དང་། འཇོན་ཐང་། གཞུང་དྲང་”བཅས་ལྡན་པ་དང་། ཕུའུ་ས་ཅིས་ཀྱང་ཁོང་ནི“མཉམ་ལས་རོགས་ཟླ་ངོ་མ”ཞིག་རེད་ཅེས་བསྔགས་བརྗོད་བྱས་འདུག
   གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། ཕུའུ་ས་ཅི་2022ལོའི་ལོ་མཇུག་ཙམ་ལ་མཉེན་ཆས་ཕྲ་མོ་རྒྱལ་ཡོངས་རླུང་འཕྲིན་ཀུང་སི(MSNBC)ནང་ཞུགས་རྒྱུ་དང་། དེ་གོང་གནས་ཚུལ་ཤེས་རྟོགས་མི་སྣས་ཕུའུ་ས་ཅི་ཀུང་སི་དེའི་ལེ་ཚན་གཙོ་སྐྱོང་བ་བྱ་རྒྱུ་ཡིན་པ་བརྗོད།