འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་20ཉིན།

༄༅།།འཕྲིན་ཐུང་དེ་རིགས་འབྱོར་ཚེ་ལམ་སང་བསུབ་དགོས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་20ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་བའི་ཉིན་ཤས་ནང་། གྲོང་མི་ཁ་ཤས་ལ་འགོ་འཛུགས་ཨང་གྲངས་【12333】ཡིན་པའི་འཕྲིན་ཐུང་ཞིག་འབྱོར་བ་དེས་དྲ་ཐོག་ནས་སྨན་བཅོས་འགན་སྲུང་ཁཱར་སྣོན་བྲིས་ཀྱིས་སྤྱོད་ནུས་སློང་དགོས་ཟེར་འདུག འོ་ན། དེ་ནི་ཡང་སྙིང་ངོ་མ་ཡིན་ནམ།  
   དེའི་ཐད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་གཞུང་གི་དྲ་ཚིགས་ནས་གསལ་བསྒྲགས་ནན་པོ་སྤེལ་བ་སྟེ། འཕྲིན་ཐུང་གི་རྣམ་པའི་ཐོག་ནས་བརྡ་ཐོ་དེ་རིགས་བཏང་མྱོང་མེད་བརྗོད། 
   【12333】ཁྱེད་ཀྱི་སྨན་སྤྱོད་བྱང་བུ་བེད་སྤྱོད་བཀག་སྡོམ་བྱས་འདུག ཟླ་4ཚེས་14ཉིན་གྱི་གོང་j.y32K.clubཐོག་ནས་ཆ་འཕྲིན་གསབ་འབྲི་བྱས་རྗེས་བེད་སྤྱོད་བྱེད་རོགས། 
    ཟླ་4ཚེས་13ཉིན། སྐུ་ཞབས་ཀྲེན་ལ་འདི་འདྲའི་འཕྲིན་ཐུང་ཞིག་འབྱོར་བྱུང་ཚེ། ཁོང་གིས་དྲན་སྐུལ་ལྟར་འཕྲིན་ཐུང་ནང་གི་སྦྲེལ་ཐག་མནན་མཐར། འཕྲལ་མར་བརྡ་ཐོ་ཞིག་འབྱོར་ཡོད། བརྡ་ཐོའི་ནང་དོན་ནི་“རྒྱལ་ཡོངས་ཀྱི་གློག་རྡུལ་སྨན་བཅོས་འགན་སྲུང་མ་ལག་རིམ་སྤར་བྱེད་པའི་རྐྱེན་གྱིས། རྒྱ་ཆེའི་སྤྱོད་མཁན་ཚོས་དུས་ཐོག་ཏུ་གློག་རྡུལ་སྨན་བཅོས་འགན་སྲུང་ཁཱ་གསར་པ་ལེན་པའི་འགྲོ་ལུགས་འགྲིམ་དགོས། དུས་ཐོག་ཏུ་ལེན་པའི་འགྲོ་ལུགས་མ་འགྲིམས་པའི་སྤྱོད་མཁན་གྱི་སྨན་བཅོས་འགན་སྲུང་ཁཱ་ཪྙིང་པའི་སྤྱོད་མཚམས་གཅོད་རྒྱུ་ཡིན།དེས་ཁྱེད་ཉིད་ལ་སྟབས་མི་བདེ་བ་བཟོས་ན་དགོངས་དྭངས་གནང་རོགས།འཕྲལ་ཏུ་ལེན་པ་བྱེད་རོགས”ཞེས་པ་དེ་རེད།
   “འཕྲལ་ཏུ་སྒྲུབ”ཟེར་བ་དེ་མནན་མ་ཐག“རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས”ཟེར་བའི་དྲ་ངོས་སུ་སླེབས་ནས། སྤྱོད་མཁན་གྱིས་ཐོབ་ཐང་ར་སྤྲོད་དགོས་ཀྱི་འདུག 
   སྐུ་ཞབས་ཀྲེན་གྱིས། འཕྲིན་ཐུང་འདི་ནི་ཁ་པར་ཨང་གྲངས་“+8210-7936-6400”ཟེར་བ་ཞིག་ལས་བསྐུར་བྱུང་བས། རང་ལ་“གློག་འཕྲིན་ཁ་བསླུས་”ཐེབས་རྒྱུའི་དོགས་པ་བྱུང་ཟེར། 
   རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས། 
འཕྲིན་ཐུང་གི་རྣམ་པའི་ཐོག་ནས་བརྡ་ཐོ་དེ་རིགས་བཏང་མ་མྱོང་བརྗོད། 
   གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་ནས་མཐོང་གསལ། ཅུས་དེས་དེའི་དྲ་ངོས་དང་པོའི་མངོན་གསལ་ཆེ་ས་ནས་གསལ་བསྒྲགས་ནན་པོ་སྤེལ་ཡོད་པ་སྟེ།“ཉེ་ཆར་མང་ཚོགས་ལ་སྨན་བཅོས་འགན་སྲུང་གི་འབྲེལ་ཡོད་རྩིས་ཐོ་རིམ་སྤར་དགོས་ལུགས་ཀྱི་འཕྲིན་ཐུང་གི་བརྡ་ཐོ་འབྱོར་བྱུང་ཟེར་བ་རེད། འདི་ནས་གསལ་བསྒྲགས་ནན་པོ་སྤེལ་རྒྱུར། ངེད་ཅུས་ཀྱིས་འཕྲིན་ཐུང་གི་རྣམ་པའི་ཐོག་ནས་བརྡ་ཐོ་དེ་རིགས་བཏང་མ་མྱོང་། ངེད་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཀྱི་དྲ་གནས་མཐའ་དག་གི་མཚོན་རྟགས་ནི་nhsa.g.cnཡིན་པས། དྲ་གནས་གཞན་དག་ཚང་མ་རྫུན་མ་རེད”ཅེས་བཀོད་འདུག