འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་30ཉིན།

༄༅།།ཨ་རིས་2040ལོར་མིའི་རིགས་སྐར་མ་མིག་དམར་ཐོག་སྐྱེལ་རྩིས་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་30ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས(CNN)གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཅུས(NASA)ཀྱི་ཅུས་ཀྲང་པིའར·ནའར་སེན(Bill Neson)གྱིས་2040ལོར་ཨ་རིས་འགྲོ་བ་མིའི་རིགས་སྐར་མ་མིག་དམར་ཐོག་སྐྱེལ་རྩིས་ཡོད་ཅེས་བཤད་པ་རེད།
    གནས་ཚུལ་སྤེལ་བར་གཞིགས་ན། ནའར་སེན་གྱིས“ང་ཚོའི་འཆར་གཞི་ནི་2040ལོར་སྐར་མ་མིག་དམར་ཐོག་མིའི་རིགས་ཀྱིས་འགྲོ་སྐྱོད་བྱ་ཐུབ་རྒྱུ་དེ་ཡིན”ཞེས་བཤད་པ་རེད།
   གཞན་ཡང་། ཨ་རིས“ཨའར་ཐི་སྨི་སི”ཟླ་བའི་གོ་ལར་སྐྱོད་པའི་འཆར་གཞི་ལག་ལེན་བསྟར་བཞིན་ཡོད་པ་དེའི་དམིགས་ཡུལ་ནི་2025ལོར་སླར་ཡང་ཟླ་བའི་གོ་ལའི་ཐོག་བསྐྱོད་རྒྱུ་དེ་རེད།
   ནའར་སེན་གྱིས་ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་2023ལོར་NASAལ་མ་དངུལ་སྔོན་རྩིས་ཨ་སྒོར་དུང་ཕྱུར་260མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། དེའི་ནང་གི་མང་ཤོས་ནི“ཨའར་ཐི་སྨི་སིའི”འཆར་གཞིར་སྤྱོད་རྒྱུ་ཡིན་ཟེར།