རྡོ་ཀླུང་རྟོག་སད་ཀྱི་བསྒྱུར་རྩོམ་ཟིན་དེབ་འགའ།

安多藏文平台 2019-06-01 18:45

Image  Image  

ImageImage

Image


No one can be sure about his future. Future is not what fortune-teller tells you. It is created by yourself.

_Bill Gates

སུ་གཅིག་གིས་ཀྱང་ཁྱེད་ཀྱི་མ་འོངས་པའི་སྐོར་བཤད་ཚོད་མི་ཐུག ཁྱེད་ལ་མཚན་མཁན་༼ལྷ་པ་མོ་མ་༽རྣམས་ཀྱིས་བཤད་པའི་ལུང་བསྟན་དེ་ཁྱེད་ཀྱི་མ་འོངས་པ་མིན། ཁྱེད་ཀྱི་མ་འོངས་པ་དེ་ནི་ཁྱེད་རང་ཉིད་ཀྱིས་གསར་སྐྲུན་བྱེད་དགོས་པ་ཞིག་རེད།

བྷིལ་གྷེ་ཚི།



Success is focusing the full power of all you are on what have a burning desire to achieve. 

_Wilfred A. Peterson

ལེགས་གྲུབ་ཅེས་པ་དེ་ནི་རྣམ་ཀུན་དམིགས་གནད་གཅིག་ཁོ་ན་གཙོར་བཟུང་གིས་མཐར་སྐྱེལ་ཡོང་བར་འདོད་ཞེན་ཀྱི་མེ་ཡི་སྟོབས་ཤུགས་འབར་བཞིན་པའི་ཐོག་ནས་འབྱུང་བ་ཞིག་རེད། 

ཕིའི་ཋར་སན།



Success is not the result of spontaneous combustion. You must set yourself on fire.

_Reggie Leach

ལེགས་གྲུབ་ཅེས་པའི་མཐར་འབྲས་དེ་ནི་ངམ་ངམ་ཤུགས་ཀྱིས་འབར་ཡོང་བའི་རྫས་ཤིག་མ་རེད། ཁྱོད་རང་ཉིད་ཀྱིས་ངེས་པར་དུ་སྦར་དགོས་པ་ཞིག་རེད། 

རེ་ཇི་ལེས་ཆི།



Life without an aim is like sailing without the compass.

没有目标而生活,犹如航海没有指南针。

\康德 Kant

མི་ཚེ་ལ་ཁ་ཕྱོགས་མེད་པ་དེ་ནི་ཕྱོགས་སྟོན་འཁོར་ལོ་མེད་པར་རྒྱ་མཚོར་གྲུ་གཏོང་བ་དང་ཀུན་ཏུ་མཚུངས། ཁེང་ཊི།



Life is a coin,you can spend it anyway you wish, but you can only spend it once.

生命是一枚钱币,你可以随意使用它,但只能用一次。

济慈 J.Keats

མི་ཚེ་ནི་དོང་ཚེ་ཞིག་ཡིན། ནམ་ཡིན་ན་ཡང་ཁྱེད་ཀྱིས་གཏོང་བསམ་དུས་གཏོང་ཆོག་ཆོག་ཡིན། ཡིན་ན་ཡང་། ཁྱེད་ཀྱིས་ཐེངས་གཅིག་ཁོ་ན་གཏོང་ཆོག་པ་ཞིག་ཡིན།  

ཁེས་ཚི།



Life is a leaf of paper white, there on each of us may write his word or two.

人生就像一张白纸,每个人都可以在上面写下自己的历史。洛维儿 Amg Lowell

མི་ཚེ་ནི་ཤོག་ལྷེ་དཀར་པོ་གཅིག་ཡིན། མི་རེ་རེས་ཚིག་གཅིག་རེ་གཉིས་རེ་ཙམ་འབྲི་སྲིད་ཀྱི་རེད། ལོ་ཝོལ།



Success is not built on success. It's built on failure. It's built on frustration. Sometimes its built on catastrophe.

成功并非建立在成功之上,而是建立在失败、挫折,有时甚至是大灾难之上。美国实业家 萨默·雷石东 Sumner Redstone, American Industrialist

རྒྱལ་ཁ་ནི་རྒྱལ་ཁའི་ཐོག་ནས་བསྐྲུན་པ་ཞིག་མིན། འདི་ནི་ཕམ་ཉེས་ཀྱི་ཐོག་ནས་བསྐྲུན་རྒྱུ་ཞིག་ཡིན། འདི་ནི་མཚམས་རེར་འགོག་རྐྱེན་ཞེ་སུན་གྱི་ཐོག་ནས་འབྱུང་ལ།  སྐབས་རེར་བྱུས་ཉེས་ཆག་སྒོའི་ཐོག་ནས་ཀྱང་འབྱུང་བ་ཞིག་ཡིན

  ཨ་རིའི་ཁེ་ལས་པ་ས་ནར་རེ་ཌི་སི་ཋོན།



I am a slow walker, but I never walk backwards. Abraham Lincoln  我走路很慢,但我从不后退。——A· 林肯

ང་དལ་བུས་སྐྱོད་མཁན་ཞིག་ཡིན། འོན་ཀྱང་ང་ནམ་དུ་ཡང་ཕྱི་ནུར་གོམ་གང་བྱེད་རྒྱུ་མ་རེད།

ཨ་རིའི་སྲིད་འཛིན་ལིན་ཁིན།



The average man, who does not know what to do with his life , wants another one which will last forever.

Anatole France

不知道如何度过一生的普通人,总想获得另一种永恒的生命。——A. 法朗士

མི་དཀྱུས་མ་ཞིག་གིས་རང་གི་མི་ཚེ་ཇི་ལྟར་སྐྱེལ་དགོས་དགོས་མ་རྟོགས་པའི་སྐབས་སུ། མི་གྲུང་པོ་གཞན་པ་ཞིག་གིས་མི་ཚེའི་མཐའ་མཇུག་ཡོངས་སུ་ཐག་ཆོད་ནས་ཡོད།

ཨ་ན་ཋོལ་ཧྥ་རེན་སི།



The course of life is like the sea; men come and go; tides rise and fall; and that is all of history

Joaquin Miller

人的一生如同大海:人来人往,潮涨又潮落;这就是全部历史。——J.米勒

མི་ཚེའི་གོ་རིམ་ནི་རྒྱ་མཚོ་དང་ཀུན་ཏུ་མཚུངས། མི་རྣམས་ཡོང་གི་རེད་ལ་འགྲོ་གི་རེད། གྱེན་དུ་འཕྱུར་རྒྱུ་རེད་ལ་ཐུར་དུ་ཟག་གི་རེད། དེ་ཚོ་ཚང་མ་དེ་དག་གི་ལོ་རྒྱུས་རེད

  ཇོ་ཁུའུ་ཡེན་མི་ལེར།


Image

Image

Image

Image

Image

ImageImage

Image

Image

ImageImage