ང་ནི་ཁྱོད་ཀྱི་སྐྱེས་པའོ།། I’m your Man

གོང་མ། 西藏奇闻 2020-10-03 18:00

Image

Image

思念之歌

ཁྱོད་ལ་མཛའ་བོ་ཞིག་ཡོད་འདོད་ཚེ།
ངས་ཁྱོད་ཀྱི་བཤད་ཚད་བསྒྲུབ་ངེས་ཡིན།
ཁྱོད་ལ་བརྩེ་བ་མ་འདྲ་བ་ཞིག་ཡོད་འདོད་ཚེ།
ངས་ཁྱོད་ཀྱི་ཆེད་དུ་ངོ་འབག་གྱོན་ངེས།
ཁྱོད་ལ་ཟླ་བོ་ཞིག་ཡོད་འདོད་ཚེ།
ང་ཡི་ལག་པར་འཇུས་པས་ཆོག
ཡང་ན་ཁོང་ཁྲོ་ཆེན་པོས་ང་ལ་བརྡེག་འདོད་ཚེ།
ང་རང་འདི་གར་ཡོད་དེ།
ང་ནི་ཁྱོད་ཀྱི་སྐྱེས་པའོ།།

Image


ཁྱོད་ལ་ཁུ་ཚུར་སྣུན་མཁན་ཞིག་ཡོད་འདོད་ཚེ།
ང་ཁྱོད་ཀྱི་ཆེད་དུ་འགྲན་རར་འགྲོ་ངེས།
ཁྱོད་ལ་སྨན་པ་ཞིག་ཡོད་འདོད་ཚེ།
ངས་ཁྱོད་ལུས་ཀྱི་ཆ་ཤས་རེ་རེ་ལའང་ཞིབ་བཤེར་གཡོང་ངེས།
ཁྱོད་ལ་ཁ་ལོ་པ་ཞིག་ཡོད་འདོད་ཚེ། ནང་དུ་བུད་པས་ཆོག
ཡང་ན་ང་རང་ཁྲིད་ནས་མོ་ཊ་གཏོད་འདོད་ཚེ།
ཁྱོད་ཀྱིས་དེ་ལྟར་བྱ་ཆོག་སྟེ།
ང་ནི་ཁྱོད་ཀྱི་སྐྱེས་པའོ།།

Image

ཟླ་འོད་བཀྲག་པ་ལ་ཨང་།
ལྕགས་སྒྲོག་དམ་པ་ལ་ཨང་།
གཅན་གཟན་དག་གཉིད་པར་མི་རྩོམ།
ང་ཡིས་ཁྱོད་ལ་ཁས་བླངས་མོད།
འགྲུབ་པར་མི་ཐུབ་པའི་དམ་བཅའ་དེ་དག
ཡང་ཡང་ཡིད་ལ་དྲན།
འོན་ཀྱང་སྐྱེས་པ་སུས་ཀྱང་བུད་མེད་ཀྱི་ཆེད་དུ།
པུས་མོ་བཙུགས་ནས་ཞུ་བ་བྱ་མི་རུང་།
དེ་ལྟར་མིན་ཚེ་ང་རང་ཁྱོད་སར་གོག་ནས་ཡོང་ཆོག་སྙིང་ཉེ།
ང་ཁྱོད་ཀྱི་རྐང་པའི་མདུན་སར་འགྱེལ་ཆོག
ཁྱོད་ཀྱི་མཛེས་སྡུག་གི་ཆེད་དུ་ཀུ་ཅོ་འདོན་ཆོག
སྲེད་པ་འབར་བའི་ཁྱི་ཞིག་ལྟར།
ངས་ཁྱོད་ཀྱི་སེམས་པར་སྦར་འདྲད་བྱེད་འདོད།
ངས་ཁྱོད་ཀྱི་རས་གདན་ཕྱེད་གཤགས་བྱེད་འདོད།
ངས་སྐུ་མཁྱེན་སྐུ་མཁྱེན་ཞེས་བཤད་འདོད་དེ།
ང་ནི་ཁྱོད་ཀྱི་སྐྱེས་པའོ།།

Image

ཁྱོད་རང་འགྲོ་བའི་ལམ་དུ།
གཉིད་ཅོག་རྒྱག་བསམ་ཚེ།
ངས་ཁྱོད་ཀྱི་ཆེད་དུ་མོ་ཊ་གཏོང་ཆོག
ཁྱོད་རང་སྲང་དུ་གཅིག་པུར་འཆམ་འཆམ་བྱ་འདོད་ཚེ།
ང་ཁྱེད་ཀྱི་ཆེད་དུ་མི་སྣང་བར་བྱེད་ཆོག
ཁྱོད་ཀྱི་བྱིས་པར་ཨ་ཕ་ཞིག་ཡོད་འདོད་པའམ།
ཡང་ན་གཙང་པོའི་རབ་ཁར།
འཆམ་རོགས་ཁོ་ན་ཙམ་འདོད་པ་གང་ཡིན་ཡང་ཆོག་སྟེ།
ང་ནི་ཁྱོད་ཀྱི་སྐྱེས་པའོ།།

Image


ཁྱོད་ལ་མཛའ་བོ་ཞིག་ཡོད་འདོད་ཚེ།
ངས་ཁྱོད་ཀྱི་བཤད་ཚད་བསྒྲུབ་ངེས་ཡིན།
ཁྱོད་ལ་བརྩེ་བ་མ་འདྲ་བ་ཞིག་ཡོད་འདོད་ཚེ།
ངས་ཁྱོད་ཀྱི་ཆེད་དུ་ངོ་འབག་གྱོན་ངེས།
                       
     ———-ལེ་ཨོ་ནར་དྷི•ཁོ་ཨེན་གྱིས་བརྩམས། བྱམས་ཕྲུག་གིས་བསྒྱུར།  
           

Image

Image