སྐད་གྲགས་ཆེ་བའི་བརྩེ་དུང་གློག་བརྙན་ཐའེ་ཐན་ཉི་ཁུའི་(泰坦尼克号)གྲུ་གཟི

གོང་མ། 西藏奇闻 2020-10-06 00:00

Image


   

A Shore Never Reached

གློག་བརྙན་འདིའི་ནང་དོན་ནི་ཤིན་ཏུ་སྟབས་བདེ་མོ་ཞིག་སྟེ།མི་འགྱུར་དམ་བཅས་མནན་པའི་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཅིག་དང་སེམས་སུ་འཇིགས་སྣང་སྦྱིན་པའི་གོད་ཆག་སྙིང་ལ་གཟན་པ་ཞིག་གིས་གྲུབ་འདུག་ལ། དེ་ཡང་དབྱིན་ཇི་ནས་ཨ་རིར་བསྐྱོད་བཞིན་པའི་ཐེ་ཐྲན་ནེ་ཁུ་རྟགས་ཅན་གྱི་གྲུ་གཟིངས་སུ་འབྱོར་ལྡན་བུ་མོ་རོའོ་སི( 露丝)ཟེར་བ་ཞིག་མཚོ་ལ་ལྕེབས་ནས་རང་སྲོག་གཅད་གྲབས་གནང་བཞིན་པ་གཞོན་ནུ་ལྗེ་ཁུ་ཟེར་བ་ཞིག་གིས་རང་སྲོག་ལ་མ་འཛེམ་པར་བསྐྱབས་པ་དང་དེ་ནས་དབུ་ཚུགས་ཏེ་ཁོང་གཉིས་ཀྱི་བར་ལ་བརྩེ་དུང་གི་འོ་ཟི་འཕྲོས་པར་གྱུར་བ་མ་ཟད།མ་ཤི་གསོན་བྲལ་མི་བྱེད་པའི་དམ་བཅའ་བརྟན་པོ་ཡང་ངང་གིས་འཁྲུངས་བར་གྱུར། ཡིན་ནའང་རྐྱེན་ངན་གྱི་ར་མདའ་མི་འདོད་བཞིན་ཉེ་ནས་ཉེ་རུ་བཅར་བ་སྟེ།

Image

དེ་ཡང་མ་བསམ་ས་ནས་གྲུ་གཟིངས་ཀྱི་ཁ་མ་ཐུབ་པར་འཁྱག་རི་ཞིག་ལ་གདོང་ཐུག་བརྒྱབ་པ་དང་གྲུ་གཟིངས་ཀྱི་ཞབས་ར་བརྡོལ་ནས་མཚོ་ཆུ་གང་མང་གྲུ་གཟིངས་སུ་ལུད་པས་འདོད་པ་ཐོག་ཏུ་མ་ཡོང་བར་རྒྱ་མཚོར་ནུབ་པས་ན། མཛའ་མོའི་སླད་དུ་ལྗེ་ཁུ་ཉིད་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ལ་གནས་ནས་རོའོ་སི་འཁྱག་ཤི་མི་ཐེབས་ཕྱིར་ར་གི་ལུས་དྲོད་ཉག་ཕྲས་སྦྱིན་པ་བཏང་བར་མ་ཟད། འཇམ་པོའི་ཚིག་གིས་སེམས་གསོ་ཡང་མཛད། ཡིན་ནའང་། ལྗེ་ཁུ་ལགས་གྲང་འཁྱག་གི་རྒྱ་རུ་ཚུད་ནས་འཇིག་རྟེན་དང་གཏན་བྲལ་དུ་གྱུར་རོ།།
 གློག་བརྙན་འདིའི་ནང་དོན་ཤིན་ཏུ་སྟབས་བདེ་མོ་ཞིག་ཡིན་ནའང་བསམ་བློའི་སྙིང་བོ་ནི་ཤིན་ཏུ་གཏིང་ཟབ་པ་ཞིག་སྟེ། མི་རེ་རེ་ནི་བཟང་པོ་ཤ་སྟག་ཅིག་མིན་ནའང་།ཁྱོད་ལ་བྱམས་པའི་མི་ཞིག་མེད་སོང་བ་ག་ལ་ཡིན་ཞེས་སྤྱི་ཚོགས་ཀྱི་རྙོག་འཛིང་རང་བཞིན་སུན་ཕྱུང་གིས་བརྗོད་འདུག་གོ །

Image

  གལ་ཏེ་ཁྱོད་ལ་འདི་དང་མི་མཐུན་པའི་ངོ་སྤྲོད་ཉུང་བསྡུས་རེ་ཡོད་ཚེ་ཞབས་མཆན་དུ་སྤེལ་དང་། ང་ཚོས་མཉམ་དུ་རོལ་མྱོང་ཞུ།

Image

Image


Scan to Follow