[སྙན་ངག] སྲོད་ཀྱི་རང་མོས་སྙན་ངག

gengrang MDC藏文笔记本 2021-07-13 22:40



Image
Five Free verse


  རང་མོས་སྙན་ངག་ཚན་པ་ལྔ།
ཡུལ་ཤུལ།  སྲོད།
 

Image

མི།  མི།  མི།


    སྲོད།   ཡུལ་ཤུལ།


ཞུ་ཟིན་པའི་གངས་ཆུ་ཐིགས་པ་གཅིག

རླུང་གིས་འཕྲོག་བཞིན་པའི་རྡུལ་ཕྲ་རབ

བློས་བསླངས་ལས་ཕྱིར་མི་མངོན་པའི་སྒྲུང

ཕལ་བའི་ལག་ཟུང་གིས་དཀྲོལ་བའི་མི་རྟག་པའི་སྒྲ་དབྱངས

འཛུམ་མདངས་འཇའ་འོད་ལ་འཁྱུད་པའི་ལང་ཚོ

མདུན་གྱི་མེ་ལོང་ནང་གི་གཟུགས་བརྙན་འཁྱག་པ

མགྲོན་ཁང་དུ་སྒྱུ་ལུས་གཡར་བའི་རྣམ་ཤེས་ལྡོམ་པོ

       

ཁེར་རྐྱང་དང་མི་རྟག


ཡུལ་གྱི་འཇའ་ཚོན་སྣ་ལྔས

མི་སེམས་འཁྲུལ་བའི་གནས་སུ་ཡར་བསྐྱར་བསྐྱལ


སྐྱེ་འཆིའི་བར་ལ་འཇའ་ཟམ་བཙུགས་ཀྱང

དུར་ཁྲོད་གང་ཞིག་གི་རོ་སྒྲུང་བརྗེད་ཐབས་བྲལ


ཚེ་ཡི་ལྷག་མ་ཅི་ཙམ་ལུས་པ  

ལོ་ཟླའི་མུ་གེ་ལས་གསལ

མི་རྟག་པའི་ན་ཚོད་ཀྱིས་འཆད


ཉག་གའི་ཉི་ནུབ་ཀྱི་རྒྱབ་གཟུགས་མཐོང་སོང་ངམ

མཚན་ནམ་རིང་མོའི་ཁེར་རྐྱང་གི་ལྷིང་འཇགས་མ་ཚོར་རམ


མགྲོན་པོའི་ལས་དབང  ཕྲན་ཚིགས་ཀྱི་རྨི་ལམ་ཇི་བཞིན

རྨིས་སྔ་ཡང་སད་སྔ་བའི་ཆོས་ཉིད་དུ་རྟོགས་པར་བྱ


མིང་མེད།


འཁོར་བའི་རྣམ་རྟོག་ལས་སྐྱེས་པ་དེ་དག

ཤྭ་འོད་ལྷོག་ལྷོག་དྲག་ཏུ་ལྡིང་བ་དང་གཉིས་སུ་མེད


མགྲིན་ངག་ནི་ངམ་གནག་གི་ནམ་མཁའ་སྟེ

གནོད་ཅིང་འཚེ་བ་དེ་ཡང་ཤག་སྒྲའི་ཅི་ཡང་རེད


ངོ་གནོང་བ་ལས་མི་སྡུག་པའི་་རི་མོ་འབྲི་ཐབས་མེད་པ་འདྲ

ཤིན་ཏུ་རྒས་གཉེར་དོད་པའི་མ་རྒན་དེའི་འདྲ་ཡག་པ་ལ


སྙིང་དུ་སྡུག་པའི་རང་ཉིད་ལགས

དཀར་གཙང་གི་ཁ་བར་ཡང་ཡང་ལྟོས་ཤིག

ཡང་ཡང་ལྟོས་ཤིག


      ༢༠༢༠/༡༢/༢༩/ རྫོང་སར། 



འཕྱོ་བ།


ཆུ་ནི་དར་རྒུད་མེད་པའི་སྟོང་བ་ཡིན་ནམ

ས་མཐའ་ནི་ཕ་ཡུལ་དྲན་ཆོག་སའི་མཚན་མོ་དེ་རེད

ཐ་ན  རྨི་ལམ་གྱིས་སྐུལ་བའི་འཛུམ་ཆུང་ཁོ་ནས་བདག་ལ་གནང་བ་མ་ཐོབ


སྤྲིན་པའི་དབྱངས་ལ་བརྒྱུས་པའི་སེམས་འཕྲིན་བློ་ཁ

རྒྱང་རིང་གི་རྨུ་དཀར་རིང་མོ་ཡིན


འཆར་ཡན་འོད་དུ་འཚེར་བའི་ཚིག་རིས་སྣ་ལྔ

ཁེར་རྐྱང་གི་ལམ་གླུ་རིང་མོ་ཡིན


ཀྱེ  ཚེ་སྲོག་གི་འཁར་བ་ལྗང་ཁུ 

ཅི་ཡང་བརྗོད་མི་ནུས་པའི་དུས་ཀྱང་ངའི་དུས་ཚོད་ཀྱི་དཀྱིལ་དུ་འཁྲུངས་པའི་ཁྱོད་ཨང


       ༢༠༢༡/༣/༢༨/རྫོང་སར།



ཆོ་འཕྲུལ།


མུན་པའི་ཆོ་ངེ་ཞེད་པོ

འུག་ཚོགས་དང་ལྷན་དུ་གྲགས་སོང


ཅི་ཡང་བརྗེད་ངེས་པའི་དྲན་པ་དེ

དོ་ནུབ་དུས་ཚོད་ཁོ་ནས་འཕྲོག་འགྲོ་ངེས


དོ་ཞག

ཉིན་མོ་ཡོད་ཚད་དཀར་པོ་ཞིག་མ་རེད


བསྐལ་བ་མ་འཇིགས་གོང

བསྐལ་བ་འཇིགས་པའི་རླུང་ལྡང་མ་བྱུང་ངམ


ངའི་སྨོན་ལམ་གྱི་ནང་དུ་གཞན་ཅི་ཡང་མེད་ཀྱང་ཆོག

ཆོ་འཕྲུལ་འདིའི་ཡང་སྙིང་རྟོགས་པར་ཤོག


       ༢༠༢༡/༡/༢༥/



comethru