མདའ་བཙན་པོར་ཕུལ་བ། | སྙན་བུ།

念布 念布文学 2021-06-20 10:47

Image 

Image

Image

སྙན་ངག
​


མདའ་བཙན་པོར་ཕུལ་བ།
སྙན་བུ།


མི་ཚོགས་ཀྱི་དབུས་ན་མྱུར་མོར་འགྲོ་གིན་འདུག
བླ་བྲང་གི་མཇལ་བ་མང་པོ་འཚང་ཁ་ཤིག་ཤིག་བྱེད།
ཕྲུ་གུ་གཉིས་ལག་མགོར་ཁྲིད་ནས་འགྲོ་གིན་འདུག
ཉི་འོད་འོག་གི་ཨ་ཕ་དེ་སྙན་ངག་པ་ཞིག་ཡིན་ཟེར།

ངའི་ཡ་ཐོད་ཀྱི་མིག་ཟུང་འདིས་དེ་མ་ཐག་ངོས་ཟིན་སོང་།
མི་ཚོགས་སྟོང་འདུས་ཁྲོད་ནས་སྙན་ངག་པ་ཞིག་ངོས་ཟིན་སོང་།
དོན་དམ་ངའི་མིག་ཟུང་གིས་ངོས་ཟིན་པ་ཡང་མིན་ཏེ།
ཁེར་རྐྱང་གི་ཟིལ་ཤུགས་དེས་མི་གཞན་པ་ཚང་མ།
ངའི་མཐོང་ཡུལ་ནས་མི་སྣང་བར་བཟོས་སོང་།

གོ་ལ་ཆུང་ཆུང་འདིའི་སྟེང་གི་སྙན་ངག་པ་ཚོ་སྙིང་རེ་རྗེ་ཨང་།
ཡང་སྒོས་སུ་རྣོ་ལྕགས་ཀྱིས་བསྐོར་བའི་དུས་རབས་འདི་འདྲ་རུ།
ཁོ་ཚོས་བློས་སུ་གཏོང་མ་ཐུབ་པས་རྒྱང་རིང་འགྲིམས་མ་ཐུབ།
ཁོ་ཚོས་ངོ་རྒོལ་བྱེད་མ་ཐུབ་པས་གསར་གཏོད་བྱེད་མ་ཐུབ།
ཁོ་ཚོས་ཐ་ན་ལྷག་བསམ་རྣམ་དག་གིས་འཛུམ་ཆུང་ཞིག་ཀྱང་སྟོན་མ་ཐུབ།

“རང་དབང་གི་བཙན་གཏམ་ཞིག་བརྗོད་དགོས་ན་སྙན་ངག་པས་བརྗོད་དགོས།”
ངེས་པར་འདི་འདྲ་ཞིག་ཡིན་པའི་ངེས་པའང་མེད་དེ།
ཕྲུ་གུ་གཉིས་ལག་མགོར་ཁྲིད་ནས་མཇལ་སྐོར་དུ་འགྲོ་བའི་ལམ་བར་དུ།
ཁེར་རྐྱང་གི་ཟིལ་ཤུགས་ཀྱིས་མི་ཚོགས་ཀྱི་མགོ་བོ
ཞབས་འོག་ཏུ་གནོན་གྱིན་གནོན་གྱིན་སོང་ཡང་ཅིས་མི་ཆོག

ངས་ལྷ་ཁང་ནང་གི་གཙོ་སྐུ་དག་ལ་ཐོད་པ་གཏུགས་ནའང་།
ང་རང་དད་པ་སྐྱེ་ས་དངོས་ནི་ཐ་སྙད་དང་ཐ་སྙད་ཀྱི་བྱིན་རླབས་རེད།
གལ་སྲིད་ང་རང་ཚོའི་ལུས་པོ་འཇོག་སའི་འཇིག་རྟེན་འདི་ན།
དམག་འཁྲུག་མེད།  ཆོས་ལུགས་མེད།  རྒྱལ་ཁབ་ཀྱང་མེད་ན།
ད་གཟོད་མི་རྣམས་ཀྱི་གདོང་ན་སྙན་ངག་དྭངས་མ་ལྟ་བུའི།
འཛུམ་བག་ཅིག་མཐོང་རྒྱུ་ལོས་ཡོད་འདྲ་འོ་ཞིག་སྙམ་འོངས།

དེ་བས། ཅིས་ཀྱང་ཡིད་ཆེས་བྱས་ཆོག་ས་ཞིག་བཙལ་དགོས་ན།
ཐ་སྙད་ལ་བློ་སེམས་དཀར་པོའི་སྙན་ངག་པ་ཞིག་ལ་བསྒུག་དགོས་སོ། །



【རྒྱབ་ལྗོངས】ན་ནིང་གི་དབྱར་ཁ་ཞིག་ལ་ངའི་ཁྱིམ་མི་ཡོངས་བླ་བྲང་ལ་འབྱོར་མ་ཐག  མཇལ་བ་ཁྲི་སྟོང་མང་པོའི་ཁྲོད་ནས་ངས་མདའ་བཙན་པོ་མཐོང་སོང་།  ཁོས་རང་གི་ཕྲུ་གུ་གཉིས་ཀ་ལག་མགོར་འཇུས་ནས་འཚང་ཁ་ཤིག་ཤིག་གི་མི་ཚོགས་ཁྲོད་མདུན་དུ་སྐྱོད་བཞིན་འདུག  ངེད་གཉིས་ཀྱིས་ཡུན་ཧ་ཅང་ཐུང་བའི་དུས་ཚོད་ཅིག་ལ་ཕན་ཚུན་ཁ་བརྡ་ཉུང་ཙམ་བྱས་རྗེས་རང་རང་སར་གྱེས་པ་ཡིན།  ཕྱིས་སུ་ངའི་དྲན་འཛིན་གྱི་ངོས་སུ་མི་ཚོགས་ཁྲོད་ནས་སྙན་ངག་པ་ཞིག་མཐོང་བའི་རྣམ་པ་དེ་ཅིས་ཀྱང་བརྗེད་ཐབས་མེད་པས།  སྙན་ངག་ཅིག་ཡང་ཡང་བློས་བསླངས་བྱས་པ་ཡིན།  མི་ཚོགས་ཁྲོད་ཀྱི་སྙན་ངག་པ་དེ་ཇི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ལ།  ཇི་འདྲའི་ཁེར་རྐྱང་དང་སྙིང་རྗེ་རུང་བ་ཞིག་ཀྱང་རེད་ཨང་།  ཁ་སང་སྙན་ངག་འདི་འདྲ་ཞིག་བྲིས་ནས་མདའ་བཙན་པོར་བསྐུར་བ་ན།  ཁོང་གིས་ང་ལ་<སྲོད་ཁའི་ཧྲག་བར་ཞིག་ནས་བླ་བྲང་ལ་འབྱོར>ཞེས་པའི་སྙན་ངག་ཡག་པོ་ཞིག་བསྐུར་བྱུང་།  སྙན་ངག་འདི་བཀླགས་རྗེས་ངས་ཉིན་དེའི་སྙན་ངག་པ་ཁོང་གི་སེམས་ཁམས་རྟོགས་ཐུབ་པ་བྱུང་སོང་ལ།  ངས་མི་ཚོགས་སྟོང་འདུས་ཁྲོད་ནས་སྙན་ངག་པ་ཁོང་གཅིག་པུ་མཐོང་བའི་སྐབས་ཐོག་དེའི་དགའ་སྣང་དྲག་པོ་དེ་སླར་ཡང་མྱོང་ཐུབ་པ་ཞིག་བྱུང་སོང་།  



སྲོད་ཁའི་ཧྲག་བར་ནས་བླ་བྲང་ལ་འབྱོར།
མདའ་བཙན་པོ།


ང་ཟེར་བ་མཚོན་བྱེད་ཀྱི་ལུས་པོ་འདི་དྲུད་ནས
ནམ་འཆི་ཆ་མེད་ཀྱི་སྲོག་རྟ་རྔ་ཙམ་པོ་རུམ་ནས
ཤི་རྗེས་ཟེར་བའི་མིག་བཙུམ་པ་ལྟ་བུ་ཞིག་ཡིད་ལ་བཟུང་ནས

ད་བར་ཏུ་ཟེར་བའི་ཤུལ་ལམ་བློས་མི་ཟིན་པ་ཞིག་ཁྱེར་ནས
གསོན་ངོགས་ཀྱི་ལུག་ཆུང་འཚོ་བྱེད་ལྟ་བུའི་མིག་གཉིས་ཀ་ཕྱེས་ནས
ལུས་ཀྱི་གླ་བ་ལྟ་བུའི་ཡན་ལག་དག་འགུལ་ནས

གཉེན་གྱི་སྐྲ་ལོ་དག་མཐོ་ས་ནས་གཟེངས་སུ་བཅུག་ནས
ཆགས་སྡང་རྒྱ་མ་གང་བོ་གདུ་རུ་བཅུག་ནས
ཉོན་མོངས་ཤ་རྒྱུས་ལྟ་བུ་དེ་ལུས་ལ་བཅིང་ནས

ཉི་འོད་ཀྱི་འབྲུ་དག་འཚིག་ཤུལ་གྱི་ས་སྲོད་ཅིག་ལ
ཆུའི་གཉེར་མ་བཞིན་ཡལ་སླ་ལ་འབྱུང་སླ་བའི
དད་པ་སྙིམ་པ་གང་ཐོད་ལ་བཟུང་ནས
རྒྱུ་སྐར་བྱེ་བས་ཀྱང་བསྔགས་མི་ཚར་བའི
ཉི་མ་བླ་བྲང་ལ་ཐོན་སོང

ལས་ཅི་མཛད་བདག་ཟེར་བའི་ལྕགས་དྲ་ལས་ཐར་བར་སྨོན་ནོ





Image


You Are My Sunshine
 

Image

འོར་ཀློག་དང་བསྐྱར་ཀློག
Image

བརྩམས་སྒྲུང་།

བཀྲ་བྷའི་བརྩམས་སྒྲུང་གསར་པ། ཕ་ཝང་།

རྩོམ་པ་པོ་བཀྲ་བྷའི་སྒྲུང་གཏམ་གསར་པ《མེ》

བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ། སྒོ་མེ་ཚེ་རིང་བཀྲ་ཤིས

སྒྲུང་ཐུང་ཡིག་བརྒྱ་མ། འཆི་བདག་གི་མིག སྙན་བུ། <སྒྲ་ལྡན།>

Image

སྙན་ངག

ཚྭ་ཡི་སྙན་ངག ལོག་ས་མེད་པའི་མགྲོན་པོ།<ཞར་བཀོད་ལྔ>
འོས་སྦྱོར།  མདའ་བཙན་པོའི་སྙན་ངག་གསར་པ་བདུན།
མདོ་སྨད་ཧེ་རུ་ཀའི་གསར་བྲིས་སྙན་ངག་བརྒྱད།
ཉྭ་སྲིན་པོའི་གསར་བྲིས་སྙན་ངག་གསུམ།
ཐོ་ཡོར་གྱི་གསར་བྲིས་སྙན་ངག་བཞི།
ཁྱོད་ཚོ་ནི་རུས་རྒྱུད་བོར་བའི་རྨ་ཁ་ཡིན་སྲིད། ངལ་རྫི།
༢༠༢༠ལོའི་སྙན་ངག་བདམས་བཀོད། སྙན་བུ།
Image

དཔྱད་རྩོམ།

ཕར་རྒྱབ་ཀྱི་ལོ་ཟླ་དང་འབྲེལ་བའི་གཏམ། བྱ་གཞུང་དབྱངས་བྷ།
ཕར་རྒྱབ་ཀྱི་ལོ་ཟླ་ཡི་གླེང་གཞི། རེ་རྐང་གླིང་།
སྙན་ངག་མི་དང་གངས་རི་ལ་དཔྱད་པ། མདོ་སྨད་ཧེ་རུ་ཀ
Image

ལྷུག་རྩོམ།

ཨ་ཕ་ལགས་ཀྱིས་ང་ལ་རེ་བ་གཉིས་མ་གཏོགས་བཅངས་མ་མྱོང་། སྙན་བུ།
དེ་རིང་ཡང་།ཨ་མ་ལགས་རང་གི་སྡུག་བསྔལ་གྱི་ནང་དུ་ཙོག་འདུག སྙན་བུ།
རྣམ་རྒྱལ་སྒྲོལ་མའི་ལྷུག་རྩོམ་གསར་པ་གཉིས།
གསའ་ནག་པོའི་ལྷུག་རྩོམ། 「རྨོ་མོ་དང་ཁ་བ།」
Image

བསྒྱུར་རྩོམ།

རྩོམ་པ་པོ་ཆེན་པོར་གྱུར་བའི་ལམ་གྱི་རིམ་པ། ཉྭ་སྲིན་པོས་བསྒྱུར།
སཱ་ཐིས་ནོར་པེལ་གཟིགས་བཟོས་དང་ལེན་མ་བྱས་པའི་གསལ་བསྒྲགས།
ཁྱེད་རང་ངོ་མི་ཤེས་པའི་ཡར་སྔོན་དུ། སྙན་བུས་བསྒྱུར།
དོན་དམ་དུ་རྟ་ཕོ་ཡང་མ་ཡིན་ཏེ། ཀ་ལ་པིང་ཀས་བསྒྱུར།

Image


Image

སྤྱི་སྟེགས་ལ་དོ་ཁུར་གནང་རོགས།

  主编微信:INianBu
  主编微博:念布_