ཁོ་ཚོ་འཛམ་གླིང་ཡང་རྩེའི་རི་གྲོང་ཆུང་ཆུང་ནས་་་

阳光西藏 2022-02-14 19:41
Image

Image

Image
Image
Image

Beijing 2022 Olympic Winter Games

Image

北京冬奥会

Image

北京冬奥会·一起向未来

Image


Image

           བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ཕུ་རོང་གྲོང་ཚོའི་དབྱངས་ཅན་ལྷ་མོ་ནི། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་རག་པའི་བོད་ཀྱི་ལུས་རྩལ་པ་ཐོག་མ་དེ་ཡིན་པ་དང་། ལོ་༡༧ཡིན། ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པའི་ལུས་རྩལ་པའི་མིང་ཐོའི་ནང་བདམས་ཐོན་བྱུང་མཁན་དང་། བོད་ཀྱི་བདམས་ཐོན་པ་གཞན་ཞིག་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་བྲག་ཆེན་གྲོང་ཚོའི་ཚེ་རིང་དགྲ་འདུལ་ཡིན།  ཨོ་རྩལ་འགྲན་ཚོགས་ཀྱི་མེ་ལྕེ་དེ་སླར་ཡང་སྦར་བས་ན་གཞོན་གཉིས་ཀྱང་རིམ་བཞིན་མང་ཚོགས་ཀྱི་མིག་ལམ་དུ་འཆར་ཡོད།



来自西藏自治区昌都市左贡县旺达镇普绒村的拥青拉姆,是西藏首位拿到本届冬奥会参赛资格的运动员,年仅17岁。而入选北京冬奥会中国代表团运动员大名单的,还有另一名西藏选手,来自那曲市比如县夏曲镇茶迁村的次仁占堆。随着奥运之火在鸟巢再度燃起,两位少年也逐渐进入大众视野。


Image



Image

            སྤྱི་ལོ་༢༠༡༨ལོར་བོད་ཀྱི་ལུས་རྩལ་སློབ་གྲྭར་ཟླ་བ་གཅིག་ཙམ་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་ཐོབ་པའི་དབྱངས་ཅན་ལྷ་མོས་ཆེད་ལས་བརྒལ་བའི་ཤེས་ལྡན་མི་སྣ་གདམ་གསེས་བྱས་ནས། གངས་ཤུད་ལུས་རྩལ་པར་གྱུར་པར་མ་ཟད། ཟླ་བརྒྱད་པར་རིམ་པ་བཞིན་གདམ་གསེས་བྱས་རྗེས་གངས་ཤུད་གློད་མཁན་རྒྱལ་ཁབ་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཏུ་བདམས་པ་རེད། ཚེ་རིང་དགྲ་འདུལ་ནི་མ་གཞི་ལས་ཞོར་ལུས་རྩལ་སློབ་གྲྭའི་ནང་གི་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཡིན་ལ། རྐང་པར་རྨས་སྐྱོན་ཕོག་ནས་ལུས་རྩལ་པའི་གནས་ལས་ཁ་བྲལ་གྲབས་བྱས་ཡོད།




2018年,在西藏体育运动技术学校练了1个月足球的拥青拉姆通过跨界跨项人才选拔,成为一名单板滑雪运动员,并于8月经过层层选拔后入选单板滑雪国家集训队。在入队之前,拥青拉姆都不知道有障碍追逐这个项目。而次仁占堆原本是业余体校中的一位长跑运动员,还曾因脚伤险些结束运动生涯。


Image

        སྤྱི་ལོ་༢༠༡༧ལོར།  ཁ་ཕྱོགས་སྒྱུར་བའི་ཚེ་རིང་དགྲ་འདུལ་གངས་ཤུད་རི་འཛེག་བོད་ལྗོངས་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་ཚུད་པ་དང་།  དམིགས་བསལ་གྱི་ས་མཐོར་སྦྱོང་བརྡར་ཐོབ་ནས་ཁོས་སྦྱོང་བརྡར་བྱེད་ཐེངས་རེ་རེ་ཁྲོད་གངས་ཤུད་རྣམ་གྲངས་ཐོག་གི་འཇོན་ཐང་ངོམས་པས་གངས་ཤུད་རུ་ཁག་ནང་ཡར་ཐོན་མགྱོགས་པོ་བྱུང་ཡོད། སྤྱི་ལོ་༢༠༡༨ལོའི་ཟླ་༨པར་ཚེ་རིང་དགྲ་འདུལ་རྒྱལ་ཁབ་ཀྱི་བྱེས་བགྲོད་གངས་ཤུད་གློད་པའི་རྣམ་གྲངས་གཞན་གྱི་འཆར་གཞིའི་ནང་ཚུད་པ་དང་། གྲུབ་འབྲས་ཕུལ་དུ་བྱུང་བ་དང་ནུས་རྩལ་བརྟན་པོར་བརྟེན་ནས་སྤྱི་ལོ་༢༠༢༠ལོའི་ཟླ་༦པར་བྱེས་བགྲོད་གངས་ཤུད་ཀྱི་རྒྱལ་ཁབ་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་རིམ་པ་བཞིན་བདམས་པ་རེད།



2017年,实现转型的次仁占堆入选了滑雪登山西藏集训队,独特的高原耐受力让他在一场场训练中展现出在滑雪项目上的过人天赋,他也因此在滑雪队里进步神速。2018年8月,次仁占堆入选国家越野滑雪跨界跨项计划,凭借优异的成绩和稳定的发挥,经过层层选拔于2020年6月入选越野滑雪国家集训队。


Image
Image
Image
Image

          པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་འགོ་ཚུགས་གསར་པ་ཞིག་ཡིན་པ་དང་།  མི་འབོར་དུང་ཕྱུར་གསུམ་གངས་འཁྱགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི་འབོད་སྐུལ་དང་བཀོད་སྒྲིག་འོག   གངས་འཁྱགས་ལུས་རྩལ་དེ་ཁྱིམ་ཚང་ཚང་མར་རིམ་བཞིན་སྤེལ་ནས་མི་ཤིན་ཏུ་མང་པོས་དགའ་ཞེན་ཞིག་ཏུ་འགྱུར་རྒྱུ་དང་།  བོད་ཀྱི་ན་གཞོན་དབྱངས་ཅན་ལྷ་མོ་དང་ཚེ་རིང་དགྲ་འདུལ་གཉིས་ཀྱིས་མཚོན་པའི་བོད་ཀྱི་གངས་འཁྱགས་ལུས་རྩལ་པ་ལའང་མདུན་ལམ་དང་འབྱུང་འགྱུར་དེ་བས་ཆེན་པོ་ལྡན་ཡོད་པ་རེད།



就如同西藏参与度越来越高的冰雪运动一般,恰同学少年,风华正茂。北京冬奥会将是一个新的开始,在“带动三亿人参与冰雪”的号召与布局下,冰雪运动将逐渐走近家家户户,成为越来越多人的热爱。以两位西藏少年为代表的西藏冰雪运动员,也将拥有更远大的前景和未来。

Image

     གཙོ་སྒྲིག་པ།   ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ།  ལྕགས་བྱམས་སྒྲོལ་མ།

     རྩོམ་སྒྲིག་པ།  འཇིགས་མེད།  ནོར་བུ་དོན་གྲུབ།

Image


主编 | 吾见才让

副主编 | 吉先卓玛

编辑 | 晋美 罗顿 

来源 | 西藏卫视+

译文 |  阳光西藏


Image
Image

        སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

  “阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:2043220155@qq.com

Image

Scan to Follow