V.S.ནའེ་བྷོར་ལགས་སྐུ་གཤེགས་པ།

HNZWB 黄南藏文报平台 2018-08-13 18:23

V.S.ནའེ་བྷོར་ལགས་སྐུ་གཤེགས་པ།

  


2018ལོའི་ཟླ8པའི་ཚེས11ཉིན་མི་སེར་སྤེལ་བའི་རིང་ལུགས་ལ་མཐའ་གཅིག་ཏུ་གཤེ་མཁན་གྱི་རྩོམ་པའི་ཁྱུ་མཆོག་ནོ་པེལ་རྩོམ་རིག་བྱ་དགའ་འཐོབ་མཁནV.S.ནའེ་བྷོརVidiadharSurajprasad Naipaul1932ལོའི་ཟླ8པའི་ཚེས17ཉིན2018ལོའི་ཟླ8པའི་ཚེས11ཉིནལགས་ལོན་ཏོན་གྱི་རང་ཤག་ཏུ་སྐུ་གཤེགས།   དགུང་ལོ85ཡིན།

  

V.S.ནའེ་བྷོར་ལགས1932ལོའི་ཟླ8པའི་ཚེས17ཉིན་མེ་གླིང་གི་དབུས་དཀྱིལ་རྒྱབ་ཁབ་ཏུ་གཏོགས་པའི་ཐྲི་ལི་ནེ་ཏཱདབྱིན་ཇིའི་མངའ་ཁོངསཡི་ཁྲ་ཀཱ་ན་སི་ས་ཁུལ་དུ་རྒྱ་གར་གྱི་བྲམ་ཟེའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་བལྟམས།   ཁོང་གི་མེས་པོ་དག་བུར་ཤིང་འདེབས་འཛུགས་ཀྱི་བྲན་གཡོག་པའི་ཆས་སུ་རྒྱ་གར་ནས་ས་དེ་གར་ལོག་སྟེ་གཞི་བཅས་ཤིང་།  ཁོང་གི་ཡབ་ཀྱི་རིང་ནས་སློབ་གསོ་མྱོང་བའི་གོ་སྐབས་རག་ཐུབ་ཡོད།    ནའེ་བྷོར་གྱི་ཨ་མ་ཉིད་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་མོ་ཡིན་པས།   ནའེ་བྷོར་ལོ་དྲུག་གི་སྟེང་ཁྱིམ་མི་གང་བོ་སི་ཕན་གྲུ་ཁ་རུ་གནས་སྤར།   ནའེ་བྷོར་ཆུང་དུས་ནས་ཐྲི་ལི་ནེ་ཏཱའི་དབྱིན་ཡིག་སློབ་གྲྭ་རུ་སློབ་གཉེར་ལ་འབད་ཅིང་།  ཁོང་གིས་དེ་སྔ་རང་ཉིད་གསར་རྩོམ་གྱི་ལས་སུ་ཞུགས་པའི་ཤན་ཤུགས་གཙོ་བོ་ཕ་ལགས་དང་འབྲེལ་བ་དམ་ཟབ་ཡོད་ཅེས་བརྗོད་མྱོང་།             1950ལོར།  ལོ་ན་གཞོན་པའི་ནའེ་བྷོར་དབྱིན་ཇིའི་ཁམ་ཟམ་གཙུག་ལག་སློབ་ཆེན་དུ་འགྲོ་བའི་སློབ་ཡོན་རག་པ་དང་།  གཞན་གྱི་མཐོང་ཆུང་གི་མིག་ཟུང་ཁྲོད་སེམས་ཁམས་སྨྱོ་བ་ལྟ་བའི་གནས་སུ་ལྷུང་།  དེ་ལ་ཁོང་གིས1994ལོརཉིག་ཡོག་སྐུ་མགྲོནདུས་དེབ་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབསརང་ཉིད།  རྩོམ་པ་པོ་ཞིག་ཏུ་གཏན་ཁེལ་བའི་བར་དུ།  བདག་གིས་ཡི་མུག་གི་དུས་སྐབས་རིང་མོ་ཞིག་བརྒྱུད་ཚར་ཡོདཅེས་བརྗོད་ཡོད་པ་རེད།            1954ལོ་ནས1956ལོའི་བར་ཁོང་གིས་དབྱིན་ཇིའིBBCརླུང་འཕྲིན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་བསྒྲུབས་མྱོང་ཞིང་། དབྱིན་ཇིའི་བུད་མེད་ཧའེ་འོལPatricia Haleཟེར་བ་དང་གཉེན་བསྒྲིགས།  གཉེན་བསྒྲིགས་རྗེས་ཆུང་མའི་སྐུལ་སློང་འོག་གསར་རྩོམ་གྱི་ལམ་དུ་ཞུགས་པར་བརྗོད་མོད།  ཁོང་གཉིས་ཀྱི་བརྩེ་དུང་གི་བཞུད་ལམ་དེ་གསང་བ་ལྐོག་གྱུར་ཞིག་ཡིན་པ་ནི་ནའེ་བྷོར་གྱིས་མི་ཚེའི་ཧྲིལ་བོའི་གསར་རྩོམ་ཁྲོད་ཆུང་མ་ཐེངས་གཅིག་ལ་མ་གཏོགས་གླེང་མྱོང་མེད་ལ།  ཐ་ན་ཐེངས་གཅིག་པུ་དེ་ཡང་རུས་མིང་གིས་བཟུང་མེད།  ཁོང་གཉིས་ལ་རིགས་རྒྱུད་ཀྱང་མེད། 

དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་ནང་ནའེ་བྷོར་རིགས་རྒྱུད་ཨ་ཀེན་ཐན་ནས་ཡིན་པའི་དབྱིན་ཇིའི་བུད་མེད་ཅིག་ལ་སེམས་ཤོར་ཞིང་།  མི་ལོ21གི་རིང་བུད་མེད་དེ་འཁྱུན་མོ་རུ་ཉར་ནའང་ཕ་ཁི་སི་ཐན་གྱི་བུད་མེད་གསར་འགོད་པ་ནཱ་ཏིས་རNadiraKhannum Alviདང་ཕྲད་རྗེས་འབྲེལ་ཐག་བཅད།   1996ལོར་ཆུང་མ་སྐྲན་ནད་ཀྱི་དབང་གིས་ཚེ་ལས་འདས་པར།   ནའེ་བྷོར་གྱིསསྐུ་ཞབས་བྷེ་སི་ཝོ་སིའི་སྡོད་ཤགཅེས་པ་བསྐྱར་དུ་པར་སྐྲུན་སྒོས་ཆུང་མར་རྗེས་དྲན་གྱི་རྟེན་དུ་ཕུལ་མྱོང་།  ཟླ་གཉིས་ཀྱི་རྗེས་སུ་ནའེ་བྷོར་ནཱ་ཏིས་ནར་དང་གཉེན་བསྒྲིགས།

ནའེ་བྷོར་གྱི་གསར་རྩོམ་གྱི་ཁྲོད་དུ་གནས་སྤོས་ཡུལ་མིའི་སྡུག་བསྔལ་མཚོན་ཡོད་པ་དེས་དབྱིན་བཙན་རྒྱལ་ཆེན་མོའི་སྦས་སྐུང་གི་ངོ་གདོང་གསལ་རྗེན་དུ་བཏོན་ཡོད་ཅིང་།  ཡུལ་འཁྱམས་པར་བསྙད་པའི་འཚོ་བ་ལ་ཟུར་ཟ་དང་བཅས་དད་སྟོབས་དང་དེའི་ལྡོག་ཕྱོགས་ཀྱི་འགལ་བ་མཚོན་བརྗོད་ཐུབ་ཡོད།   ནའེ་བྷོར་གྱིས་མི་ཚེ་གང་བོར་སྒྲུང་དེབ་ཉི་ཤུ་ལྷག་བརྩམས་ཡོད་པ་དེ་བཞིན་རྟོག་བཟོ་མ་ཡིན་པའི་རྩོམ་ཡིག་ཁ་གྲངས་དེ་དང་ཐག་ཉེ་བ་ཇི་རིགས་ཤིག་བརྩམས་གནང་མཛད་ཡོད། 

ནའེ་བྷོར་གྱི་རང་རྣམ་ལས་མི་སེར་སྤེལ་ཡུལ་ཕྱི་མའི་འཇིག་རྟེན་གྱི་འདྲེས་འཛིང་ཆེ་བའི་འགལ་བ་དེ་མཚོན་བརྗོད་ཐུབ་ཡོད་པ་ནི།  ཁོ་རང་དབྱིན་ཇིའི་མངའ་ཁོངས་སུ་གཏོགས་པའི་གླིང་ཕྲན་ཆུང་ངུ་ཞིག་གི་སྟེང་རྒྱ་གར་བྲམ་ཟེ་བའི་རིགས་རུས་སུ་སྐུ་བལྟམས་ནའང་དབྱིན་ཇིར་སློབ་གཉེར་དུ་ཆས་པ་དང་།  དུས་རབས་ཕྱེད་ཀ་ཙམ་གྱི་རིང་ལ་དབྱིན་ཇིར་འཚོ་བ་བསྐྱལ་ཏེ་ས་གྲགས་གནམ་གྲགས་ཀྱི་རྩོམ་རིག་གི་གཡུར་ཟའི་གྲུབ་འབྲས་ཐོབ་པ་དེས1990ལོར་བྷོ་རིམ་པའི་མི་དྲག་གི་མཚན་སྙན་གནང་ཡོད་པ་རེད། 

 ནའེ་བྷོར་གྱི་མི་ཚེའི་ལྟ་བ་དེ་མི་སེར་སྤེལ་ཡུལ་གྱི་གཞིས་བྱེས་སེམས་ཁམས་ལས་རིང་དུ་འགོངས་ཡོད་པ་ནི་ཁོང་གི་གསར་རྩོམ་གྱི་དམིགས་པ་གཏོད་ཡུལ་དེ་བདག་ཉིད་ཀྱི་ཚེ་སྲོག་དང་རྒྱུ་འབྲས་སྟེང་ཡོད་པ་མ་གཏོགས་རིགས་དང་ཆོས་ལུགས་སོགས་ཀྱིས་ས་མཚམས་ཆུ་མཚམས་དགར་བ་ལ་ཁོ་རང་ཤིན་ཏུ་མི་དགའ།  ཁོའི་བསམ་པར་ཡུལ་འཁྱམས་ཀྱི་ལས་ལ་ཞུགས་པའི་མི་ཞིག་ལ་མཚོན་ན་མཐའ་གཉིས་སུ་མ་ལྷུང་བར་དབུ་མའི་ལམ་གྱི་རྩོམ་རིག་གི་མཇུག་འབྲས་ཤིག་ལ་སྙེག་དགོས་པར་འདོད་པ་དེས།  2011ལོར་ཁོང་ལ་ནོ་པེལ་རྩོམ་རིག་བྱ་དགའ་སྤྲོད་དུས་སུ་སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ཁོང་ལརྩོམ་རིག་འཇིག་རྟེན་གྱི་གནས་སྐོར་བ།  ཁོང་གི་ཕ་ཡུལ་ཁོ་རང་གི་སེམས་དང་ཐུན་མོང་མ་ཡིན་པའི་མགྲིན་པའི་ཁབ་ཏུ་བཞུགས་ཡོདཅེས་གདེང་འཇོག་གནང་ཡོད།  

2004ལོའི་བཅར་འདྲི་ཞིག་གི་ཁྲོད།  ནའེ་བྷོར་གྱིསཁོ་ཚོས་ཅི་ལྟ་བུ་ཞིག་རྗོད་ཀྱིན་འདུག་གམ།   རིག་གནས་སྣ་མང་རིང་ལུགས་སམ་གང་ཞིག་སྒྲོག་གིན་འདུག   དངོས་གནས་བློའི་ཡུལ་དུ་བྱ་རུང་བ་ཞིག་མ་རེདཅེས་བརྗོད་ཡོད།

ནའེ་བྷོར་གྱི་མི་ཚེའི་གདམ་ཀ་དེའི་ཁོང་གི་གཤིས་ཀ་དེ་ཤིན་ཏུ་གྱོང་བོ་ཞིག་ཡིན་པ་རྣམ་ཀུན་ཁོང་གི་རྩོམ་དེབ་དཔར་བའི་དུས་སུ་རྩོམ་སྒྲིག་པ་རེ་གཉིས་ཀྱིས་ཡིད་གཟབ་མ་བྱས་པར་ཁོ་རང་ས་ཁུལ་དང་རྒྱལ་ཁབ་གང་གི་རྩོམ་པ་པོར་གཏན་ལ་ཁེལ་བ་དེས་དེབ་དཔར་བའི་དབང་ཆ་ཡོངས་སུ་རྩ་བརླག་ཏུ་བཏང་བ་ཡོད་ལ།   ཐད་གཏོང་བརྙན་འཕྲིན་བཅར་འདྲིའི་སྐབས་སུ་མདོ་འཛིན་པའི་དྲི་ཚིག་ལ་ལན་གདབ་མ་འདོད་པར་ཡར་ལངས་ཏེ་སྒོར་ཐོན་པའང་ཡོད།

ནའེ་བྷོར་གྱིས་སྒྲུང་རྩོམ་དེབམའེ་རྒེར་སྲང་ལམདངརང་དབང་གི་རྒྱལ་ཁམསསོགས་སྒྲུང་དེབ་ཉི་ཤུ་ལྷག་དངཉམས་རྒུད་དུ་གྱུར་བའི་གསེར་གྱི་རྒྱལ་ཁབསོགས་ཡུལ་སྐོར་ཟིན་བྲིས་བཅུ་ཕྲག་ཅིག་མཛད་ཡོད་པ་དང་།   མན་པའོ་ཁི་རྩོམ་རིག་བྱ་དགའ་དང་ནོ་པེལ་རྩོམ་རིག་བྱ་དགའ་སོགས་རྒྱལ་སྤྱིའི་བྱ་དགའ་མང་པོ་བླངས་མྱོང་ཡོད།

 རེ་རྐང་གླིང་གིས《ཉིག་ཡོག་སྐབས་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་བསྒྱུར་སྒྲིག་བྱས། 


སྤྱིའི་ལྟ་སྐུལ་བ། རྡོ་རྗེ་ཚེ་བརྟན།   རྩོམ་སྒྲིག་པ། རིན་ཆེན་དོན་འགྲུབ།



 

《རྨ་ལྷོ་བོད་ཡིག་ཚགས་པར》རྩོམ་སྒྲིག་ཁང་།        སྤྱི་ཨང501

སྡོད་གནས། རེབ་གོང་རྫོང་རོང་བོ་གྲོང་རྡལ་སྟག་ལུང་ལྷོ་ལམ་ཨང50བ།    

ཁ་པར་ཨང་གྲངས། 0973—8795289