[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕ་རི་སིའི་LA LISTEརྒྱལ་སྤྱིའི་ཟས་མཆོག་གི་ཨང་རིམ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-03

    1373694_yis_1638460800000_s.jpg

    ཚེས་29ཉིན། ཕ་རི་སིའི LA LISTEརྒྱལ་སྤྱིའི་ཟས་མཆོག་གི་2022ལོའི་ཨང་རིམ་ཕ་རི་སིར་གནས་པའི་ཧྥ་རན་སེའི་ཕྱི་འབྲེལ་པུའུ་རུ་ཡོངས་བསྒྲགས་ཀྱི་མཛད་སྒོ་འཚོགས་པ་རེད། LA LISTEརྒྱལ་སྤྱིའི་ཟས་མཆོག་གི་ཨང་རིམ་2015ལོར་ཧྥ་རན་སེ་བས་ཐོག་མར་བཟོས་པ་དང་། ད་ཆ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ཡི་ཟ་ཁང་ཁྲི་2ལྷག་ཙམ་དེའི་ནང་ཞུགས་ཡོད་པ་དང་ཆེད་ལས་ཟས་མཆོག་ཕྱོགས་སྟོན་དང་དམངས་ཚོགས་ཀྱི་གདེང་འཇོག་800ལྷག་ཙམ་དཔྱད་དཔོག་བྱས་ཏེ་ཨང་རིམ་མདུན་གྲས་སུ་སླེབས་པའི་ཟ་ཁང་1000ལོ་འཁོར་རྗེས་མའི་གོ་ལ་ཧྲིལ་པོའི་ཟས་མཆོག་གི་ཨང་རིམ་ནང་ཚུད་རྒྱུ་རེད།

    འདི་ནི་ཕ་རི་སིར་གནས་པའི་ཧྥ་རན་སེའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་ LA LISTEརྒྱལ་སྤྱིའི་ཟས་མཆོག་གི་ཨང་རིམ་ཡོངས་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་སྐུ་མགྲོན་གྱིས་ཕ་རི་སིའི་ཀྲུང་ལུགས་ཟ་ཁང“བདེ་སྐྱིད་ཐོག་ཁང”གི་ཟས་སྒྲོམ་མདུན་དུ་ཟས་མཆོག་ལ་རོལ་བཞིན་པ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།