[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་འཕྲིན་པུའི་འགོ་ཁྲིད་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-06-02

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་འཕྲིན་པུའུ་ལ་ཕེབས་ནས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐང་ཏེང་ཅེ་དང་བཟོ་འཕྲིན་པུའི་པུའུ་ཀྲང་ཤའོ་ཡ་ཆིང་དང་མཇལ་འཛོམས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཝེ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་འཕྲིན་པུས་དུས་ཡུན་རིང་པོར་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་མདུན་སྐྱོད་དང་གསར་འབྱེད་ཡར་བརྩོན་བྱས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གྲུབ་འབྲས་འདི་དག་ཐོབ་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་འཕྲིན་པུའུ་སོགས་རྒྱལ་ཁབ་པུའུ་ཨུད་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད། དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་རང་བཞིན་གང་ལེགས་མངོན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་སེམས་ལ་བརྟན་པོར་ངེས་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས། དེང་སྐབས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ལ་དམ་པོར་དམིཌ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེཌ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོཌ་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་དོན་ལ་ཇུས་འགོད་གང་མགྱོགས་བྱེད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་འཕྲིན་པུས་སྔར་རྒྱུན་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་འཆར་འགོད་ལ་ཞིབ་མཆན་འགོད་པ་དང་། འཐབ་ཇུས་གལ་ཆེན་གྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་བ། བཟོ་ལས་དང་ཆ་འཕྲིན་ཅན་འཛུགས་སྐྱོང་། རིམས་འགོག་སྨན་ཁབ་མཁོ་སྤྲོད་སོགས་ཐད་མུ་མཐུད་རྒྱབ་སྐྱོར་གནང་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེཌ་སྐྱོར་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བཞུགས་མོལ་གནང་རིང་། ཐང་ཏེང་ཅེ་དང་ཤའོ་ཡ་ཆིང་སོགས་པུའུ་ཨུད་འགོ་ཁྲིད་ཀྱིས་བོད་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་ལྗོངས་ཀྱིས་བཏོན་པའི་གྲོས་འགོ་དང་དོན་གནད་རེ་རེ་བཞིན་ལ་ལན་བསྐྱོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།