ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བུད་མེད་གྲོང་སྤྱི་ཁོང་མོ་ཙུང་ཐུང་འདེམ་བསྐོར་ཞུཊ་རྩིས་འདུག

2021-09-13 16:15:00     责编:娜科

   ཉེ་ཆར། ཧྥ་རན་སི་གསར་འགྱུར་ཁང་དང་ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་སོགས་ཕྱི་རྒྱལ་སྨྱན་སྦྱོར་གྱི་གནས་ཚུལ་གསར་ཤོས་ལྟར་ན། ཧྥ་རན་སིའི་ཕ་རི་སི་གྲོང་ཁྱེར་གྱི་གྲོང་སྤྱི་ཨན་ཉི་དབྱི་ཏར་ཀེ(Anne Hidalgo)ཧྥ་རན་སིའི་ཙུང་ཐུང་འདེམས་བསྐོར་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཤིང་། ཁོང་མོས་ཧྥ་རན་སིའི་བུད་མེད་ཙུང་ཐུང་ཐོག་མ་དེ་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། 

     ཧྥ་རན་སི་གསར་འགྱུར་ཁང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་དམངས་འདོད་བརྟག་འབྲས་ལས་མངོན་པར། སང་ལོའི་སྤྱི་ཟླ་4པར་ཧྥ་རན་སིའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་དང་པོའི་འདེམས་ཤོག་འཕེན་པའི་བརྒྱུད་རིམ་ནང་ད་ལོ་ལོ་62ལ་སླེབས་པའི་དབྱི་ཏར་ཀེ་ལ་འདེམས་ཤོག་7%ནས་9%བར་ལས་ཐོབ་མེད་པ་རེད།

     ཨན་ཉི་དབྱི་ཏར་ཀེ་ནི་སྤྱི་ལོ་1959ལོའི་ཟླ་6པའི་ཚེས་19ཉིན་སི་ཕན་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཧྲིན་ཧྥེའར་ནན་ཏོ་རུ་འཁྲུངས་ཤིང་། སྤྱི་ལོ་1994ལོར་ཧྥ་རན་སིའི་སྤྱི་ཚོགས་ཏང་དུ་ཞུགས། ཧྥ་རན་སིའི་ས་གནས་གྲོང་ཁྱེར་གྱི་གྲོང་སྲིད་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་པའི་བྱེད་སྒོ་སྤྱི་ལོ་2014ལོའི་ཟླ་3ཚེས་30ཉིན་དངོས་སུ་མཇུག་རྫོགས་ཤིང་། ཕ་རི་སི་གྲོང་ཁྱེར་གྱི་གྲོང་སྤྱི་གཡོན་ཤོག་སྤྱི་ཚོགས་ཏང་གི་འདེམས་བསྐོས་འགྲན་ཞུགས་པ། ད་ཆ་ཕ་རི་སིའི་གྲོང་སྤྱི་གཞོན་པ་ཨན་ཉི་དབྱི་ཏར་ཀེས་རྒྱབ་སྐྱོར་གྱི་འདེམས་ཤོག་54.5%ཐོག་ནས་ཁོང་མོའི་འགྲན་ཟླ་ཕམ་པར་བྱས་ཏེ། ཕ་རི་སིའི་ལོ་རྒྱུས་ཐོག་གི་བུད་མེད་གྲོང་སྤྱི་ཐོག་མར་གྱུར་ཡོད་པ་རེད།

     སྤྱི་ལོ་2014ལོའི་ཟླ་4པར་དབྱི་ཏར་ཀེ་དངོས་སུ་ཕ་རི་སིའི་བུད་མེད་གྲོང་སྤྱི་ཐོག་མར་གྱུར་བ་དང་། སྤྱི་ལོ་2020ལོར་ཁོང་མོས་མུ་མཐུད་དུ་ཕ་རི་སིའི་གྲོང་སྤྱིའི་འགན་གནས་འཁུར་བཞེས་གནང་ཡོད་པ་རེད།

     ཨན་ཉི་དབྱི་ཏར་ཀེའི་ཤེས་རམས་སྐབས་ཀྱི་ཆེད་སྦྱོང་ནི་ངལ་རྩོལ་བཟོ་པའི་ཁྲིམས་ལུགས(劳工法)དང་སྤྱི་ཚོགས་ཚན་རིག་ཡིན་ལ། དེའི་རྗེས་སུ་ཁོང་མོས་སྤྱི་ཚོགས་བཅའ་ཁྲིམས་དང་བཟོ་ཚོགས་ཁྲིམས་ལུགས་རིག་པའི་ཆེད་ལས་ལས་ཞིབ་འཇུག་སློབ་མ་མཐར་ཕྱིན། ལོ་23ལ་སླེབས་པའི་དབྱི་ཏར་ཀེས་ངལ་རྩོལ་བཟོ་པའི་སྤྱི་ཁྱབ་ལྟ་ཞིབ་པར་རྒྱུགས་འཕྲོད་ཅིང་། སྤྱི་ལོ་1994ལོར་ཧྥ་རན་སིའི་སྤྱི་ཚོགས་ཏང་དུ་ཞུགས། སྤྱི་ལོ་1997ལོ་ནས་སྤྱི་ལོ་2002ལོའི་བར་ཨན་ཉི་དབྱི་ཏར་ཀེས་སྔ་རྗེས་སུ་རུའོ་སི་ཕན་དང་ཨའོ་པོ་ལི་སྲིད་གཞུང་ནང་པུའུ་ཀྲང་གི་བློ་འདོན་པའི་འགན་ཐེངས་མང་བཞེས་མྱོང་ཡོད།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།  

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། བྱམས་མཚོ། 

中央广播电视总台 央广网 版权所有

བུད་མེད་གྲོང་སྤྱི་ཁོང་མོ་ཙུང་ཐུང་འདེམ་བསྐོར་ཞུཊ་རྩིས་འདུག

སྤྱི་ལོ་2014ལོའི་ཟླ་4པར་དབྱི་ཏར་ཀེ་དངོས་སུ་ཕ་རི་སིའི་བུད་མེད་གྲོང་སྤྱི་ཐོག་མར་གྱུར་བ་དང་། སྤྱི་ལོ་2020ལོར་ཁོང་མོས་མུ་མཐུད་དུ་ཕ་རི་སིའི་གྲོང་སྤྱིའི་འགན་གནས་འཁུར་བཞེས་གནང་ཡོད་པ་རེད།