ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ཞིབ་འཇུག་པས་ཨ་རིའི་“ལྟག་སྒོ”ཞིག་དམར་རྗེན་དུ་བཏོན།

2022-02-24 14:45:00     责编:卓玛才让

གཤམ་གྱི་རྩོམ་ཡིག་འདིའི་ཡོང་ཁུངས་ནི་གོ་ལ་སྐོར་བའི་དྲ་བའི་རྩོམ་པ་པོ་ཚའོ་སི་ཆི་ཡིན། སྤྱི་ཟླ་2པའི་ཚེས་23ཉིན། གོ་ལ་སྐོར་བའི་སྐབས་དོན་ཚགས་པར་གྱི་གསར་འགོད་པར་པེ་ཅིང་ཆི་ཨན་ཕན་ཀུའུ་ཚོད་ལྟ་ཁང་ནས་སྙན་ཞུ་ཞིག་ལག་སོན་བྱུང་ཞིང་། སྙན་ཞུ་དེའི་ནང་། ཨ་རིའི་ལྟག་སྒོ་སྟེ་གློག་ཡོལ་བྱ་འགུལ་གྱི་ལག་རྩལ་གྱི་ཞིབ་ཕྲའི་གནས་ཚུལ་དང་ཕར་རྒོལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་གསང་བ་བརྟོལ་ཡོད། ཕན་ཀུའུ་ཚོད་ལྟ་ཁང་གིས་བརྗོད་པ་ལྟར་ན། དེ་ནི་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ཁོངས་སུ་གཏོགས་པའི་དྲ་རྒོལ་རྩ་འཛུགས་ཤིག་སྟེ། མཉམ་བྱའི་ཚུལ་གྱིས་བཟོས་པའི་ལྟག་སྒོ་རྩེར་སོན་ཞིག་ཡིན་པ་དང་། དེ་ནི་བཙན་འཛུལ་བྱས་རྗེས་གནོད་འཚེའི་ཡུལ་གྱི་རྩ་འཛུགས་ཀྱིས་དྲ་བར་ལྐོག་ལྟ་དང་ཚོད་འཛིན་བྱེད་ཆས་ཤིག་ཡིན་ལ། མིག་སྔར་དེས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་45ལ་གནོད་འཚེ་བཟོས་ཡོད་ཅེས་བཤད་པ་རེད།

འདི་ནི་ཀྲུང་གོའི་ཞིབ་འཇུག་པས་ཨ་རིའི་མཉམ་བྱའི་ཚུལ་གྱི་APTརྩ་འཛུགས་ཀྱིས་བཟོས་བའི་ལག་རྩལ་དཔང་རྟགས་ཀྱི་འབྲེལ་ཐག་ཆ་ཚང་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།
ཞིབ་འཇུག་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། གློག་ཡོལ་བྱ་འགུལ་གྱིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གཞན་ལ་བཙན་འཛུལ་དང་ཕར་རྒོལ་བྱས་ཏེ་ལོ་བཅུ་ལྷག་སོང་ཞིང་། ཀྲུང་གོ་དང་། ཨུ་རུ་སུ། ལྗར་ཕན། འཇར་མན། སི་ཕན། དབྱི་ཐ་ལི་སོགས་རྒྱལ་ཁབ་དང་ས་ཁུལ་45ཡི་ལས་ཁུངས་གལ་ཆེན་287ལ་བཙན་འཛུལ་བྱས་ཡོད་པ་དང་། དེ་ལས་ལྗར་ཕན་ནི་གནོད་འཚེ་ཕོག་ཡུལ་ཞིག་ཡིན་པའི་ཆ་ནས། རྩ་འཛུགས་དེས་ལྗར་ཕན་བརྒྱུད་དེ་རྒྱལ་ཁབ་གཞན་དག་ལ་ཕར་རྒོལ་བྱས་ཡོད།

APTཡིས་ཕར་རྒོལ་བྱེད་ཚད་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། བཙན་འཛུལ་གྱི་གཞི་ཁྱོན་ཇེ་ཆེ་དང་། གནོད་འཚེའི་རང་བཞིན་ཆེ་བ། གབ་ཡིབ་རང་བཞིན་ཇེ་ཆེར་བཅས་འགྲོ་གི་ཡོད། གོ་ལ་སྐོར་བའི་སྐབས་དོན་ཚགས་པར་གྱི་གསར་འགོད་པར་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་ནི་APTཡིས་ཚུར་རྒོལ་བྱེད་མང་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་རེད། ཞིབ་འཇུག་མི་སྣས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཐོན་ལས་འབྲེལ་ཐག་གིས་མཉམ་ལས་བྱས་ནས་འཇིགས་སྐུལ་ལ་ཁ་གཏད་གཅོག་དགོས་པ་དང་། དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶རྒྱལ་ཁབ་འདིར་མེ་རི་འཕྱུར་ཞིང་རྒྱལ་སའི་ཆ་ཤས་ཆུས་བསྣུབས་པ་དང་་་

ཨོ་ཁེ་ལན་སློབ་ཆེན་གྱི་མེ་རིའི་ཆེད་མཁས་པ་དགེ་རྒན་ཆེན་མོ་བ་Shane Croninཡིས་ཐེངས་འདིའི་མེ་རི་འཕྱུར་བ་ནི་ཐང་ཀར་ཉེ་བའི་ལོ་ངོ་30རིང་ཐོན་པའི་མི་རི་ཆེ་ཤོས་དེ་ཡིན་པ་དང་།

中央广播电视总台 央广网 版权所有

ཀྲུང་གོའི་ཞིབ་འཇུག་པས་ཨ་རིའི་“ལྟག་སྒོ”ཞིག་དམར་རྗེན་དུ་བཏོན།

གཤམ་གྱི་རྩོམ་ཡིག་འདིའི་ཡོང་ཁུངས་ནི་གོ་ལ་སྐོར་བའི་དྲ་བའི་རྩོམ་པ་པོ་ཚའོ་སི་ཆི་ཡིན།