སྤྱི་ཁྱབ་ཧྲུའུ་ཅིའི་བཅོལ་གདམས་བློ་ལ་བརྟན་པོར་བཅིངས་ནས“ལོ་ལྔ་ཚན་བཅུ་བཞི་པ”ར་རེ་བ་མཐོན་པོ་བཟུང་ནས་མདུན་དུ་བསྐྱོད།

— ཟི་ལིང་གི་ནགས་ཚལ་ཡུལ་སྐོར་བ་ཁྲི230ལས་བརྒལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ནགས་ཚལ་ཡུལ་སྐོར་དེ་གསར་དར་གྱི་ཡུལ་སྐོར་རྣམ་པ་ཞིག་ཏུ་གྱུར་ནས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ན་ནིང་ཟི་ལིང་གྲོང་ཁྱེར་དུ་ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་ཐད་ཚད་བརྒལ་གསར་པ་བྱུང་ནས་ཡུལ་སྐོར་མི་འབོར་ཁྲི230.82ཟིན་ཡོད།

ཉེ་བའི་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་གྱིས་ནགས་རྩྭའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ཁ་ཕྱོགས་ཇུས་འགོད་བྱས་པ་བརྒྱུད་དེ། མཚོ་བོད་མཐོ་སྒང་གི་དེང་རབས་ནགས་རྩྭའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་སོགས་ལས་གཞི་གལ་ཆེན6གི་གྲོས་འགོའི་ཡི་གེ་སྔ་རྗེས་སུ་བཟོས་ནས། སྔོ་ཞིང་དྭངས་བའི་རི་ཆུ་དངོས་སུ་གསེར་རི་དངུལ་རིར་འགྱུར་བར་བྱེད་དགོས། འཚེ་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད་དེ་སྔོ་ཞིང་དྭངས་བའི་རི་ཆུ་དང་གསེར་རི་དངུལ་རི་གཅིག་གྱུར་དམ་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མང་ཚོགས་ཕྱུག་པོར་འགྱུར་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། མཉམ་སྡེབ་ནགས་ཚལ་གྱི་གཉེར་སྐྱོང་དབང་ཆ་ལྷུག་ཏུ་བཏང་བ་བརྒྱུད་མཉམ་སྡེབ་ནགས་སའི་ཐོན་ཁུངས་རྒྱུ་ནོར་ལ་སྐུལ་མ་ཐེབས་ཤིང་། སྐྱེ་ཁམས་ནགས་ལས་དང་དམངས་ཚིས་ནགས་ལས་གཉིས་ཕན་གྱི་རྣམ་པ་བཟང་པོ་ཐོན་ཡོད།

མིག་སྔར། ཟི་ལིང་ཙོང་ཆུའི་རྒྱལ་ཁབ་འདམ་ར་སྤྱི་གླིང་དེ་གྲོང་མི་རྣམས་སྤྲོ་གསེང་དང་རོལ་རྩེད་བྱེད་སའི་འདུ་གནས་ཤིག་ཏུ་གྱུར་ཡོད། གསར་འགོད་པས་ཤེས་གསལ་ལྟར་ན། ཙོང་ཆུའི་འདམ་རའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ལ་ཚོད་སྐོར་བྱེད་པའི་ལས་དོན་སྤེལ་བ་བརྒྱུད། མིག་སྔར། ཟི་ལིང་ཙོང་ཆུའི་རྒྱལ་ཁབ་འདམ་རའི་ཕྱོགས་བསྡུས་བདེ་ཐང་སྟོན་གྲངས(CHI)དེ2016ལོའི0.55ནས2021ལོའི0.675བར་ཇེ་མང་དུ་ཕྱིན་ནས་འཕར་ཚད22.7%ཟིན་ཡོད། འདམ་རའི་སྤྱི་གླིང་གིས་ཟི་ལིང་གྲོང་ཁྱེར་ལ་མཁོ་འདོན་བྱས་པའི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་རིན་ཐང་སྒོར་དུང་ཕྱུར6.03ཟིན་པ་དང་། སྐྱེ་ཁམས་མ་ལག་སྐྱོན་བྲལ་དང་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་རིན་ཐང་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།