རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁང་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་གཙོ་གཉེར་བྱས་ཤིང་མཚོ་སྔོན་སློབ་ཆེན་གྱིས་སྒྲུབ་འགན་ཁུར་པའི་རྨ་ཆུའི་སྟོད་རྒྱུད་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོད་ལྟ་ཁང་གི་སྒོ་བྱང་འགེལ་པའི་མཛད་སྒོ་མཚོ་སྔོན་སློབ་ཆེན་དུ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོད་ལྟ་ཁང་གིས“རྨང་གཞི་བརྟན་བཟོ”དང“གནད་སེལ་འགག་སྒྲོལ”འཕེལ་རྒྱས་ཀྱི་དམིགས་ཚད་དུ་བྱས་ནས་གཙང་ཆུའི་ཆུ་འགོ་ཁུལ་གྱི་གནམ་གཤིས་དང་། ཆུ་དཔྱད། སྐྱེ་ཁམས་ཟུང་སྦྱོར་བཅས་ཀྱི་རྐྱེན་རྩ། དེ་བཞིན་འབྱུང་འགྱུར་གྱི་གནས་ཚུལ་དང་། མིའི་ལག་ཐབས་རིག་ནུས་དང་འཕྲུལ་ཤེས་རྨ་ཆུ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཆུ་ཁུངས་གསོ་སྙོར། མཐོ་སྒང་གི་གྲང་ངད་ཀྱི་འགྱུར་ལྡོག་གལ་ཆེན་གྱི་འགག་རྩའི་ཚན་རིག་དང་ལག་རྩལ། ནུས་གསོག་གསར་པ་དང་ནུས་མང་གསབ་རེས་སྙོམས་སྒྲིག་བཅས་ཕྱོགས་ལྔའི་ཐད་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་། ཞིབ་འཇུག་གི་ཁ་ཕྱོགས་མདོར་བསྡུས། ཞིབ་འཇུག་ཚོགས་པ་དངPIསྐོང་བསྡུ་བཅས་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་ཆུ་ཚད་མཐོ་བའི་འབྲེལ་ཡོད་འཇོན་མི་ཐད་ཀར་ནང་འདྲེན་བྱས་ཏེ་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱས།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་་གི་ཐིང་ཀྲང་གཞོན་པ་སུའུ་ཧའེ་ཧུང་གིས་བཤད་རྒྱུར། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོད་ལྟ་ཁང་བཙུགས་པ་དེས། ཞིང་ཆེན་ཡོངས་རྨ་ཆུའི་འཐབ་ཇུས་ཀྱི་རྒྱལ་ཁབ་ཚོད་ལྟ་ཁང་གྲབས་འཛུགས་བྱ་བའི་ནང་ཧུར་ཐག་ཞུགས་རྒྱུར་ལས་སྟེགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད་ལ། ཚོད་ལྟ་ཁང་གིས་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལ་དམིགས་ནས“སྐྱེ་ཁམས་སྲུང་སྐྱོང”གཙོ་གནད་དུ་བཟུང་སྟེ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང“མགྲིན་པ་འཚིར་སྤྱད”དུ་སོང་བའི་ཞན་ཆའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཚད་བརྒལ་བྱུང་ནས་མཚོ་སྔོན་ཞིང་ཆེན་གྱི་འགོ་རྩོམ་ས་མཐོ་བ་དང་། ཆུ་ཚད་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཞིབ་འཇུག་ལ་སྐུལ་འདེད་གཏང་རྒྱུར་རམ་འདེགས་ཐུབ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་ཕྱོགས་སྒྱུར་ལ་ཞབས་འདེགས་ཞུས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་སྟོབས་ཤུགས་འབུལ་དགོས་ཟེར།

གཡང་སྐྱིད་ཀྱིས་བསྒྱུར།