ཨོ་གླིང་དུ་སྡིག་སྲིན་དམར་པོ་ཁྲི་1200ལྷག་གིས་གནས་སྤོ་བྱས་པ།

 
མི་དམངས་དྲ་བའི་འཕྲིན། ཉིན་རེའི་སྦྲག་སྲིད་ཚགས་པར་གྱིས་ཟླ་12ཚེས་7ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཨོ་སི་ཁྲུ་ལི་ཡའི་ཡེ་ཤུའི་འཁྲུངས་སྐར་གླིང་ཕྲན་(Christmas Island)སྟེང་གི་སྡིག་སྲིན་དམར་པོ་གནས་སྤོ་བྱེད་པའི་དུས་ལ་སླེབས་པ་རེད། ལོ་རེའི་ཟླ་10པའི་ཟླ་མཇུག་ནས་ཟླ་1དང་པོའི་ཆར་དུས་ཀྱི་བར་དུ་སྡིག་སྲིན་དམར་པོ་རྣམས་ནགས་ཚལ་ཁྲོད་ཀྱི་ཚང་ལས་ཁ་བྲལ་གནས་སྤོས་ཏེ་མཚོ་ཁར་སོང་ནས་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད། ཚོད་དཔག་བྱས་པ་ལྟར་ན། ཡེ་ཤེའི་འཁྲུངས་སྐར་གྱི་གླིང་ཕྲན་སྟེང་དུ་ཧ་ལམ་སྡིག་སྲིན་དམར་པོ་ཁྲི་1200ལྷག་ཡོད་པ་རེད།