གནས་སྤོ་ཡུལ་མིའི་གྲུ་གཟིངས་ཤིག་སི་ཕན་གྱི་མཚོ་འགྲམ་དུ་ནུབ་ནས་མི་24གར་སོང་ཆ་མེད་དུ་གྱུར་པ།

  

  

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་ཉེན་ཁ་ལས་ཐར་བའི་ཁྲིམས་འགལ་གྱི་གནས་སྤོ་ཡུལ་མི་ཚོ་སི་ཕན་གྱི་Gran Canariasཞེས་པའི་གྲུ་ཁར་སླེབས་པ་རེད། གནས་འཕྲིན་སྤེལ་བ་ལྟར་ན། མི་46བསྡད་ཡོད་པའི་གནས་སྤོ་ཡུལ་མིའི་གྲུ་གཟིགས་ཤིག་ཞི་སི་ཕན་མཚོ་འགྲམ་དུ་ནུབ་པ་རེད། སི་ཕན་གྱི་མྱུར་སྐྱོབ་མི་སྣས་མི་22བསྐྱབས་པ་དང་། མིག་སྔར་ད་དུང་མི་24གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།