ཆུ་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་དང་གནད་ཆེའི་མཐོ་སྒང་ཕྱུགས་ལས་ཚོད་ལྟ་ཁང་གསར་འཛུགས་ལ་ཐོག་མའི་གྲུབ་འབྲས་བླངས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཉེ་སྔོན།   མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་མཚོ་སྔོན་སློབ་ཆེན་གྱིས་འགན་ལེན་བྱས་པའི།“ཞིང་ཆེན་པུའུ་ཨུ་དང་མཉམ་སྐྲུན་བྱས་པའི་ཆུ་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་དང་གནད་ཆེའི་མཐོ་སྒང་ཕྱུགས་ལས་ཚོད་ལྟ་ཁང་གཙོ་བོའི”ལས་གཞི་ལ་དུས་རིམ་རང་བཞིན་གྱི་ཞིབ་བཤེར་རྩིས་བྱས།    གནད་ཆེའི་ཚོད་ལྟ་ཁང་ལ་ཆ་རྐྱེན་བསྐྲུན་པ་དང་འཇོན་མི་ནང་འདྲེན་དང་གསོ་སྐྱོང་།  ཐོན་སྐྱེད་གྲུབ་འབྲས་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།  

རྒྱུས་ལོན་པ་ལྟར་ན།  “ཞིང་ཆེན་པུའུ་ཨུ་དང་མཉམ་སྐྲུན་བྱས་པའི་ཆུ་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་དང་གནད་ཆེའི་མཐོ་སྒང་ཕྱུགས་ལས་ཚོད་ལྟ་ཁང”གི་ལས་གཞིའི་ཁྲོད།    ཚོད་ལྟ་ཁང་འཛུགས་སྐྲུན་གྱི་ཆ་ནས། ཚོད་ལྟ་ཁང་གི་ཐོག་ཁང་གསར་པར་སྒོར་ཁྲི2151གི་དཔྱད་ཆས་ཅ་ལག་རགས་ཤོས་གསར་དུ་བསྣན་ཡོད།  རྒྱལ་ཁབ་ཀྱི་གནད་ཆེའི་ཚོད་ལྟ་ཁང་གི་མཉམ་སྤྱོད་ཞིབ་འཇུག་སྟེགས་བུའི་འཛུགས་སྐྲུན་ཐོག་མར་ལེགས་འགྲུབ་བྱས་ཡོད་ལ།  ཚོད་ལྟ་ཁང་གི་ཕན་ནུས་བགོས་ཁུལ་གཞིར་བཟུང་སྟེ།  རྒྱུག་ཚལ་ཕྲ་ཕུང་དཔྱད་ཆས་ཚོད་ལྟ་ཁང་དང་ནད་འབུ་མེད་པའི་ཁང་བ།  སྐྱེ་ཁམས་རྫས་འགྱུར་ཚོད་ལྟ་ཁང་སོགས་བཙུགས་ཡོད།  

ཚན་རིག་ཞིབ་འཇུག་ཐོན་སྐྱེད་ཀྱི་ཕྱོགས་ནས།  ཚན་རྩལ་རྣམ་གྲངས144ལ་ཆོག་མཆན་ཐོབ་ཅིང་བསྡོམས་པས་སྒོར་ཁྲི16827རོགས་སྐྱོར་བྱས་ཡོད།   དེའི་ཁྲོད་རྒྱལ་ཁབ་རིམ་པའི་ལས་གཞི43ཡོད་ལ་གྲོན་དངུལ་སྒོར་ཁྲི8146བརྩོན་ལེན་བྱས།    

འཇོན་མི་ནང་འདྲེན་གྱི་ཕྱོགས་ནས།   ཀྲུང་གོ་ཆུ་བེད་ཆུ་གློག་ཚན་རིག་གླིང་གི་མཁས་པ་ཧུའུ་ཁྲོན་ཧོང་དང་པེ་ཅིང་སློབ་ཆེན་གྱི་མཁས་པ་ཉིས་ཅིན་རེན།  རྒྱལ་ཁོངས་དབྱིན་ཇི་ཡིན་པའི་འབུམ་རམས་པIan Duncan Lee-Matherདང་པེ་ཅིང་སློབ་གྲྭ་ཆེན་མོའི་མཐོ་སྒང་ཆུ་དངོས་བརྒྱུད་ཚད་གསར་སྐྲུན་ཞིབ་འཇུག་ཚོགས་པ་བཅས་ནང་འདྲེན་བྱས།   གཞན་ད་རུང“མཚོ་འགག་ངོགས་གཉིས་ཀྱི་བྱེ་འགྱུར་བཅོས་སྐྱོང་དང་དོ་དམ་ཞིབ་གྲོས་ཚོགས་འདུ་སྐབས20པ”སོགས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་ཐེངས་དྲུག་ལ་འགན་བསྒྲུབས་བྱས་ལ།  རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་ཐེངས31ལ་ཞུགས།  

ལོ་ཙཱ་བ། ལྷ་ཆེན་རྒྱལ །