ང་ཚོའི་སྐད་དང་ཡི་གེ སྦལ་ཏི་སི་ཐན་གྱི་བོད་ཡིག་བསྐྱར་དར་གྱི་ལམ་བུ།


ན་ནིང་དྲ་ཐོག་དང་གྲོགས་ཚོམས་སྟེང་ན་སྤེལ་བཞིན་པའི་ཕ་ཁི་སི་ཐན་མངའ་ཁོངས་ཀྱི་སྦལ་ཏི་སི་ཐན་གྱིས་བོད་ཡིག་འཛིན་སྐྱོང་གི་རྒྱུན་ལོ་ངོ་བརྒྱ་ཕྲག་ལ་ཆད་པ་སླར་གསོ་བྱས་པའི་སྐོར་གྱི་གསར་འགྱུར་ཞིག་ཚང་མས་བཀླགས་མྱོང་ཡོད་པ་རེད།  གསར་འགྱུར་དེའི་ནང་འདི་ལྟར་བྲིས་འདུག “Muḥammad Rhaji གྱི་ལོ་མང་པོའི་ཧུར་བརྩོན་འོག   ཁོས་རེ་འབོད་ལ་གྲུབ་འབྲས་ཐོབ་སྟེ།  ད་ལོར།  སྦལ་ཏི་སི་ཐན་གྱི་ལྟེ་བའི་གྲོང་ཁྱེར་ཁཱ་སི་ཏུའུ་ནས་སྦལ་ཏི་སི་ཐན་ས་ཁུལ་གྱི་གཟའ་མཇུག་ལ་བོད་ཡིག་གསབ་སྦྱོང་བྱེད་སའི་སློབ་གྲྭ་ཐོག་མ་དེ་བཙུགས།  འདིའི་མ་འོངས་པར་བོད་ཡིག་སྤྱོད་བཞིན་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཐུབ་པ་མཚོན་ཡོད། ”

ཉེ་སྔོན།  སྒྱུར་པ་པོ་འཐད་པ་བྱུང་རྗེས་ཚང་མར་ཉེ་དུས་ཀྱི་སྦལ་ཏི་སི་ཐན་སྐོར་གྱི་རྩོམ་ཡིག་ཞིག་མྱོང་རོལ་བྱེད་དུ་འཇུག་འདོད།  སྒྱུར་པ་པོས་རྩོམ་ཡིག་གི་མཇུག་དུ་འདི་ལྟར་བྲིས་འདུག  “ ཁོས་སྔ་མོ་ནས་པོད་ཁུག་འཕྲིན་སྟེགས་ལས་རྩོམ་འདི་བཀླགས་མྱོང་།  ཉེ་སྔོན་རྩོམ་ཡིག《Choose a right script for Balti》དེ་ལ་དྭགས་ཀྱི་དུས་དེབ《stawa》(《ལྟ་བ》)ཞེས་པའི་སྟེང་བཀོལ་ཡོད་པ་ཤེས་རྗེས། ཡང་བསྐྱར་ཐེངས་གཅིག་ལ་བལྟས་པ་ཡིན།  རྩོམ་ཡིག་འདི་ནི་སྦལ་ཏི་སི་ཐན་པ་ལ་མཚོན་ན་རྩོམ་ཡིག་ལེགས་པོ་ཞིག་ཡིན་པ་ལྟ་ཅི་སྨོས། ཕྱོགས་གཞན་ནས་མི་གཞན་དག་གིས་གནས་ཚུལ་འདི་ཤེས་རྟོགས་བྱུང་ན་ཡག་བསམ་པ་ཡིན། ནང་སྒོས་སུ་ང་རང་ཉིད་ནས་རྩོམ་ཡིག་ཁྲོད་ཀྱི་གྲོས་བསྡུར་ཁ་ཤས་དེ་བོད་རིགས་ལ་མཚོན་ན་རང་སྐྱོན་སེལ་རྟོགས་དང་།  དཔེ་བཟང་དོན་གཉེར་ལ་དོན་སྙིང་ལྡན་འདོད་པས། ཡིག་སྒྱུར་བྱས་ནས་ཀུན་ལ་དཔྱད་གཞི་ཞིག་འདོན་སྤྲོད་བྱས་པ་ཡིན” ཟེར།

སྦལ་ཏི་སི་ཐན་མངའ་ཁོངས་ནས་རྙེད་པའི་བོད་ཡིག་གི་རྡོ་རིང་།


དེ་སྔོན་གྱི་གསར་འགྱུར་རྙིང་པ།

སྦལ་ཏི་སི་ཐན་ནི་ཕ་ཁི་སི་ཐན་གྱིས་དབང་སྒྱུར་བའི་ཁུའུ་ཧྲི་མའེ་ཨར་ས་ཁུལ་དང་། ཧིན་རྡུ་ཆུ་བོའི་སྟོད་རྒྱུད་ཀྱི་གྲོག་རོང་ཞིག་ན་ཡོད།  ཡུལ་འདི་གངས་ཆེ་རྫོང་དང་སུའུ་ཁཱ་ཏོའུ་རྫོང་གཉིས་ཀྱིས་གྲུབ་ཅིང་མི་རིགས་གཙོ་བོ་བོད་རིགས་རེད།  མི་འབོར་ཧ་ལམ་ཁྲི32ཡོད།  མངའ་ཁོངས་གཅིག་གྱུར་གྱི་སྐད་ཆ་ནི་བོད་ནུབ་ཕྱོགས་ཀྱི་ཡུལ་སྐད་ཡིན་་ལ།

བོད་ཀྱི་སྲོལ་རྒྱུན་གྱི་ས་རྒྱུས་དབྱེ་སྟེང་ལྟར་ན་སྦལ་ཏི་སི་ཐན་མངའ་རིས་སྐོར་གསུམ་གྱི་ཡ་གྱལ་མང་ཡུལ་གྱི་མངའ་ཁོངས་སུ་གཏོགས། ལ་དྭགས་ཀྱང་མང་ཡུལ་དུ་གཏོགས།   སྤྱི་ལོ་དུས་རབས་བདུན་པའི་གོང་མང་ཡུལ་ཞང་ཞུང་རྒྱལ་པོའི་ས་ཁོངས་ཡིན།  རིག་གནས་སྟེང་ནས་ཡང་ཞང་ཞུང་རིག་གནས་སུ་གཏོགས་ལ། ཆོས་ལུགས་དད་མོས་བྱེད་ས་ཡང་གཙོ་བོ་བོན་ཆོས་ཡིན།  

སྤྱི་ལོ་དུས་རབས་བདུན་པར།  བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་ཏེ།  ཞང་ཞུང་དེ་ཉིད་བོད་བཙན་པོའི་ཆབ་འོག་ཏུ་བསྡུས།  དེ་དང་ལྷན་ཅིག་མང་ཡུལ་གྱི་ལ་དྭགས་དང་སྦལ་ཏི་སི་ཐན་གཉིས་ཀྱང་བོད་བཙན་པོའི་མངའ་འོག་ཏུ་བསྡུས། དེ་ནས་བཟུང་ཡུལ་དེ་གའི་རིག་གནས་ཡང་བོད་བརྒྱུད་ནང་བསྟན་རིག་གནས་སུ་བསྒྱུར་འགོ་ཚུགས།

སྤྱི་ལོའི་དུས་རབས་དགུ་པར།  བོད་བཙན་པོའི་རྒྱལ་རབས་ཁ་ཐོར་དུ་སོང་པས།   སྦལ་ཏི་སི་ཐན་རིམ་བཞིན་བོད་ཀྱི་རིག་གནས་ཀྱི་ལྟེ་གནས་དབུས་གཙང་དང་ཁ་ཐག་ཇེ་རིང་དུ་སོང་སྟེ། བོད་ཀྱི་རིག་གནས་ཀྱི་སྟོབས་ཤུགས་ཡང་ཉིན་རེ་བཞིན་ཇེ་ཞན་དུ་གྱུར། ལོ་རྒྱུས་ཡིག་ཚང་ལྟར་ན།  སྤྱི་ལོ་དུས་རབས་བཅུ་གསུམ་པའི་བར་དུ།  སྦལ་ཏི་སི་ཐན་གྱི་གྲྭ་པ་བོད་དུ་སློབ་གཉེར་བྱེད་དུ་ཡོང་མཁན་ཡོད་ལ། དེས་ནི་སྐབས་དེར་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིས་ས་གནས་དེ་གར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པ་ཤེས་ཐུབ།

སྤྱི་ལོའི་དུས་རབས་བཅུ་བཞི་ནས་དུས་རབས་བཅོ་ལྔའི་བར་དུ།   དབྱི་སི་ལན་ཆོས་ལུགས་ས་གནས་དེ་ནས་སྒྲོག་སྤེལ་བྱེད་འགོ་ཚུགས་ཏེ། དུས་རབས་བཅུ་བདུན་ལ་སླེབས་དུས། སྦལ་ཏི་སི་ཐན་ཁྱོན་ཡོངས་ནས་དབྱི་སི་ལན་ཆོས་ལུགས་ཀྱིས་ཁ་ལོ་བསྒྱུར།   དབྱི་སི་ལན་ཆོས་ལུགས་སྒྲོག་སྤེལ་གྱི་གོ་རིམ་ཁྲོད།  བོད་བརྒྱུད་ནང་བསྟན་ལ་རྡུང་རྡེག་དང་ས་གནས་རིག་གནས་ཚར་གཅོད་བྱ་ཆེད། ཆོས་པ་ཚོར་བོད་ཡིག་བཀོལ་མི་ཆོག་ཅེས་བཀའ་ཕབ་པས།  ཨ་རབ་ཀྱི་ཡི་གེ་དང་པར་སིག་གི་ཡི་གེ་རྨང་གཞི་ཡིན་པའི་སྦལ་ཏི་སི་ཐན་གྱི་ཡི་གེ་གསར་བཟོ་བྱས་པ་རེད། དོན་བྱ་དེས་སྦལ་ཏི་སི་ཐན་གྱི་རིག་གནས་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོས། པར་སིག་གི་ཡི་གེ་ཡིས་བོད་ཡིག་གི་སྒྲ་གདངས་ཡང་དག་ཞིག་སྟོན་མི་ཐུབ་པས།  དུས་ཡུན་རིང་པོ་ཞིག་ལ་སྦལ་ཏི་སི་ཐན་གྱི་རིག་གནས་འཕེལ་རྒྱས་ཧ་ལམ་སོར་གནས་སུ་ལུས།     དེའི་རྗེས་སྦལ་ཏིའི་ཡི་གེར་ལོ་ངོ་བརྒྱ་ཕྲག་མང་པོར་ཡང་སྐོར་བསྐྱར་སྐོར་སྒོས་བརྡར་ཤ་བཅད་པར་བརྟེན། དུས་རབས་བཅོ་བརྒྱད་ལ་སླེབས་དུས། སྦལ་ཏི་སི་ཐན་ས་ཁུལ་གྱི་སྔ་རབས་རྩོམ་རིག་བརྩམས་ཆོས་གཞི་ནས་མི་ཡུལ་དུ་བལྟམས་ཐུབ་པ་བྱུང་།

དེང་སྐབས་ཀྱི་སྦལ་ཏི་སི་ཐན་ཡོངས་སུ་དབྱི་སི་ལན་ཆོས་ལུགས་སུ་གྱུར་ཡོད་ནའང་།  ས་གནས་དེ་གར་ལུས་པའི་བོད་ཀྱི་རིག་གནས་རྗེས་ཤུལ་ད་རུང་འཚོལ་སྙེག་བྱེད་ཐུབ་ལ།  མང་ཚོགས་ཀྱིས་དེང་སྐབས་ད་རུང་གེ་སར་རྒྱལ་པོའི་སྒྲུང་བཤད་ལ། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྟ་ཐོག་སྤོ་ལོ་སོགས་ཀྱང་དར་ཁྱབ་ཆེན་པོ་ཡོད།  བོད་ཀྱི་ལོ་སར་ཡང་ས་གནས་དེ་གའི་དུས་ཆེན་གལ་ཆེན་ཞིག་ཡིན།  དེ་བཞིན་སྦལ་ཏི་སི་ཐན་ནང་ཁུལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་རྡོ་རིང་དང་བོད་ཡིག་གི་བྲིས་སོགས། རིག་གནས་རྟགས་མཚན་དག་གིས་འདས་པའི་ལོ་རྒྱུས་གཏམ་དུ་མི་བྱེད་གཅིག་ཀྱང་མི་འདུག

2014ལོར།  ཕ་ཁི་སི་ཐན་གྱི་ཡུལ་སྦལ་ཏི་སི་ཐན་ནས་སྐྱེས་པའིMuhamud rhajik ghliཡིས་དབྱི་སི་ལན་རིག་གནས་ཀྱི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས།  ཁོས་ས་གནས་དེ་གའི་རང་གི་བོད་སྐད་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པ་མཁྱེན་ཏེ།  སྦལ་ཏི་སི་ཐན་ས་ཁུལ་གྱིས་བོད་ཡིག་སླར་གསོ་དགོས་པའི་སྐད་འབོད་ཞུས་པ་རེད། དེང་སྐབས།  རྒན་པ་སྐོར་ཞིག་གིས་མ་གཏོགས་བོད་སྐད་བཤད་ཤེས་ཀྱི་མི་འདུག

ཕྱི་རྒྱལ་སྨྱན་བྱད་ལས་བསྒྲགས་པ་ལྟར་ན།  Muḥammad Rhaji ལགས་ཀྱི་ལོ་མང་པོའི་ཧུར་བརྩོན་བརྒྱུད།   ཁོས་རེ་འབོད་ལ་ཕན་འབྲས་སྨིན་ཏེ།  ད་ལོར།  སྦལ་ཏི་སི་ཐན་གྱི་སྲིད་འཛིན་དབུས་གྲོང་ཁྱེར་ཁཱ་སི་ཏུའུ་ནས། སྦལ་ཏི་སི་ཐན་ས་ཁུལ་གྱི་གཟའ་མཇུག་བོད་ཡིག་གསབ་སྦྱོང་བྱེད་སའི་སློབ་གྲྭ་ཐོག་མ་བཙུགས་ཟེར།

ང་ཚོའི་སྐད་དང་ཡི་གེ

Abdul Hameed(GB,Pakistan)

Akutaro(སྒྱུར།)

ཅེར་ཅེ་ཐེ་སྦལ་ཏི་སི་ཐན་ལ་མཚོན་ན། ད་དུང་སྤྱིར་བཏང་བའི་འདོད་ཚུལ་ལས་སྣ་མང་མཉམ་འདུས་ཀྱི་སྤྱི་ཚོགས་སྣང་ཚུལ་དུ་ཡོད།  དེ་གར་ཡོད་པའི་མི་རྣམས་ལ་སོ་སོར་རིག་གནས།  ཆོས་ལུགས། སྐད་ཆ་སོགས་རིགས་མི་གཅིག་པ་མང་དུ་ཡོད་ནའང་། ཚང་མ་ཞི་མཐུན་མཉམ་གནས་ཀྱི་འཚོ་བར་རོལ་བཞིན་ཡོད།

སྦལ་ཏི་སྐད་ནི་སྦལ་ཏི་སི་ཐན་གྱི་གཅིག་གྱུར་སྐད་ཆ་ཡིན་ཞིང་། ས་ཁོངས་དེ་ས་ཁུལ་བཞིས་གྲུབ་པ་ཡིན། མི་གྲངས་ཁྲི60ནས་ཁྲི80ཡོད།

སྦལ་ཏིའི་སྐད་ནི་བོད་སྐད་ཀྱི་ཁོངས་སུ་གཏོགས་པ་མ་ཟད། དེང་རབས་བོད་ཡིག་གི་གནའ་བོའི་རྣམ་པ(Dani,2003)(Jettmar,1958)སོར་བཞག་བྱས་ཡོད།  བྱེ་བྲག་ཏུ་སྦལ་ཏིའི་སྐད་ནི་ཆེས་ནུབ་ངོས་ཀྱི་བོད་སྐད་ལ་གཏོགས། (Jaschke,1883) སྤྱིར་ན་མི་རྒྱུད་དང་སྐད་ཡིག་བཅས་བོད་དང་ངོ་བོ་གཅིག་ཏུ་སྣང་བས། ལོ་རྒྱུས་སྟེང་སྦལ་ཏི་ལ“བོད་ཆུང་བ”(Vigne,1842)ཞེས་ཀྱང་འབོད།

ཀྲུང་གོ་ན་བོད་སྐད་སྤྱོད་བཞིན་པའི་མི་གྲངས་ཅུང་མང་ལ།  བོད་རང་སྐྱོང་ལྗོངས་ལས་གཞན་ད་དུང་ཞིང་ཆེན་བཞིར་སྤྱི་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད།   བོད་ཡིག་གི་ལུང་སྐད་ཀྱང་འབྲུག་ཡུལ་དང་བལ་བོ། འབྲས་ལྗོངས། ལ་དྭགས།  ཁཱ་ཅིས་ཨར། ད་དུང་པཱ་ཀི་སི་ཐན་གྱི་བོད་སྐད་ས་ཁུལ་འབའ་ཞིག་སྟེ་སྦལ་ཏི་སོགས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད།  

Ayge①ནི་སྐད་ཆ་འདི་རིགས་ཡི་གེར་འཕབ་བྱེད་ཀྱི་ཡིད་དུ་འོང་བའི་གསལ་བྱེད་ཅིག་ཡིན།  དེར་བོད་ཡིག་ནང་བཞིན་གསལ་བྱེད30དང་དབྱངས4ཡོད། ཡིན་ནའང་།སྦལ་ཏི་པས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱས་པ་ནས་བཟུང་། ཁོ་ཚོ་སྐད་ཆ་དང་རིག་གནས་ཀྱི་སྟེང་ནས་བོད་དང་འབྲེལ་བ་ཆད་ནསAygeཡང་དུས་ཡུན་རིང་བོ་ཞིག་ལ་སྦལ་ཏི་ནས་བོར་བརླགས་སུ་གྱུར་བ་རེད།

སྦལ་ཏི་པས་སྐད་ཆའི་གལ་ཆེན་རང་བཞིན་གྱི་ངོས་ཟིན་དང་འདུ་ཤེས་ལ་སད་རྟོགས་བྱུང་བ་དང་བསྟུན་རྩོད་གླེང་ཡང་རབ་དང་རིམ་པ་བྱུང་།   གཙོ་བོ་ཁོ་ཚོའི་རིགས་རྒྱུད་དང་འབྲེལ་བ་དམ་ཟབ་ཡོད་པའིAygeགསལ་བྱེད་དང་། ལོ་ངོ700ལྷག་གི་ལོ་རྒྱུས་ཡོད་པའི་པར་སིག་གི་ཡི་གེ(དུས་རབས14པར་པར་སིག་གི་དབྱི་སི་ལན་ཆོས་ལུགས་སྤེལ་མཁན་ཚོས་ཁྱེར་ཡོང་བ་རེད)། དེ་མིན་ལཱ་ཏེན་ཡི་གེ་བཅས་ལས་གང་ཞིག་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་རྩོད་པ་རེད།

མཐར་ཐུག ང་ཚོས་ཡིག་རིགས་གང་ཞིག་བདམས་གསེས་བྱས་རུང་། གལ་ཆེ་ཤོས་ནི་ཚང་མར་སྦལ་ཏིའི་སྐད་སྲུང་སྐྱོབ་དང་།  དེའི་ཐ་སྙད་ཀྱི་ཁྱད་ཆོས། སྒྲ། མཚོན་དོན། ད་དུང་སྤྱིར་བཏང་གི་བཀོལ་སྤྱོད་དང་རིག་གནས་ལ་འབྲེལ་སྟངས་སོགས་ཀྱི་འདུ་ཤེས་དགོས་པ་དེ་རེད།

འདིས་ནི་ཡིག་རིགས་འདི་ང་ཚོར་འཚམ་མིན་གསལ་ཁ་འབྱེད་ཐུབ་ལ། དེ་དང་ཆབས་ཅིག་ཏུ། ང་ཚོས་སྦལ་ཏིའི་སྐད་ཆ་སླར་གསོ་དང་སྲུང་སྐྱོབ་གོ་ཆོད་བྱེད་པར་ནུས་པ་ཐོན་ཐུབ་པ་རེད།

Aygeགསལ་བྱེད་ནི་སྦལ་ཏི་མ་ཡིན་པའི་རྒྱལ་ཁྱབ་གཞན་གྱིས་ཀྱང་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་སྦལ་ཏིའི་སྐད་ཆ་ཡང་བཀོལ་སྤྱོད་བྱེད་བཞིན་ཡོད།  གཞན་ད་རུངAygeཡི་ཚབ་བྱེད་དུ་རུང་བའི་ཡིག་རིགས་གཞན་གཉིས་ཀྱང་ཡོད་དེ། དེ་ནི་པར་སིག་དང་རོམ་གྱི་ཡི་གེ་གཉིས་སོ། །

རོམ་གྱི་གསལ་བྱེད་ཡི་གེ་དེ་འཛམ་གླིང་གི་མངའ་ཁོངས་ནང་རྒྱ་ཁྱབ་ཏུ་བཀོལ་བཞིན་ཡོད་ལ། དེ་ནི་སྦལ་ཏི་ཡི་གེ་ལ་མཚོན་ན་ཡང་ཐབས་ཤེས་གསར་པ་ཞིག་རེད།    ཡིན་ནའང་དེའི་ཞན་ཆ་ནི། ཡུལ་ལུང་དེའི་རིག་གནས་དང་འབྲེལ་བའི་ཆེས་རྩ་བའི་གཏན་ཚིགས་ཀྱི་ཤན་འབྱེད་མཚོན་དུ་མི་བཏུབ།

རོམ་གྱི་ཡི་གེའི་ཐབས་རྩལ་ལོབས་སུ་བཅུག་པ་དེས། ང་ཚོའི་དམིགས་གཞི་སྟེ“སྐད་ཆ་སྲུང་སྐྱོབ”(preservation)ཅེས་པ་གཏོར་འཇོམས་སུ་གཏོང་བ་རེད། ཐ་ན“རང་ཉིད་བོར་བརླགས”(assimilation)ཐེབས་ངེས་རེད། སླད་མར། སྒྲ་གདངས་དང་མཚོན་དོན་གྱི་ངོས་ནས་བོད་ཡིག་དང་གོ་འཛོལ་ཤོར་ཏེ་དོ་སྙོམ་ཐིག་པོ་ཡོང་དཀའ་བར་མངོན།

ཡིན་ནའང་ང་ཚོས་མུ་མཐུད་དུ་པར་སིག་གི་ཡི་གེ་བཀོལ་སྤྱོད་བྱས་ཆོག   རྒྱུ་མཚན་ནི་དེ་བཀོལ་སྤྱོད་བྱས་པའི་ལོ་རྒྱུས་དུས་རབས་ཕྱེད་ཀ་ལས་རིང་བས་རེད།  གལ་ཏེ།  སྦལ་ཏི་སྤྱི་ཚོགས་དབྱི་སི་ལན་རིག་གནས་སུ་གྱུར་རྗེས། Aygeབསྐྱུར་ནས་པར་སིག་ཡི་གེ་བཀོལ་གྱིན་ད་ལྟའི་བར་བསྡད་ན། དུས་རབས་བར་མའི་རྒྱ་གར་སྐམ་ས་དང་ཆ་འདྲ་ལ།  ལོ་ངོ700ལྷག་གི་དུས་ཚོད་བེད་སྤྱད་ནས་པར་སིག་ཡིག་བྲིས་མ་ལག་བཅོས་སྒྱུར་བྱས་ཏེ་སྦལ་ཏི་སྐད་ཆའི་ཡི་གེ་རུ་བསྒྱུར།  ཡིན་ནའང་པར་སིག་ཡི་གེ་ཡིས་སྦལ་ཏི་སྐད་ཀྱི་སྒྲ་གདངས་སྟོན་སྐབས་ཀྱི་འགལ་བ་དང་རང་སྟེང་གི་སྒྲ་འདོན་མི་ཐུབ་པའི་ཞན་ཆས་སྦལ་ཏི་ཡི་གེ་ལ་ཕམ་ཁ་བྱུང་དུ་བཅུག   དེ་ལྟ་ནའང་།  མི་དམངས་ཀྱིས་པར་སིག་ཡི་གེ་བཀོལ་ནས་ལོབས་འདུག་ལ།  ད་དུང་ཡི་གེ་གསར་པ་ཁག་ཅིག་ཁ་སྣོན་བྱས་ནས་སྔོན་གྱི་མི་འདང་སར་ཁ་གསབ་དང་བཅོས་སྒྱུར་བྱས་ཡོད་པ་རེད།

ཆེས་གཞི་རྩའི་འགལ་བ་དེ་སྐད་ཆའི་རྩ་བར་ཐུག་ཡོད་པས།  སྦལ་ཏི་སྐད་ཀྱི་ཁུངས་ནི་བོད་ཡིག་ཡིན་པ་མ་གཏོགས། སྤྱི་སྤྱོད་བྱེད་བཞིན་པའི་པར་སིག་ཡི་གེའི་མ་ལག་གི་ཨར་ཡན་གྱི་སྐད་རིགས་ཡིན་པ་མ་རེད།  ཁུངས་ནི་བོད་ཡིག་རེད། དེའི་ནང་དོན་ནི་ཐ་སྙད་དང་སྒྲ་གདངས་ཕྱོགས་གང་ཅིའི་ཐད་ནས། ཨར་ཡན་་སྐད་རིགས་ཀྱི་འདོན་སྟངས་དང་འགལ་ཁྱབ་ཆེན་པོ་ཞིག་ཡོད་ཅེས་པ་དེ་ཡིན།

མི་མང་པོ་ཞིག་གིས་ཁོ་ཚོའི་ཡི་གེ་ཁྱེར་ནས་སྦལ་ཏིར་ཡོང་ནས་ཁོ་ཚོའི་རང་སྐད་ས་དེར་གོམས་སུ་འཇུག་རྩིས་བྱས་རུང་། མཇུག་མཐར་ཚང་མས་ཕམ་ཁ་རག་འདུག   དེར་མ་ཟད་ཁོ་ཚོས་སྦལ་ཏི་ལ་ཡི་གེ་གསར་པ་བཟོས་པ་དེས། ཡུལ་ལུང་འདིའི་སྐད་ཀྱི་སྒྲ་གདངས་འབྱིན་སྟངས་གསལ་དག་ཐོན་རྒྱུ་ལྟ་ཞོག ལྷག་ཏུ་སྦལ་ཏི་པ་ལ་རྙོག་དྲ་དང་དཀའ་ངལ་སྔར་ལས་མང་བ་བཟོས་འདུག

གསལ་འགྲེལ། ①Ayge:ཡི་གེ་ཡི་དོན་ཡིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།