ཧོང་ཁུན་མིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་༥Gསྨྱན་སྦྱོར་གསར་པའི་ཚོད་ལྟའི་སྟེགས་བུར་རྟོགས་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2019-02-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི༥Gསྨྱན་སྦྱོར་གསར་པའི་ཚོད་ལྟའི་སྟེགས་བུར་རྟོགས་ཞིབ་གནང་སྐབས། ལག་རྩལ་གསར་གཏོད་ཀྱིས་སྨྱན་སྦྱར་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་དགོས་པ་དང་། མི་དམངས་ལ་དེ་བས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་དང་ཕུལ་བྱུང་གི་ནང་དོན་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།

ན་ནིང་སྤྱི་ཟླ་༡༢པར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྲུང་གོའི་གློག་འཕྲིན་དང་ཀྲུང་གོའི་འགུལ་འཕྲིན། ཀྲུང་གོའི་འབྲེལ་འཕྲིན། ཧོ་ཝེ་ཀུང་སི་བཅས་དང་ཐུན་མོང་ཐོག་རྒྱལ་ཁབ་རིམ་པའི་༥Gསྨྱན་སྦྱོར་གསར་པའི་སྟེགས་བུ་མཉམ་བཙུགས་བྱས་ཡོད། མིག་སྔར་སྟེགས་བུ་དེ་ཚོད་ལྟ་བྱེད་པའི་དུས་ལ་སླེབས་པ་དང་། ཚོད་ལྟའི་གྲོང་ཁྱེར་༡༢སུ་༥Gདྲ་བའི་༤Kཚད་བརྒལ་གསལ་རྟོགས་ནང་དོན་བརྒྱུད་གཏོང་བྱེད་པ་དང་། ༥Gདྲ་བའི་སྒུལ་བསྐྱོད་སྒྲིག་བཟོ་དང་VRསྒྲིག་བཟོ། ཁྱིམ་ཚང་གི་བལྟ་ཉན་ཁོར་ཡུག་མ་ལག་སོགས་ཀྱང་རྨང་གཞིའི་ཆ་ནས་གྲུབ་ཟིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།