ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་༤Kཆེས་དྭངས་གསལ་ཐོག་ནས་སྐབས་འཕྲལ་སྲིད་དོན་གསར་འགྱུར་གལ་ཆེན་ཐད་གཏོང་བྱ་རྒྱུ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ།
སྤེལ་བའི་དུས་ཚོད། : 2019-04-27 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༦ཉིན་གྱི་སྔ་དྲོའི་སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་༤Kཆེས་དྭངས་གསལ་བརྡ་རྟགས་སྤྱད་དེ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་དགོངས་དོན་གཙོ་བོའི་གཏམ་བཤད་གནང་བའི་ནང་དོན་ཆ་ཚང་ཐད་གཏོང་བྱས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལ་༤Kཆེས་དྭངས་གསལ་གྱི་སྤྱི་པའི་བརྡ་རྟགས་མཁོ་འདོན་བྱས་ཡོད་པ་རེད།

སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་ལམ་དང་། ཕྱོགས་བསྡུས་འཕྲིན་ལམ། རྒྱ་ཡིག་གི་རྒྱལ་སྤྱིའི་འཕྲིན་ལམ། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་ཐད་གཏོང་བྱས་པའི་ཁར། སྤྱི་ཁྱབ་ལས་ཁུངས་༤Kཆེས་དྭངས་གསལ་འཕྲིན་ལམ་གྱིས་ཀྱང་དུས་གཅིག་ཏུ་ཐད་གཏོང་བྱས་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྨྱན་སྦྱོར་གཙོ་བོ་རྩེ་གྲ་གཏོད་རྒྱུར་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་པ་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།