རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས། ཨ་ལག་ཤSEEཐེབས་རྩ་ལྷན་ཚོགས། ཨ་ལག་ཤSEEརྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྣམ་གྲངས་ལྟེ་གནས་བཅས་ཀྱིས་འཐབ་ཇུས་མཉམ་ལས་ལ་གྲོས་མཐུན་མིང་རྟགས་བཀོད་པ།  

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ལྷག་བསམ་རྣམ་དག་གིས་མཉམ་ལས་བྱེད་པ་དང་གསར་གཏོད་བྱེད་ཕོད་པའི”རྩ་དོན་གཞིར་བཟུང་། ཟླ6ཚེས28ཉིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་། ཨ་ལག་ཤSEEཐེབས་རྩ་ལྷན་ཚོགས། ཨ་ལག་ཤSEEརྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྣམ་གྲངས་ལྟེ་གནས་བཅས་ཀྱིས་ཟི་ལིང་དུ་མཉམ་དུ་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། དེའི་དམིགས་ཡུལ་ནི་མཉམ་ལས་ལ་བརྟེན་ནས་ལེགས་ཆ་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལེགས་སྐྱེས་འབུལ་ཆེད་ཡིན་པ་རེད། 

གྲོས་མཐུན་ནང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་། ཨ་ལག་ཤSEEཐེབས་རྩ་ལྷན་ཚོགས། ཨ་ལག་ཤSEEརྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྣམ་གྲངས་ལྟེ་གནས་བཅས་ཀྱིས་རང་ངོས་ཀྱི་འགན་ནུས་ལེགས་ཆ་དང་ཟུང་འབྲེལ་གྱིས་ཕན་ཚུན་ཁ་གསབ་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྡེ་ཁུལ་ཞུགས་རྒྱུ་སོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུ་རེད། སྐྱེ་ཁམས་སྲུང་སྐྱོང་དང་། ཚན་རིག་ཞིབ་འཇུག སྐྱེ་ཁམས་སྲུང་སྐྱོང་གི་དམངས་འཚོའི་རྣམ་གྲངས། སྐྱེ་ཁམས་སྲུང་སྐྱོང་གི་རྣམ་གྲངས། སྤྱི་དམངས་ཀྱི་དྲིལ་སྒྲོག། སྐྱེ་ཁམས་སློབ་གསོ་སོགས་ཐད་མཉམ་ལས་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁུལ་དང་ཞིང་འབྲོག་པ་གཙོ་བོར་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་ཐུན་མོང་ཐོག་འཚོལ་ཞིབ་དང་ལག་ལེན་བྱས་ཡོད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཤེས་དཔལ་འདུ་ཤེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རོགས་རམ་བྱས་ཏེ།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཐུན་མོང་ཐོག་བརྟན་དུ་བཏང་སྟེ།དྭངས་གཙང་ཆུ་བོ་ཤར་དུ་འབབ་པར་ཁག་ཐེག་ཡོང་དགོས་པ་བསྟན། 

ལོ་ཙཱ་བ།རྟ་མགྲིན་དཔལ།