ཨ་ཆེན་གངས་རྒྱབ་ལ་འཛམ་གླིང་རང་བྱུང་གནའ་ཤུལ་གྱི་དཔང་ཡིག་ཐོབ་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཉེ་སྔོན་བསྡུས་པའི2018ལོའི་རིག་གནས་དང་རང་བྱུང་གནའ་ཤུལ་ཉིན་མོའི་ཚོགས་ཆེན་སྟེང་།    ཀྲུང་གོར་བཅའ་སྡོད་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་འཐུས་ཚབ་པ་ཕའེ་པའོ་དབྱོང(Robert Parua)གིས། མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་ཅུའུ་ཅུའུ་ཀྲང་པུའུ་ཀྲའོ་ལ་འཛམ་གླིང་རང་བྱུང་གནའ་ཤུལ་གྱི་དཔང་ཡིག་སྤྲད།  

2017ལོའི་ཟླ7པའི་ཚེས7ཉིན།   མཚོ་སྔོན་ཨ་ཆེན་གངས་རྒྱབ་དངོས་སུ《འཛམ་གླིང་ཤུལ་བཞག་རྒྱུ་ནོར་གྱི་མིང་ཐོའི》གྲས་སུ་ཚུད་དེ།  ཀྲུང་གོའི་འཛམ་གླིང་གནའ་ཤུལ་ཁང་ཐེངས51པར་གྱུར་པས།   ཨ་ཆེན་གངས་རྒྱབ་ཀྱིས་མཚོ་སྔོན་ཞིང་ཆེན་ནམ་མདོ་དབུས་མཐོ་སྒང་གི་འཛམ་གླིང་རང་བྱུང་ཤུལ་བཞག་རྒྱུ་ནོར་གྱི་སྟོང་ཆ་བསྐངས་བྱུང་ལ།   རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་ལ་ཆ་སྙོམས་ས་བབ་ལས་ཆེས་མཐོ་བ།   མཚེའུ་གྲངས་ཀ་ཆེས་མང་བ། གཞན་འོ་འཐུང་སྲོག་ཆགས་འཚོ་སྡོད་བྱེད་སའི་འཛམ་གླིང་རང་བྱུང་ཤུལ་བཞག་རྒྱུ་ནོར་ས་ཚུགས་སུ་གྱུར།

ཨ་ཆེན་གངས་རྒྱབ་ཀྱི་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱས་པ་དེ་ནི་རང་རྒྱལ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྲུབ་འབྲས། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེམས་སྟོན་གསར་པ་ཐེངས་གཅིག་བྱས་པ་ཡིན་ལ།   མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ཁུལ་སྐུལ་འདེད་དང“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་བྱས་པའི་མངོན་སྟོན་གལ་ཆེན་ཞིག་ཡིན་པས།   མཚོ་སྔོན་ཞིང་ཆེན་འཛམ་གླིང་རང་བྱུང་ཤུལ་བཞག་རིག་གནས་འཛུགས་སྐྲུན་གྱི་ལོ་རྒྱུས་སྟེང་གསར་གཏོད་རང་བཞིན་དང་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།