རིག་གནས་བྱེད་སྒོ་ཁང400ལ་སྒྲིག་ཆས་གསར་པ་བསྣན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཟླ1ཚེས7ཉིན་རིག་གནས་དམངས་ཕན་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཟི་ལིང་དང་མཚོ་ཤར་གྲོང་ཚོའི(སྡེ་ཁུལ)རིག་གནས་སྒྲིག་ཆས་བཀོད་སྒྲིག་གི་མཛད་སྒོ་ཟི་ལིང་དུ་འཚོགས་ཤིང་།   ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཚོའི(སྡེ་ཁུལ)རིག་གནས་བྱེད་སྒོ་ཁང400ལ་རིན་ཐང་སྒོར་ཁྲི2000གི་རིག་གནས་ཡོ་བྱད་སྤྲད།  

ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཚོའི(སྡེ་ཁུལ)རིག་གནས་སྒྲིག་ཆས་བཀོད་སྒྲིག་དང་གཏོང་སྤྲོད་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་ཅན་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་དམངས་དོན་སྒྲུབ་པའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་རེད།    “ལོ་ལྔ་ཚན་བཅུ་བཞི་པའི”རིང་།   མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)2000ལ་སྒོར་དུང་ཕྱུར1གི་གྱོན་ཆས་དང་།   རོལ་ཆ།   སྒྲ་སྒམ་སོགས་རིག་གནས་སྒྲིག་ཆས་བཀོད་སྒྲིག་བྱ་རྒྱུ་དང་།   ས་གནས་ཁག་གི་རིག་གནས་ཁང་དང་ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང)ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱིས་སྤྲད་པའི་སྒྲིག་ཆས་སྤྱད་དེ་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏང་རྒྱུ་རེད།  

ཉེ་བའི་ལོ་ཤས་རིང་།   རང་ཞིང་གིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཇེ་ཚང་དུ་བཏང་ནས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྣ་ཚོགས་བསྐངས་ཡོད།    མཚོ་སྔོན་གྱི་ས་གནས་ཁག་ལ་ཁྱབ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་སུ་གྲོང་གསེབ་ཀྱི་གར་སྟེགས་དང་།   རིག་གནས་བྱེད་སྒོ་ཁང་།   རིག་གནས་ལུས་རྩལ་ཐང་ཆེན་བཅས་ཡོད་པ་མ་ཟད།   ད་དུང་རིག་གནས་དང་།   ལུས་རྩལ།   རླུང་འཕྲིན་བརྙན་འཕྲིན་བཅས་ཀྱི་སྒྲིག་ཆས་ཀྱང་ཡོད་པ་རེད།    ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱིས་དམངས་ཁྲོད་ཟློས་གར་ཚོགས་པར་འཁྲབ་སྟོན་བྱ་ཡུལ་མཁོ་འདོན་བྱས་པ་དང་ཆབས་ཅིག་ད་དུང་ཏང་ཡོན་གྱི་སློབ་གསོ་དང་།   སྤྱི་ཚོགས་ཀྱི་ཀུན་སྤྱོད།   ཁྲིམས་ལུགས་ཁྱབ་གདལ།   ཚན་རིག་ཁྱབ་གདལ།   རྩལ་ནུས་གསོ་སྦྱོང་སོགས་ཕྱོགས་མང་པོའི་ཐད་ལ་ཞབས་འདེགས་ཞུ་ཡེ་ཡོད་པ་རེད།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མུ་མཐུད་དུ་མ་དངུལ་བརྩོན་ལེན་བྱས་ཏེ།    སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར1.85བཏང་ནས་སྔ“རིག་གནས་གྲོང་ཚོ་དང་དུད་ཚང་ཁྱིམ་དུ་སྤེལ་པའི”ལས་གཞི་དང་།   གྲོང་ཚོའི་རིག་གནས་བྱེད་སྒོ་ཁང་གི་སྒྲིག་ཆས་བཀོད་སྒྲིག་ལས་གཞི།   དྲིལ་སྒྲོག་རིག་གནས་དཔེ་སྟོན་ལས་གཞི་སོགས་སྒྲིག་ཆས་བཀོད་སྒྲིག་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ4169དང་།   ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང)ཕྱོགས་བསྡུས་རིག་གནས་ས་ཚིགས64སོགས་ལ་རིག་གནས་ཡོ་བྱད་སྤྲད་པ་དང་གཞི་རིམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། ས་གནས་ཁག་གི་མང་ཚོགས་ལ་སྤྱི་པའི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱས།  

ལོ་ཙཱ།རྟ་མགྲིན་དཔལ།