ཟི་ལིང་ཉེན་རྟོག་སྡེ་ཁག་གིས་ལོག་ཆོས་སྤེལ་ཡུལ51རྩ་གཏོར་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། སྤྱི་བདེ་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན་གཉིས་ཀྱི་གཅིག་གྱུར་བཀོད་འདོམས་འོག ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཞིང་ཆེན་ཡོངས་ནས“མིན་ཐུའུ་ཚོགས་པ”ཟེར་བའི་ལོག་ཆོས་རྩ་འཛུགས་གྱོད་དོན་སྣ་ཚོགས་གཅིག་བསྡུས་སྒོས་འཛིན་བཟུང་བྱེད་པའི་ལས་འགུལ་སྤེལ་ཏེ། ལོག་ཆོས་སྤེལ་མཁན155འཛིན་བཟུང་བྱས་ཤིང་། ལོག་ཆོས་སྤེལ་ཡུལ51རྩ་གཏོར་བྱས་པ་དང་དགེ་རྩའི་མ་དངུལ་ཁྲི54.15ལག་སོན་བྱུང་། དེ་མིན་གློག་ཀླད1དང་བསྐྱར་དཔར་འཕྲུལ་ཆས1། ལག་ཁྱེར་ཁ་པར20། རྒྱ་གྲམ་པང་སྒྲོམ27(十字架)། དྲིལ་སྒྲོག་རྒྱུ་ཆ2000ལྷག་དང་རྩིས་ཐོ15། རྩིས་ཐོའི་རེའུ་མིག300། Uསྡེར1། འོད་སྡེར2། SDབྱང་བུ། ནང་གསོག་བྱང་བུ5། ཤོག་འཐག་འཕྲུལ་ཆས1། རྩིས་ཐོ་འབྲི་དེབ32། ལོག་ཆོས་དཔེ་ཆ1། བྱ་བ་བཀོད་སྒྲིག་བྱེད་པའི་རེའུ་མིག་ཤོག་གྲངས10དང་དུ་ཆང་སོགས་ཀྱི་གྱོད་འབྲེལ་དངོས་རྫས་སྣ་ཚོགས་ལག་སོན་བྱུང་བ་རེད། ད་ཕན། ཆེད་དམིགས་གྱོད་དོན་ཞིབ་གཅོད་བྱེད་སྒང་རེད།

ཉེ་བའི་ལོ་འདི་འགར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཏང་ཨུས་ཟི་ལིང་གྲོང་ཁྱེར་གྱི་ལོག་ཆོས་ལ་རྒོལ་བའི་བྱ་བ་མཐོང་ཆེན་བྱས་ཏེ། ཐེངས་མང་པོར་ཆེད་དམིགས་གྲོས་ཚོགས་བསྡུས་ནས་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། ལོག་ཆོས་རྩ་འཛུགས་ལ་རྡུང་རྡེག་དང་སྔོན་འགོག་གི་བྱ་བའི་འགན་ནུས་འདོན་སྤེལ་དང་། དྲ་རྒྱ་དང་ཡུལ་དངོས་ནས་ལོག་ཆོས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་བ་རེད།

གྱོད་འབྲེལ་དངོས་རྫས་སྣ་ཚོགས།

གྱོད་འབྲེལ་དངོས་རྫས་སྣ་ཚོགས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།