སྔོན་ཐོན་ལས་བྱེད་པ་རྒན་པའི་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

  ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། དམག་དཔུང་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བ་དང་སྔོན་ཐོན་ལས་བྱེད་པའི་ངལ་གསོ་ཁང་དང་སྔོན་ཐོན་ལས་འཁྱུར་དང་ལས་བྲལ་ལས་བྱེད་པ། སྔོན་ཐོན་ལས་བྱེད་པ་རྒན་པའི་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་དམག་དཔུང་ཡོངས་ཀྱི་སྔོན་ཐོན་ལས་བྱེད་པའི་ངལ་གསོ་ཁང་དང་སྔོན་ཐོན་ལས་འཁྱུར་དང་ལས་བྲལ་ལས་བྱེད་པ། སྔོན་ཐོན་ལས་བྱེད་པ་རྒན་པའི་བྱ་བ་སྒྲུབ་མཁན་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དམག་དཔུང་ཡོངས་ཀྱི་རྒྱ་ཆེའི་ལས་འཁྱུར་དང་ལས་བྲལ་ལས་བྱེད་པ་དང་ལས་བྱེད་པ་རྒན་པའི་བྱ་བ་སྒྲུབ་མཁན་རྣམས་ལ་བླ་མེད་གུས་འདུད་ཞུས་པ་དང་བརྩེ་བའི་འཚམས་འདྲི་ཞུས།

  ཞི་ཅིན་ཕེན་གྱིས་བསྐུར་བའི་འཕྲིན་ཡིག་ནང་གསུངས་རྒྱུར། དམག་དཔུང་གི་ལས་བྱེད་པ་རྒན་པའི་བྱ་བ་ནི་ཏང་དང་དམག་དཔུང་གི་བྱ་བ་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་ལས་ཁུངས་ཀྱིས་ལས་བྱེད་པའི་རྒན་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། བསམ་བློ་ཐད་ནས་སེམས་ཁུར་དང་འཚོ་བའི་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ལས་བྱེད་པར་རྒན་པར་དོན་དངོས་དང་དོན་བཟང་བསྒྲུབ་དགོས། རྒྱ་ཆེའི་དམག་དཔུང་གི་ལས་འཁྱུར་དང་ལས་བྲལ་ལས་བྱེད་པས་སྔོན་ཐོན་ལ་སློབ་སྦྱོང་དང་གསར་བརྗེའི་རང་གཤིས་སྲུང་སྐྱོབ་བྱེད་པ་དང་། ང་ཚོ་ཏང་དང་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་བཟང་དར་སྤེལ་བྱེད་པ་དང་རྒྱལ་ཁབ་དང་དམག་དཔུང་གི་འཛུགས་སྐྲུན་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་པ། མི་རབས་རྗེས་མར་སེམས་ཁུར་དང་སློབ་གསོ་གཏོང་བ་སོགས་ཀྱི་ཕྱོགས་སུ་མུ་མཐུད་དུ་ནུས་པ་ཆེན་པོ་བཏོན་ནས་ཀྲུང་གོའི་ཕུགས་འདུན་དང་སྟོབས་ལྡན་དམག་དཔུང་གི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།