འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་21ཉིན།

༄༅།།ཝང་ཡུང་ཧུང་གིས་ཞིབ་བཤེར་དང་བརྟག་དཔྱད་དང་ལེན་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་21ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་མི་དམངས་དངུལ་ཁང་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་དང་ཧྲན་ཞི་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་མི་དམངས་དངུལ་ཁང་ཚན་རྩལ་སིའི་དེ་སྔའི་སི་ཀྲང་ཝང་ཡུང་ཧུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 
     ཝང་ཡུང་ཧུང་གི་ལོ་རྒྱུས་མདོར་བསྡུས། 
     ཝང་ཡུང་ཧུང་། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་7པར་སྐྱེས། ཀོང་ཏུང་ནན་ཞུང་ནས་ཡིན། སློབ་གྲྭ་ཆེན་མོའི་དངོས་གཞིའི་སློབ་གཉེར་བརྒྱུད་རིམ་ལྡན། 1989ལོའི་ཟླ་6པར་ལས་ཀར་ཞུགས། 1994ལོའི་ཟླ་9པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། 
     1989ལོའི་ཟླ་6པ་ནས་2005ལོའི་ཟླ་6པའི་བར། སྔ་རྗེས་སུ་ཀྲུང་གོའི་མི་དམངས་དངུལ་ཁང་ཀོང་ཀྲོའུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་གློག་ཀླད་པུའུ་ཡི་ལས་བྱེད་པ་དང་། ཁོའོ་ཡོན་དང་། ཚན་རྩལ་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་དང་། ཁྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས། ཀོང་ཀྲོའུ་ཡན་ལག་དངུལ་ཁང་གི་ལས་གཉེར་དོ་དམ་པུའི་གཏོང་སྤྲོད་ཚན་རྩལ་ཁྲུའི་ཁྲུའུ་ཀྲང་གཞོན་པ།(ཁྲུའུ་རིམ་པ་རྒན་པ) ཀོང་ཀྲོའུ་གྲོང་ཁྱེར་དངུལ་ཁང་གི་གློག་རྡུལ་རྩིས་རྒྱག་ལྟེ་གནས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ།(ཁྲུའུ་རིམ་པ་རྒན་པ།) ཀོང་ཀྲོའུ་ཡན་ལག་དངུལ་ཁང་གི་ཚན་རྩལ་ཁྲུའུ་ཡི་འགོ་འཛིན་བཅས་ཀྱི་འགན་བཞེས། 
     2005ལོའི་ཟླ་6པ་ནས་2009ལོའི་ཟླ་8པའི་བར། ཀྲུང་གོའི་དངུལ་རྩའི་གློག་རྡུལ་ཅན་གྱི་ཀུང་སིའི་ཏང་ཨུའི་ཨུ་ཡོན་དང་། སྤྱི་ཁྱབ་ལས་གཉེར་བ་གཞོན་པའི་འགན་བཞེས།(སི་དང་ཅུས་རིམ་པའི་འགོ་འཛིན་གཞོན་པའི་འགན་བཞེས།) 
     2009ལོའི་ཟླ་8པ་ནས་2016ལོའི་ཟླ་2པའི་བར། ཀྲུང་གོའི་མི་དམངས་དངུལ་ཁང་ཚན་རྩལ་སིའི་སི་ཀྲང་དང“ཅིན་ཧུང”རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཀྱི་འགན་བཞེས། 2016ལོའི་ཟླ་2པ་ནས་ད་བར། སྔ་རྗེས་སུ་ཀྲུང་གོའི་མི་དམངས་དངུལ་ཁང་གཙང་རྩིས་སྤྱི་ཁྱབ་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་། གྲོང་གསེབ་ཡིད་རྟོན་དངུལ་ཁང་མ་དངུལ་གཙང་རྩིས་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་། ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། ཧུའེ་ཏ་རྒྱུ་ནོར་ཚབ་གཉེར་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུའི་ཨུ་ཡོན་དང་ལྟ་ཞིབ་པའི་འགོ་འཛིན་བཅས་བྱས།(སྤྱི་ཁྱབ་དངུལ་ཁང་གི་སི་ཅུས་རིམ་པའི་ལས་བྱེད་པ་ལྟར་དོ་དམ་བྱ་རྒྱུ།)