ཚོང་རྟགས་ལོ་ཙཱའི་སྐོར་མདོ་ཙམ་གླེང་བ།

  རང་རྒྱལ་གྱི་ཚོང་ལས་མ་ལག་ལེགས་བཅོས་དང་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ་དང་བསྟུན། རྒྱལ་ཁབ་ཕྱི་ནང་བར་དུ་ཚོང་ལས་བྱ་འགུལ་ཉིན་རེ་བཞིན་གྲངས་ཇེ་མང་དང་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། མི་རིགས་གཞན་ལ་ཚོང་རྫས་སྤེལ་དགོས་ན། ཚོས་རྫས་ལོ་ཙཱ་ནི་མེད་དུ་མི་རུང་བ་ཞིག་རེད། ཚོང་རྟགས་ལོ་ཙཱ་དེ་ཁེ་གཉེར་བ་ཞིག་གི་ཚོང་ལས་ལེགས་འགྲུབ་འབྱུང་མིན་ལ་རག་ལས་འདུག་ལ། ཚོང་རྟགས་ཀྱི་མིང་དེ་ནི་རིག་གནས་ཀྱི་མངར་ཁ་ལས་བསྐྱེད་པའི་འབྲས་བུ་ཞིག་ཏུ་ཟད་པས། ཚོང་རྟགས་ལོ་ཙཱའི་ལེགས་ཉེས་ནི་ལོ་ཙཱ་བས་དེའི་རིག་གནས་རྒྱབ་ལྗོངས་དང་འགྱུར་སྐད་རིག་གནས་གཉིས་རྒྱུས་ལོན་ཡོད་མེད་ལ་རག་ལས་ཡོད་པ་རེད། དེ"འཛད་སྤྱོད་མཁན་གྱིས་ཚོང་རྫས་དེའི་གནས་ཚུལ་སྐོར་ལ་རྒྱུས་ལོན་རྗེས། ད་གཟོད་ཚོང་རྫས་དེ་ཉོ་བའི་འདུན་པ་སྐྱེས་ཤིང་ལོངས་སུ་སྤྱོད་པའི་ལས་ལག་ཏུ་བསྟར་ངེས། འདི་ལྟ་བུ་ཞིག་ཡིན་ཚེ་ཚོང་ལས་དྲིལ་སྒྲོག་གི་དགོངས་དོན་བདེ་ལེགས་ངང་འགྲུབ་འདུག་ལ་དྲིལ་སྒྲོག་ལོ་ཙཱའི་དམིགས་ཡུལ་ཡང་འགྲུབ་འདུག དེ་མིན་ལེགས་འགྲུབ་ཀྱི་ལོ་ཙཱར་མི་བརྩི"①ཞེས་དང་། ཡང"ཚོང་ལས་ཐད་ཀྱི་ལོ་ཙཱའི་ལེགས་ཉེས་ནི་ཁེ་ཕན་དང་ཐད་ཀར་འབྲེལ་ཡོད"②ཅེས་པ་ལྟར། ཚོང་རྟགས་ལོ་ཙཱའི་སྐབས་སུ། ཚོང་རྟགས་དེའི་རིག་གནས་རྒྱབ་ལྗོངས་ལ་རྒྱུས་ལོན་དགོས་པར་མ་ཟད། འཛད་སྤྱོད་མཁན་གྱི་རིག་གནས་རྒྱབ་ལྗོངས་ལས་བསྐྱེད་པའི་བསམ་པའི་འཁྱེར་སོ་དང་སྐད་ཡིག་རྒྱབ་ལྗོངས། ཡུལ་སྲོལ་གོམས་གཤིས། གོ་བ་ལེན་སྟངས་སོགས་ལ་ངེས་པ་ཟབ་མོ་ཡོད་དགོས།

  དང་པོ། ཚོང་རྟགས་ལོ་ཙཱའི་ཁྲོད་དུ་བསྒྱུར་བྱའི་རིག་གནས་སོར་འཇོག་བྱ་དགོས་ཚུལ།

  སྒྱུར་བྱེད་གང་དང་གང་ཡིན་རུང་དོན་དང་བསྟུན་པ་ནི་ལོ་ཙཱའི་ལེགས་ཉེས་ལ་དཔྱད་པའི་ཆེས་ཐོག་མའི་ཚད་གཞི་ཡིན་ཏེ། རང་རེའི་གནའི་ལོ་ཙཱའི་གཞུང་ལུགས་སུའང"དོན་དང་ཡང་མི་འགལ་ལ་གར་བདེ་བར་གྱིས་ཤིག"③ཅེས་དམིགས་སུ་བསྟན་ཡོད་ལ། དོན་དང་མི་འགལ་ཞིང་ཀློག་པ་པོས་གོ་བར་བྱ་དགོས་ཚེ། རིག་གནས་གཉིས་ཀྱི་བར་དུ་ཐུན་མོང་གི་ཆོས་ཤིག་ངེས་པར་བཙལ་དགོས། རྒྱལ་ཁོངས་དང་མི་རིགས་སོ་སོ་ལ་ངེས་ཅན་གྱི་བསམ་གཞིགས་བྱེད་སྟངས་དང་ལུས་ཀྱི་སྤྱོད་སྟངས། ཡུལ་སྲོལ་གོམས་གཤིས་སོགས་ཐུན་མོང་དུ་སྣང་བའི་ཆ་ངེས་པར་ཡོད་སྲིད། དེ་ནི་རིག་གནས་ཕན་ཚུན་བར་འབྲེལ་འདྲིས་ཀྱི་ཆེས་གཞི་རྩའི་རྨང་གཞི་ཡིན་ལ། འགྱུར་སྐད་ཀྱི་འཛད་སྤྱོད་པས་ལོ་ཙཱ་བརྒྱུད་དེ་རང་གི་རིག་གནས་ཁོར་ཡུག་ལས་ཕ་སྐད་ཀྱི་འཛད་སྤྱོད་པར་ཚོང་རྟགས་ལས་ཐོབ་པའི་རྩ་བའི་མྱོང་ཚོར་དེ་ལོན་པའི་ཐབས་ལམ་ཉག་ཅིག་ཀྱང་རེད། དེ་བས་ལོ་ཙཱའི་སྐབས་སུ་ཚོང་རྟགས་ཀྱི་བསྟན་དོན་སོར་འཇོག་ནི་ཕ་སྐད་ལས་འཕྲོས་པའི་ཚོང་རྟགས་ཀྱི་རིག་གནས་སྣང་ཚུལ་སོར་བཞག་བྱས་པ་ཞིག་ཡིན། དེ་ནི་རིག་གནས་གཉིས་ལས་ཐུན་མོང་དུ་སྣང་བའི་ཆོས་སོར་བཞག་བྱས་པ་ཡིན་པས། རིག་གནས་མི་འདྲ་བའི་སྤྱི་ཚོགས་སུའང་ཚོང་རྫས་བྲིན་པར་གེགས་སུ་ཆགས་མི་སྲིད་དེ། དཔེར་ན། "Kentucky"(KTC)ལ་རྒྱས"ཡྔསྣུཐྱ"དང"McDonalds"ལ"ཤྞཱསྐོཎྡ"ཞེས་ཟས་རིགས་དེ་དག་གི་གསར་གཏོད་མཁན་གྱི་མིང་དེ་ཟས་རིགས་ཀྱི་ཚོང་རྟགས་སུ་འདོགས་པའི་རིགས་པ་འདི་ཀྲུང་ནུབ་རིག་གནས་གཉིས་ཀྱི་ཐུན་མོང་གི་སྲོལ་ཞིག་ཏུ་ངེས་ཏེ། རྒྱའི་རིག་གནས་སུ་འདིའི་རིགས་པ་གནའ་ནས་ཡོད་པ་མ་ཟད་བོད་དུའང་དར་ཁྱབ་ཆེ་སྟེ། རྒྱའི"ཪྻཙཻམྱཾངྨི"(Confucius Family)དང"ྈྑངྦྷཱི(Li-Ning)"སོགས་མང་ལ་བོད་དུའང"འཇིགས་མེད་བོད་སྨན"དང"བློ་བཟང་ཚིག་མཛོད"སོགས་བདག་པོའི་མིང་ཚོང་རྟགས་ལ་བཏགས་པ་མང་པས། ལོ་ཙཱའི་ཐབས་འདི་ནི་སྲོལ་རྒྱུན་དང་རྒྱལ་ནང་འཛད་སྤྱོད་མང་ཚོགས་ཀྱི་ཁམས་ལ་མཐུན་པས་དང་ལེན་བྱེད་རྒྱུར་དེ་འདྲའི་ཁག་པོ་མེད་པ་རེད། དེས་ན་བདག་པོའི་མིང་ཚོང་རྟགས་ལ་བཏགས་པའི་མིང་དག་ནི་ཐད་ཀར་སྒྲ་སྒྱུར་བྱེད་ཆོག

  མ་ཡིག་གི་བསྟན་དོན་སོར་འཇོག་ནི་ཚོང་རྟགས་ལོ་ཙཱའི་ཁྲོད་དུ་རིག་གནས་སྣང་ཚུལ་དང་བསམ་བློ་བརྗེ་རེས་ཀྱི་རྩ་བའི་ཐབས་ཤིག་ཏུའང་ངེས་ཏེ། "ཝྲཱིཀྣཾཋོཙཱཾ"ལ"ཉི་འོད"རྟགས་ཅན་གྱི་ཉི་གློག་ཅེས་བསྒྱུར་བ་ནི་རྒྱ་བོད་རིག་གནས་གཉིས་ནས་ཉི་མར་བཟུང་བའི་འདུ་ཤེས་འདྲ་བ་གཞིར་བྱས་ཏེ་བསྒྱུར་བ་ཡིན། དེ་དང་འདྲ་བར་རླངས་འཁོར་གྱི་ཚོང་རྟགསBlue Bird ཞེས་པ་ནི་རྩོམ་པ་པོMaurice Materlinek ཡིས༡༩༡༡ལོར་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་བྱིས་པའི་ཟློས་གར"Blue Bird"ཞེས་པ་ནས་བྱུང་བ་རེད། དེས་མ་འོངས་པའི་བདེ་སྐྱིད་མཚོན་པས། རྒྱས"ཧླངྨི"ཞེས་བསྒྱུར་བ་ནི"ཧླ"དང"པྀ"དང་དོན་འདྲ་ལ། "ཧླངྨི"དང"པྀངྨི"ཞེས་པ་ནི་ཐང་རྒྱལ་རབས་སྐབས་ཀྱི"ལྨཱལཽཾལྟེཚུཾསྱཽ༠ཙྪཱི,པྀངྨིགྻདྡུཋྱོཕྲཱུམྨིེ"ཞེས་པའི་སྙན་ངག་འདི་རུ་བྱ་སྔོན་དེས་བདེ་སྐྱིད་བསུ་བའི་ཕོ་ཉ་མཚོན་པས་སྒྱུར་པ་པོས་བྱ་སྔོན་དེའི་མཚོན་བྱའི་རིག་གནས་ཅུང་འདྲ་བས་མ་ཡིག་གི་དོན་ལྟར་བསྒྱུར་བ་རེད། གང་ལྟར་མ་ཡིག་དང་འགྱུར་ཡིག་གཉིས་སུ་ཚོང་རྟགས་ལས་བསྟན་པའི་དོན་འདྲ་ཞིང་། ལྷག་པར་དུ་འགྱུར་ཡིག་ཁྲོད་དུ་གོ་བ་ལེན་སྟངས་ཀྱི་ཆ་ནས་ཚོང་རྫས་ཀྱི་གདེང་འཇོག་ལ་མི་གནོད་པར་འཛད་སྤྱོད་མཁན་གྱི་དང་བ་འདྲེན་ནུས་པ་ཞིག་ཡིན་ན། མ་ཡིག་གི་དོན་ཇི་ལྟར་སྣང་བ་དེ་ལྟར་བསྒྱུར་ཆོག དཔེར་ན། གློག་ཀླད་ཀྱི་ཚོང་རྟགས"Apple"ལ་རྒྱས"ྋྙྃཝྭ"ཞེས་བསྒྱུར་ཡོད་པ་དང་། སྤོས་ཆུའི་ཚོང་རྟགས"Rose"ལ་རྒྱས"ཌྷྲྀཥོ"ཞེས་བསྒྱུར་བ་ལྟར། བོད་དུའང་རིམ་བཞིན་དུ"ཀུ་ཤུ"དང"རྒྱ་སེ"ཞེས་མ་ཡིག་གི་དོན་ལྟར་བསྒྱུར་ན་འོས་པར་འདོད་དོ། །

  གཉིས་པ། ཚོང་རྟགས་ཀྱི་མ་ཡིག་གི་བསྟན་དོན་བསྒྱུར་བའམ་དེ་ལ་དོན་གསར་བ་བསྣན་པའི་སྒྱུར་ཚུལ།

  སྐད་ཡིག་ནི་རིག་གནས་ཤིག་གི་གནས་སྟངས་ཡིན་པས། ཚོང་རྟགས་ཐ་སྙད་དེ་ལའང་རང་གི་རིག་གནས་ལས་བྱུང་བའི་སྐད་རིགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་ངེས་ཏེ། རིག་གནས་རྒྱབ་ལྗོངས་མི་འདྲ་བའི་ཀློག་པ་པོ་ལ་མཚོན་ན། མཛེས་དཔྱོད་ལྟ་ཚུལ་དང་བསམ་པའི་འཁྱེར་སོ་མི་འདྲ་བ་ཡོད་སྲིད་པས། གཞན་གྱི་རིག་གནས་ལས་བྱུང་བའི་ཚོང་རྟགས་ཀྱི་མིང་ཡོད་ཚད་ཐད་ཀར་དང་དུ་ལེན་རྒྱུ་ནི་ལས་དཀའ་མོ་ཞིག་རེད། དེ་བས་རང་མི་རིགས་ཀྱི་རིག་གནས་ཀྱི་ཁམས་དང་བསྟུན་ནས་མ་ཡིག་གི་བསྟན་དོན་བསྒྱུར་བའམ་དེའི་སྟེང་དོན་གསར་བ་བསྣན་ཏེ་དམིགས་བྱའི་ཀློག་པ་པོ་རྣམས་ཀྱི་འདོད་བློ་དང་བསྟུན་པ་ནི་ཚོང་རྟགས་ས་གནས་ཅན་དུ་འགྱུར་བའི་གོ་རིམ་གཙོ་བོ་ཞིག་ཡིན།

  རིག་གནས་རྒྱབ་ལྗོངས་མ་འདྲ་བའི་དབང་གིས་དབྱིན་ཡིག་གི་ཚོང་རྟགས་ལ་མཚོན་ན་སྒྲའི་སྡེབ་སྦྱོར་དམིགས་སུ་བཟུང་ཡོད་པས། ཚོང་རྟགས་ཀྱི་མིང་དེ་དག་ཀློག་བདེ་ཞིང་། ཡིད་ལ་འཛིན་སླ་བའི་ཁྱད་ཆོས་ཡོད་པ་རེད། ཚོང་རྟགས་ཕལ་ཆེ་བའི་མིང་ནི་ཐ་སྙད་གསར་བཟོ་བྱས་པ་ཡིན་ལ། ཚོང་རྟགས་ཀྱི་མིང་ལ་ལ་ནི་སྒྲ་རྐྱང་བ་གཞིར་བཟུང་བ་ལས་བསྟན་དོན་ཅི་ཡང་མེད་དེ། དཔེར་ན། "Kodak"ཞེས་པའི་པར་ཆས་ཀྱི་ཚོང་རྟགས་ཀྱི་མིང་དེ་ནི་པར་རྒྱག་སྐབས་པར་ཆས་ལས་བྱུང་བའི་སྒྲ་དེ་ལ་གཞི་བྱས་ཏེ་བཏགས་པ་རེད། ཡང་ལ་ལ་ནི་ཐ་སྙད་གཞན་ལས་འཕྲོས་ནས་གྲུབ་པའི་མིང་གསར་བ་ཡིན། དཔེར་ན། འཁྲིག་མའི་དུས་ཚོད་འཁོར་ལོའི་ཚོང་རྟགས"Rolex"ནི་དབྱིན་ཡིག་གི་ཐ་སྙད"Excellent"ནས་འཕྲོས་ཏེ་བྱུང་བ་ཡིན། ཡིན་ནའང་རྒྱ་བོད་རིག་གནས་གཉིས་ལ་མཚོན་ན། ཚོང་རྟགས་ཀྱི་མིང་གི་བསྟན་དོན་དེ་གཙིགས་སུ་བཟུང་བར་མ་ཟད། ཚོང་རྟགས་ཕལ་ཆེ་བའི་བསྟན་དོན་ནི་བཀྲ་ཤིས་པའི་ཁ་གཡང་སྔོན་དུ་སོང་སྟེ་ཚོང་རྫས་ཀྱི་རིན་ཐང་དང་འཚོང་བའི་རེ་འདུན་སོགས་ཚོང་རྟགས་ཀྱི་མིང་དུ་བསྡུས་ཡོད་པ་རེད། དཔེར་ན། རྒྱལ་ནང་གི་གློག་ཆས་ཀྱི་ཚོང་རྟགས"ཙྩབྱཾ"ལ་མཚོན་ན། ཚོང་རྟགས་དེས་ཚོང་རྫས་ཀྱི་བཟང་ངན་དང་ཚོང་གཉེར་བའི་རེ་འདུན་གཉིས་ཀ་གཞི་གཅིག་ནས་བསྟན་པ་མ་ཟད། འཛད་སྤྱོད་པར་མཚོན་ནའང་ཚོང་རྟགས་དེ་ལས་ཚོང་རྫས་དེ་སྤྱད་ན་ཉེན་ཁ་མེད་པར་བདེ་འཇགས་ཡིན་ཚུལ་ཡང་ཤུགས་ཀྱིས་གོ་ནུས་པས། རྟགས་དང་རྟེན་འབྲེལ་ལ་གཟབ་པའི་རང་མི་རིགས་ལྟ་བུར་མཚོན་ན་ཚོང་རྟགས་འདི་ལྟ་བུས་ཚོང་གཉེར་གྱི་ལས་ལ་ཕན་ཆེན་པོ་ཐོན་ངེས་ཡིན། དེ་བས་མ་ཡིག་གི་བསྟན་དོན་ལ་དོན་གཞན་གྱི་ཁ་གསབ་ཏེ་ཚོང་རྫས་ཀྱི་གདེང་འཇོག་མཐོ་རུ་འདེགས་པ་ནི་ཚོང་རྟགས་ལོ་ཙཱ་བའི་འོས་འགན་ཞིག་ཏུ་ངེས།

  འཇར་མན་རླངས་འཁོར་གྱི་ཚོང་རྟགས"BMA"ལ་མཚོན་ན་འཇར་མན་སྐད་དུ་དེ་ལ་བསྟན་དོན་ཅི་ཡང་མེད་པར་བཤད་ནའང་། རང་རྒྱལ་གྱི་ལོ་ཙཱ་བས་ཚོང་རྟགས་དེའི་གསལ་བྱེད་དང་པོ་དང་གསལ་བྱེད་གཉིས་པའི་སྒྲ་གཞིར་བྱས་ཤིང་རང་རྒྱལ་འཛད་སྤྱོད་པའི་སེམས་ཁམས་དང་རིག་གནས་དང་བསྟུན་ཏེ་དོན་གསར་བ་བསྣན་ནས"ཐོལྦྲ"རུ་བསྒྱུར་བས། རྒྱལ་ནང་གི་ཚོང་རར་རླངས་འཁོར་འདིའི་རིགས་ཀྱི་ཚོང་ལས་ལ་རྨང་བཟང་བོ་བཏིངས་ཡོད་པ་རེད། ང་ཚོས་ཀྱང་རིགས་པ་འདི་གཞིར་བྱས་ཏེ"འཕུར་མ"ཞེས་བསྒྱུར་ན་མ་ཡིག་གི་སྒྲ་སོར་བཞག་ཏེ་དོན་གསར་བ་བསྣན་ཞིང་རླངས་འཁོར་གྱི་བཟང་ངན་ཡང་ངང་གིས་སྟོན་ཐུབ་པས། བོད་རིགས་འཛད་སྤྱོད་པའི་ཁྲོད་དུ་ཚོང་རྟགས་འདིའི་རླངས་འཁོར་གྱི་གདེང་འཇོག་དང་ཡིད་ཆེས་མཐོ་རུ་འདེགས་པར་གདོན་མི་ཟའོ། །དེ་མིན་སྒྲ་གཞིར་བྱས་ཏེ་འགྱུར་ཡིག་གི་རིག་གནས་ལ་མ་གཞིགས་པར་གང་བྱུང་དུ་བསྒྱུར་ཚེ་ཚོང་ལས་ཀྱི་གེགས་སུ་འགྲོ་ངེས་ཏེ། དཔེར་ན། རླངས་འཁོར་གྱི་ཚོང་རྟགས"Benz"ལ"ཁུཤྭུ"ཞེས་བསྒྱུར་ན་ནི་རླངས་འཁོར་ཁྱབ་སྒྲོག་གི་བྱེད་ནུས་ཐོན་པ་ལྟར་རང་མཚན་སྟོན་བྱེད་དུ་གྱུར་ཡོད་པ་རེད། དེ་བས་སྒྲ་སྒྱུར་བྱེད་སྐབས་གཅིག་ནས་འགྱུར་ཡིག་གི་རིག་གནས་ལ་མཉམ་འཇོག་དགོས་པར་མ་ཟད། སྒྱུར་བྱེད་ཀྱི་སྒྲའི་ཡིག་འབྲུ་ལའང་དོ་སྣང་ཆེན་པོ་བྱེད་དགོས།

  སྒྲ་གཞིར་བཟུང་ནས་དོན་གསར་བས་ཁ་གསབ་པ་དང་སྒྲ་དོན་འདྲེས་པའི་སྒྱུར་ཐབས་འདི་དག་ནི་རྒྱ་འགྱུར་ལོ་ཙཱའི་ཁྲོད་དུ་ཆེས་འབུར་ཏུ་ཐོན་པའི་ཐབས་ཤིག་ཏུ་མངོན་ལ། ཚོང་རྟགས་ལོ་ཙཱར་མཚོན་ན་ཚོང་རྟགས་ཀྱི་མིང་མང་པོ་ཞིག་ལ་དོན་ཡན་གར་བ་ཞིག་སྟོན་རྒྱུ་མེད་མོད། འོན་ཀྱང་འཛད་སྤྱོད་པའི་རིག་གནས་ཁྲོད་དུ་གོ་བ་ལོག་ཏེ་བཀྲ་མི་ཤིས་པའི་དོན་ལ་འཇུག་པར་གོ་བའི་སྣང་ཚུལ་མང་། ཚོང་རྟགས་འདིའི་རིགས་ནི་སྒྲ་གཞིར་བཟུང་ནས་དོན་གསར་བ་བསྣན་ཏེ་བསྒྱུར་ན། འགྱུར་ཡིག་དེས་མ་ཡིག་ལས་ཀྱང་ཁྱབ་སྒྲོག་གི་ནུས་པ་ཐོན་ཐུབ། དཔེར་ན་ཨ་རིའི་འགྱིག་འཁོར་བཟོ་གྲྭ་ཞིག་གི་ཚོང་རྟགས"Goodyear"གཉིས་ལ་ལོ་ཙཱ་བས"ཉྀིཙྱཱགྞ"དང"ཉྀིཙྱཱགྷཱེ"ཞེས་འགྱིག་འཁོར་འདིའི་རིགས་སྤྱོད་ཡུན་རིང་བའི་ཁྱད་ཆོས་མངོན་ཏེ་བསྒྱུར་ཡོད། ཡང་གྱོན་ཆས་ཀྱི་ཚོང་རྟགས"Gold Lion"ཞེས་པ་ནི་གསེར་གྱི་སེང་གེ་ཞེས་པའི་དོན་ཐད་ཀར་གོ་རྒྱུ་ཡོད་ནའང་རྒྱས"གྷུཀྐྲཧྟ"ཞེས་མ་ཡིག་གི་སྔ་མ་ཐད་སྒྱུར་དང་ཕྱི་མ་སྒྲ་སྒྱུར་བྱས་ཐོག་སྒྲ་སྒྱུར་བའི་ཡིག་འབྲུ"ཀྐྲཧྟ"ཞེས་གྱོན་ཆས་འདིའི་རིགས་གྱོན་ན་རྒྱུ་འཁོར་བའི་ཁ་གཡང་བོས་ནས་འཛད་སྤྱོད་པའི་ཡིད་འགུག་ཐབས་བྱས་ཡོད་པ་རེད། འདི་ལ་རིགས་བསྒྲེས་ནས་ང་ཚོས་ཀྱང་ཨ་རིའི་བཏུང་བའི་ཚོང་རྟགས"Coca-cola"ལ"ཁ་སྐོམ་ཁ་ལོབས"དང་། "Pepsi-cola"ལ"ཕེབས་བསུ་ཁ་ལོབས"། འདག་རྫས་ཀྱི་ཚོང་རྟགས"Safeguard"(ངཱུ༤༾བྱཾ)ལ"བདེ་དགའ"དང་། ཨ་རིའི་པར་ཆས་ཀྱི་ཚོང་རྟགས"Polarod"(བྡྷཱགྷཱེསྤུ)ལ"པར་ལ་རོལ"ཞེས་ལ་སོགས་པ་ལྟར་ཚོང་རྟགས་ལོ་ཙཱའི་སྐབས་སུ། མ་ཡིག་གི་བསྟན་དོན་དེ་འགྱུར་ཡིག་ལ་འཚམ་མི་འཚམ་ཅི་རིགས་ཐམས་ཅད་ཐད་ཀར་དོན་ལྟར་མི་བསྒྱུར་བར། བློ་ཅུང་ཡངས་བོར་ཕྱེས་ཏེ་སྐབས་དང་བསྟུན་ནས། སྒྲ་གཞིར་བཟུང་ཞིང་དོན་གསར་བས་ཁ་གསབ་པ་དང་སྒྲ་དོན་འདྲེས་མར་བསྒྱུར་བའི་ཐབས་འདི་ནང་འདྲེན་བྱས་ན་ཚོང་རྟགས་ལོ་ཙཱར་ཕན་པར་མ་ཟད། ལོ་ཙཱའི་བྱ་འགུལ་སྤྱི་ལའང་མཆོག་ཏུ་སྨན་པར་སེམས།

  གསུམ་པ། ཚོང་རྟགས་ཀྱི་མ་ཡིག་གི་བསྟན་དོན་ལ་འདོར་འཕྲི་གང་འཚམ་བྱས་པའི་སྒྱུར་ཚུལ།

  མི་རིགས་དང་རྒྱལ་ཁོངས་སོ་སོ་བའི་འཚོ་གནས་ཀྱི་རང་བྱུང་ཁོར་ཡུག་མི་འདྲ་བའི་དབང་གིས། དེ་ལས་བསྐྱེད་པའི་ཐུན་མོང་མ་ཡིན་པའི་རིག་གནས་ནི་མི་རིགས་གཞན་པས་དང་དུ་ལེན་དཀའ་བར་འདུག དེས་ན་རིག་གནས་གདོང་ཐུག་ཁྲོད་དུ་ཚོང་ལས་ཀྱི་ཁེ་ཕན་ལ་བསམ་ནས་འཛད་སྤྱོད་པའི་རིག་གནས་ལ་དོ་སྣང་བྱེད་དགོས། དཔེར་ན་རྒྱའི་རིག་གནས་སུ་ཁ་དོག་དམར་བོས་ཞི་རྒྱས་དབང་གྲགས་སོགས་མཚོན་ནའང་དབྱིན་སྐད་དུ་ལོག་སྤྱོད་དང་འཐབ་འཁྲུག འཇིགས་སྐུལ་སོགས་མཚོན་པ་ལྟ་བུ་རེད། དེ་བས་ཚོང་རྟགས་ལོ་ཙཱའི་ཁྲོད་དུ་ངེས་པར་མ་ཡིག་གི་ཞན་ཆ་ལ་འདོར་འཕྲི་གང་འཚམ་བགྱིད་དགོས་པར་འདོད། དེ་མིན་ཐད་ཀར་དོན་ཇི་ལྟར་སྣང་བ་དེ་ལྟར་བསྒྱུར་ན་ཚོང་ལས་ཀྱི་གེགས་སུ་འགྲོ་ངེས།

  གནའི་རོ་མའི་རིག་གནས་ལ་མཚོན་ན། སྒེར་ཚུགས་དང་རང་དབང་རིག་གནས་གྱི་ཤུགས་རྐྱེན་གྱི་དབང་གིས་ཚོང་རྟགས་ཀྱི་མིང་ཡང་ཐུན་མོང་མ་ཡིན་ཞིང་གསར་གཏོད་ཀྱི་ཆ་འབུར་ཏུ་ཐོན་ཡོད་ལ། རང་རྒྱལ་ལ་མཚོན་ན་སྲོལ་རྒྱུན་གྱི་དབང་གིས་ཚོང་རྟགས་དེ་དག་ལ་བཀྲ་ཤིས་ཁ་གཡང་གི་ཚིག་གིས་བརྒྱན་པ་ལས། གསར་གཏོད་དང་སྒེར་ཚུགས་སོགས་ནི་དེ་འདྲའི་གཙོར་འཛིན་མི་སྲིད། གོང་གི་རིག་གནས་ཀྱི་ཁྱད་པར་ལས། ནུབ་ཕྱོགས་སུ་ཤིན་ཏུ་བྲིན་པའི་ཚོང་རྟགས་ཁ་ཤས་ནི་རང་རྒྱལ་དུ་རྐང་ཚུགས་པར་ཤིན་ཏུ་དཀའ་བའི་གནས་སུ་མཐོང་ལ། དེ་བས་ས་གནས་དམངས་ཚོགས་ཀྱི་སེམས་ཁམས་དང་བསྟུན་ནས་དེ་ལ་འདོར་འཕྲི་གང་འཚམ་བྱས་ན། ད་གཟོད་དམིགས་པའི་ཁེ་ཕན་ལ་རེག་ཐུབ་པ་རེད། དཔེར་ན། ནུབ་ཕྱོགས་ཀྱི་སྤོས་ཆུའི་ཚོང་རྟགས"Poison"དང"Midnight Poison"སོགས་ཐད་ཀར་བསྒྱུར་ཚེ་རིམ་བཞིན་དུ"དུག"དང"ནམ་གུང་གི་དུག"སོགས་སུ་འགྱུར་བས་རྒྱ་བོད་མི་རིགས་གང་ཡིན་ཡང་བཀྲ་མི་ཤིས་པའི་དུག་རྫས་དང་དེའི་མིང་གི་ཆ་ཤས་སུ་གྲུབ་པའི་ཚོང་རྟགས་ལ་དགའ་བསུ་ཐོབ་མི་སྲིད་པས། རྒྱས་རིམ་བཞིན་དུ"ཤེཕཎྭི"དང"ཛྱཾཁྺཀྵྃ"སོགས་སུ་བསྒྱུར་བ་ནི་མ་ཡིག་དོན་ལོག་པར་བསྒྱུར་བ་མིན་པར།

  རང་རིགས་ཀྱི་འཛད་སྤྱོད་པའི་འདོད་བློ་དང་བསྟུན་ནས་དང་པོ་ནི་སྒྲ་བསྒྱུར་ཏེ་དོན་གསར་བ་བསྣན་པས་མ་ཡིག་དོན་ཡོངས་སུ་དོར་ཞིང་གཉིས་པ་ནི་ཕྱེད་ཀ་དོན་སྒྱུར་དང་ཕྱེད་ཀ་སྒྲ་སྒྱུར་བྱས་ཏེ་དུག་གི་དོན་མེད་པར་བྱས་པ་རེད།

  མདོར་ན། ཚོང་རྟགས་ལོ་ཙཱའི་དམིགས་ཡུལ་ནི་ཚོང་རྟགས་དེའི་སྐོར་གྱི་ཚོང་རྫས་དག་འགྱུར་ཡིག་གི་སྤྱི་ཚོགས་ཁྲོད་དུ་བྲིན་པར་བྱེད་པ་དེ་ཡིན་པས། ཚོང་རྟགས་ལོ་ཙཱའི་ཁྲོད་དུ་ཚོང་རྟགས་དེ་ཉིད་ཀྱི་གོ་དོན་དང་རིག་གནས་རྒྱབ་ལྗོངས་ལ་གོ་བ་ཟབ་མོ་ལོན་དགོས་པར་མ་ཟད། འགྱུར་ཡིག་གི་རིག་གནས་རྒྱབ་ལྗོངས་ལ་གཞིགས་ཏེ། འགྱུར་ཡིག་ཀློག་པ་པོས་དོན་དེ་ལ་གོ་བ་ཇི་ལྟར་ལེན་པའི་ཕྱོགས་ལ་གཟབ་གལ་ཆེ་བར་མཐོང་ལ། འགྱུར་ཡིག་ཀློག་པ་པོའི་མོས་པ་དང་བསྟུན་ནས་མ་ཡིག་གི་དོན་སྐབས་བསྟུན་གྱིས་བཅོས་སྒྱུར་དང་ཁ་གསབ། འདོར་འཕྲི་གང་འཚམ་བྱེད་པ་ནི་ཐབས་དམ་པར་སེམས་སོ། །

  རྩོམ་པ་པོ། བསོད་ནམས་རྡོ་རྗེ།