ཁུ་ནག་རྒྱུན་འཐུང་བྱེད་མཁན་ན་གཞོན་ཞིག་སྨན་ཁང་དུ་མྱུར་སྐྱོབ་བྱ་དགོས་བྱུང་འདུག

 ཟླ3ཚེས25ཉིན། མི་དམངས་དྲ་བས་པེ་ཅིང་ནས་སྤེལ་བའི་འཕྲིན། ཉེ་ལམ་སྨྱན་བྱེད་ཚན་པ་ཞིག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལོ་ན19ལ་སོན་པའི་ན་གཞོན་རྒྱགས་པོ་ཞིག་གིས་ཁུ་ནག་ཆུ་བཞིན་རྒྱུན་འཐུང་བྱས་མཐརICU(མྱུར་སྐྱོབ་ཁང)ནང་ཉིན་བརྒྱད་རིང་ལ་སྨན་བཅོས་བྱས་རྗེས་ད་གཟོད་སྲོག་ཉེན་ལས་ཐར་ཙམ་བྱུང་བའི་གནས་ཚུལ་སྤེལ་བྱུང་། དེ་ལ་དྲ་གྲོགས་རྣམས་ཀྱིས་ཁུ་ནག་བསྟེན་དྲགས་ན་ཁྲག་མངར་རྒྱུན་ལྡན་གྱི་མི་ལས་ལྡབ14ཇེ་མཐོར་སོང་ནས་གཅིན་སྙི་ཟ་ཁུའི་ནད་དུག་ཕོག་སླ་མིན་དྲིས་པར། མི་དམངས་དྲ་བའི་རྒྱལ་ཁབ་སྟོབས་ལྡན་གླེང་སྟེགས་ཀྱིས་དམིགས་སུ་ཀྲུང་གོའི་དྲ་སྦྲེལ་མཉམ་འབྲེལ་གྱི་རྫུན་གཏམ་ཐེར་འདོན་སྟེགས་བུའི་ཆེད་མཁས་ཨུ་ལྷན་གྱི་ཁོངས་མི། ཁུའོ་ཞིན་བཟའ་ཆས་དང་བདེ་ཐང་ཆ་འཕྲིན་བརྗེ་སྤེལ་ལྟེ་གནས་ཚན་རིག་ལག་རྩལ་པུའུ་ཡི་ཀྲུའུ་རེན་རུན་ཀོང་ཧྥེང་ལ་བཅར་འདྲི་བྱས་པ་གཤམ་གསལ་ལྟར།

གཅིན་སྙི་ཟ་ཁུའི་ཐཱོང་ནད་སྐྱུར་དུག་ནི་གཅིན་སྙི་ཟ་ཁུའི་ནད་པའི་ནད་རྟག་ཅིག་ཡིན་ཞིང་། སྤྱིར་བཏང་ནད་དེ་བྱུང་ཚད་དམའ། རུན་ཀོང་ཧྥེང་གིས་བཤད་རྒྱུར། རྒྱུན་ལྡན་གྱི་མིས་སྤྱིར་བཏང་་གི་གནས་ཚུལ་འོག་ཁུ་ནག་འཐུང་ན་གཅིན་སྙི་ཟ་ཁའི་ཐུང་ནད་སྐྱུར་དུག་ཐད་ཀར་དུ་བྱུང་མི་ཐུབ། ཐེངས་འདིའི་ལོ19ཅན་གྱི་ན་གཞོན་ནད་དཔེ་འདི་མ་གཞི་ནས་གཅིན་སྙི་ཟ་ཁུའི་ནད་ཡོད་ན་ཡང་དེ་སྔ་མ་ཤེས་པའི་རྐྱེན་དབང་གིས་དུས་རྒྱུན་བཟའ་བཏུང་གི་ཁྲོད་ཟ་ཚད་མ་ཟིན་པ་དང་། ཉིན་རྒྱུན་བཟའ་བཏུང་མངར་ཅན་རིགས་སྤྱད་མང་པས་ནད་དུག་འདི་ཕོག་པ་རེད་ཟེར།

2020ལོའི་ཟླ4བར། ཀྲུང་གོའི་ཞིབ་འཇུག་དཔུང་སྡེས་རྒྱལ་སྤྱིའི་རྩེ་རིམ་གསོ་རིག་གི་དུས་དེབBMJསྟེང་ཀྲུང་གོའི་ཉེ་ལམ་གྱི་གཅིན་སྙི་ཟ་ཁུའི་ནད་རིགས་རྟོག་ཞིབ་བྱས་པའི་རྩོམ་ཞིག་བཀོད་འདུག་ལ། རྟོག་ཞིབ་མཇུག་འབྲས་སུ་མངོན་པ་ནི། ཨ་རིའི་གཅིན་སྙི་ཟ་ཁུའི་ནད་མཐུན་ཚོགས(ADA)ཀྱི་བརྟག་དཔྱད་ཚད་གཞི་ལྟར་ན། ཀྲུང་གོའི་དར་མ་ལ་གཅིན་སྙི་ཟ་ཁུ་ནད་ཕོག་ཚད12.8%ཡིན་པ་དང་། ནད་པ་སྤྱིའི་གྲངས་འབོར་ཧ་ལམ་དུང་ཕྱུར1.298(སྐྱེས་པ་ཁྲི7040དང་། སྐྱེས་མ་ཁྲི5940)ལ་སླེབས་པ་དང་། རྐྱེན་གཞན་ལ་བརྟེན་ནས་བྱུང་བའི་གཅིན་སྙི་ཟ་ཁུ་ནད་བྱུང་ཚད35.2%ཟིན་ཞེས་བཀོད་ཡོད་པ་རེད།

ཁྲག་མངར་གྱི་འགྱུར་བ་ལ་དོ་སྣང་ཆེན་པོ་བྱས་ནས་གཅིན་སྙི་ཟ་ཁུའི་ནད་ཕོག་པར་སྔོན་འགོག་ལེགས་པོ་བྱ་དགོས།
རུན་ཀོང་ཧྥེང་གིས། ནད་རིགས་དེའི་ཤེས་བྱ་མེད་ན་ངོས་ཟིན་དཀའ་བས། མི་མང་ཤོས་ཀྱིས་རང་ཉིད་ཀྱི་ཁྲག་མངར་ལ་དུས་རྒྱུན་དོ་སྣང་བྱ་རྒྱུ་ཕར་ཞོག ཁྲག་མངར་ཚོད་འཛིན་དང་། གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱར་གོ་ཐོས་ཙམ་ཡང་མེད་པའི་ཚོད་རེད། མི་མང་དག་ཅིག་གིས་ལུས་ཡོངས་ཐང་ཆད་མ་ཐག་ཐད་ཀར་ཁུ་ནག་འཐུང་ནས་རྣམ་རིག་ཇེ་གསལ་ཏུ་གཏང་རྒྱུར་དགའ། ལྷག་པར་ཁྲག་མངར་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་གཞི་ཡོད་ཀྱང་མ་ཤེས་བའི་ནད་པ་དག་གིས་མ་ཤེས་པའི་དབང་གིས་ལྟོགས་ཙམ་གྱིས་ཟ་མ་མངར་ཅན་རིགས་མང་པོ་ཟ་བ་ཡིན། ཐེངས་འདིའི་ནད་དཔེ་ཡི་གནད་དོན་ཆེ་ཤོས་ནི་གཅིག་རང་ཉིད་མ་གཞི་ནས་གཅིན་སྙི་ཟ་ཁུའི་ནད་ཡོད་པ་མ་ཤེས་པ་དང་། གཉིས་ཉིན་རྒྱུན་དུ་མངར་ཅན་གྱི་ཁུ་ནག་འཐུང་བས་ཡིན། གཅིན་སྙི་ཟ་ཁུའི་ནད་འདི་ལོ་གཞོན་དུ་འགྱུར་བའི་སྣང་ཚུལ་འདི་ལ་དམིགས་ནས་རུན་ཀོང་ཧྥེང་གིས་ཀུན་ལ་ཞུ་དོན།

ཚང་མས་དུས་རྒྱུན་རང་ཉིད་ཀྱི་ཁྲག་མངར་ལ་དོ་སྣང་དང་ལུས་བཤེར་བཟང་བོ་བྱས་ནས་གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་ཡག་པོ་བྱ་དགོས། གལ་སྲིད་ཁྲག་མངར་མཐོ་བ་དང་། གཅིན་སྙི་ཟ་ཁུའི་ནད་ཡོད་པ་ཤེས་ཚེ་ངེས་པར་དུ་འཕྲལ་མྱུར་སྨན་བཅོས་ཀྱི་ཞོར་ལ་མངར་ཟས་རིག་ཚོད་འཛིན་ཅི་ཐུབ་བྱ་དགོས་ཟེར།

“ལུག་སྡོད་སྤྲོ་ཆུ”འཐུང་རྒྱུར་དགའ་བོ་ཡོད་ན་ཤེས་བྱ་འདི་དག་ངེས་པར་དུ་ཤེས་དགོས།
      ཁུ་ནག་གི་མིང་གཞན་ལ“ལུག་སྡོད་སྤྲོ་ཆུ”ཟེར་ཞིང་། རྒྱ་ཆེའི་ན་གཞོན་རྣམས་བཏུང་རྒྱུར་ཧ་ཅང་དགའ། འདི་དུས་ཡུན་རིང་བོར་འཐུང་ན་མིའི་ལུས་ཕུང་ལ་གནོད་པ་གང་དག་འབྱུང་སྲིད་ཅེ་ན།“སྤྱིར་ཐཱན་སྐྱུར་བཏུང་ཆུ་རང་སྟེང་ལ་གནད་དོན་མེད་ཅིང་། གནད་དོན་ཡོད་པ་ནི་དེར་འདུས་པའི་ཀ་ར་ཡིན། ཀ་ར་མེད་པའི་ཐཱན་སྐྱུར་བཏུང་ཆུ་རིགས་ཏེ། མངར་མེད་ཝུ་བ་ཅན་གྱི་བཏུང་ཆུ་དང་། སུའུ་ཏཱ་ཆུ་སོགས་ལྟ་བུ་འཐུང་ན་སྐྱོན་ཆེར་མེད། ཞིབ་འཇུག་ལྟར་ན། དུས་ཡུན་རིང་བོར་ཀ་ར་འདུས་པའི་བཏུང་ཆས་ཚད་ལས་བརྒལ་བ་འཐུང་ན་བདེ་ཐང་ལ་མི་ཕན་པར་མ་ཟད། སོ་རུལ་བ་དང་རྒྱགས་པོ་ཆགས་པའི་ཉེན་ཁ་ཡོད། དེ་མ་ཟད་རྒྱགས་པོ་ཆགས་པ་ལ་བརྟེན་ནས་བྱུང་བའི་ནད་རིགས་གཅིན་སྙི་ཟ་ཁུའི་ནད་དང་། ཁྲག་ཤེད་མཐོ་བའི་ནད། ཁྲག་ཚལ་མཐོ་བའི་ནད་སོགས་ དལ་བའི་རང་བཞིན་གྱི་ནད་འབྱུང་སླ་བ་ཡིན་ཞེས་རུན་ཀོང་ཧྥེན་གྱིས་བཤད།


འོ་ན་ན་གཞོན་རྣམས་ཀྱིས་ཚན་རིགས་དང་མཐུན་པའི་བདེ་ཐང་གི་བཏུང་ཆུ་གང་དག་བཏུང་ན་ལེགས་ཞེ་ན། རུན་ཀོང་ཧྥེང་གིས་འདི་སྐད། ཚང་མས་དུས་རྒྱུན་ཀ་ར་འདུས་པའི་བཏུང་ཆུ་ཉུང་འཐུང་བྱས་ན་བཟང་། དཔེར་ན། ཆུ་ཁོལ་འཁྱག་པོ་དང་། ཇ། གཏེར་ཆུ་སོགས་ཆུའི་རིགས་དང་། ཁུ་ནག་དང་། སིལ་ཁུ། འོ་བཟོས་བཏུང་རྫས། འོ་ཇ་སོགས་ལྟ་བུ་ཉུང་འཐུང་དང་ཡང་ན་རྩ་བ་ནས་མ་འཐུང་ན་ལེགས། ཐ་ན་མངར་རྒྱུ་རིགས་འདུས་པའི་སིལ་ཁུ་དག་མ་ཡང་དེ་ལྟ་ཡིན། གལ་སྲིད་འཐུང་འདོད་ཆེས་ཆེར་བྱུང་ན་ཉིན་རེར་ཁེ50ལས་མི་བརྒལ་བ་དང་ཁེ25ནང་ཚོད་འཛིན་བྱས་ན་བཟང་ཞེས་ཤ་ཚའི་དྲན་སྐུལ་གནང་བྱུང་།

ཁོན་ཐར་འཚོས་བསྒྱུར།