Android 6.0མ་ལག་ཏུ་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་ཉར་གྲབས་ཡོད་པ།


iOS、Android、WPཞེས་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་ཆེན་པོ་གསུམ།

   iOS、Android、WPཞེས་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་ཆེན་པོ་གསུམ་གྱི་སྟོབས་ཆེ་ཆུང་དེ་ཕལ་ཆེར་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་ཡོད་མེད་ཀྱི་ཁྱད་པར་ཞིག་ལ་རག་ལས་པ་མ་ཡིན་ནམ་སྙམ་བྱུང་། སྔོན་ཆད་མི་ལ་ལས་སྣང་ངོར་བོད་པ་མང་ཤོས་ཀྱིས་ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་སྤྱོད་དགའ་བ་ནི་ཁོང་ཚོར་དངུལ་ལོར་མང་པོ་ཞིག་ཡོད་པ་མིན་འགྲོ་བསམ་བཞིན་འདུག། དོན་དངོས་ལ་དེ་ལྟ་མ་ཡིན་པར། ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་ཁ་པར་ལ་མཚོན་ན་རིན་གོང་མཐོ་ཡང་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་རང་སོར་ཉར་ཡོད་པས་སྤྱོད་བདེ་བོ་ཡོད། བལྟས་འཇོག་གིས་Android)ཡི་ལག་འཁྱེར་ཁ་པར་ནི་རིན་དམའ་ཡང་། བོད་ཡིག་ཡིག་གཟུགས་དང་གཏག་ཐབས་སྤྱོད་བདེ་བོ་མེད་པས་ཀུ་ཤུ་རྟགས་ཅན་ལ་དགའ་པོ་བྱུང་བ་དེ་དོན་རེད། ཟླ12པའི་ཚེས10ཉིན། འབྲུག་ཡུལ་གྱི་རྫོང་ཁ་གོང་སྤེལ་མཐུན་ཚོགས་ཀྱི་དྲ་ཚིགས་སྟེང་ Android6.0ཀྱིས་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་ཉར་ཡོད་སྐོར་གྱི་གསར་འགྱུར་ཞིག་བསྒྲགས་འདུག་ལ། དེ་ནི་དངོས་ནས་བོད་ཡིག་སྤྱོད་མཁན་དང་ཨན་དྲོར་མ་ལག་ལ་མཚོན་ན་གཏམ་བཟང་ཞིག་ཡིན་པ་གོར་མ་ཆག །

  གནས་ཚུལ་གཞན་ཞིག་ནི་སན་ཞིན་རྟགས་ཅན་གྱི་མ་ལག་ཁོངས་གཏོགས་ཀྱི་Galaxyཁ་པར་གྱིས་ས་ལོར་ Android6.0གཅིག་གྱུར་ཐོག་རྒྱ་ཁྱབ་ཀྱིས་རིམ་འཕར་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག ཡིན་ཡང་ཕྱི་ཕྱོགས་གསར་ལམ་གྱིས་གནས་ཚུལ་ལ། Galaxy S6ཅན་དང་། Galaxy Noteཅན་ཚུད་པའི་མ་ལག་ཁག་ཅིག་སང་ལོའི་དུས་ཚིགས་དང་པོར་རིམ་འཕར་བྱ་སྐོར་ཕྱིར་བསྒྲགས་ཡོད།

  ད་སྔ་འཛམ་གླིང་ཡོངས་སུ་གྲགས་པའི་ཁ་པར་གྱི་མ་ལག་ཆེན་པོ་གསུམ་ནི་ཀུ་ཤུའི་IOSདང་། ཀུ་ཀོའི་Android ཝེ་རུན་གྱི་Windows Mobile 10བཅས་ཏེ་ཚང་མར་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་ཡོད་ལ། མ་ལག་ཆེན་པོ་དེ་གསུམ་གྱིས་འཛམ་གླིང་གི་ཁ་པར་ཚོང་རའི་བརྒྱ་ཆའི་99.3ཟིན་ཡོད། དེ་ཡང་ང་ཚོ་རྒྱལ་ནང་ནས་བཟོས་པའི་ཁ་པར་ཧྭ་ཝེ་དང་། ཞའོ་མི། SmartisanT1 མེ་ཙུའུ། དབྱི་ཅ། ཁུ་ཕའེ་སོགས་ཁ་པར་གྱི་ཚོང་རྟགས་གྲགས་ཅན་དང་རྒྱལ་སྤྱིའི་ཐོག་གི་སན་ཞིན་དང་། སུའོ་ནེ་སོགས་རིག་ནུས་ལག་འཁྱེར་ཁ་པར་གཞན་དག་བཅས་བརྒྱ་ཆའི་80ཡན་གྱིས་Androidམ་ལག་སྤྱོད་པ་རེད། ཐེངས་འདིའི་Android6.0ནང་བོད་ཡིག་དང་གཏག་ཐབས་ཉར་བར་མཚོན་ན་ནི་བོད་ཡིག་ཆ་འཕྲིན་ཅན་འགྱུར་གྱི་ལམ་ཚད་རྡོ་རིང་ཞིག་ཏུ་ངེས་ཕྱིར། རྗེས་མ་བོད་རིགས་འཛད་སྤྱོད་མཁན་གྱིས་Androidམ་ལག་གི་ལག་འཁྱེར་ཁ་པར་ཉོ་སྐབས་བོད་ཡིག་ཆ་ཚང་འཆར་མི་ཐུབ་པ་ལ་སོགས་པའི་དཀའ་ངལ་ཡོང་མི་སྲིད། ཡིད་འཇོག་བྱ་རྒྱུ་ཞིག་ནི། རྗེས་མ་བོད་ཡིག་གཏག་ཐབས་ཡོད་པའི་ལག་འཁྱེར་ཁ་པར་ཉོ་སྒྲུབ་བྱེད་དུས། སྔོན་ལ་འཛད་སྤྱོད་པས་ཁ་པར་གྱི་ཇུས་སྒྲིག་ནང་མ་ལག་གི་པར་མའི་སྐོར་ལ་རྩད་འདྲི་དང་ཞིབ་ལྟ་གསལ་བོ་བྱས་ན་ལགས།

  ལོ་ཙཱ་བ། ཁོན་ཐར་འཚོ།